གསར་འབྱོར་གསེར་གྱི་དཀོན་རེད།

འདོན་སྤེལ། ༢༠༡༣/༠༦/༣༠

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༩༥ སྟེང་གི་རྩོམ་སྒྲིག་པའི་གཏམ།

ལྷ་སའི་རྡོ་ཅལ་ཐང་ན།། ཕ་ཡུལ་ཕྱོགས་ཀྱི་མཇལ་བ།། རིན་ཆེན་གསེར་གྱི་དཀོན་རེད།། ཁ་སང་དེ་རིང་ངྷ་སའི་སྣེ་ལེན་ཁང་དང་གསོག་སྒར་སློབ་གྲྭ་མཐོང་ན་ཁམས་དང་ཨ་མདོའི་དམངས་གཞས་ཤིག་དྲན་ཡོང་གི་འདུག ངྷ་སའི་སྣེ་ལེན་ཁང་ན།། ཕ་ཡུལ་བོད་ཀྱི་གསར་འབྱོར།། རིན་ཆེན་གསེར་གྱི་དཀོན་རེད།།

        ངེད་དུས་བབ་ཀྱི་གསར་འགོད་པ་དབུས་སྣེ་ལེན་ཁང་དུ་བསྐྱོད་དེ། སྣེ་ལེན་འགན་འཛིན་སོགས་ལ་བཅར་འདྲི་བརྒྱུད་གསར་འབྱོར་བའི་གནས་སྟངས་སྐོར་ལ་རྒྱུས་ལོན་བྱས་ཡོད། ཉིས་སྟོང་བརྒྱད་ཚུན་ལ་བོད་ནས་ཕེབས་མཁན་ཇེ་ཉུང་དུ་ཕྱིན་ཡོད་པ་དང་། ད་ལོར་འདས་པའི་ཟླ་ངོ་དྲུག་བདུན་ནང་མི་སུམ་ཅུ་ཁ་གྲངས་ལས་འབྱོར་མི་འདུག ཕྱི་ཟླ་དྲུག་པ་ཧྲིལ་བོར་སྣེ་ལེན་ཁང་རྦད་དེ་སྟོང་བར་བསྡད་པ་ཡིན་ཟེར། བལ་ཡུལ་སྣེ་ལེན་ཁང་དུ་ཡང་མི་བརྒྱད་དགུ་ཞིག་ལས་ཡོད་ཚོད་མི་འདུག སྣེ་ལེན་འགན་འཛིན་ལགས་ཀྱི་བསྡུར་ཚད་ལྟར་ན། ཉིས་སྟོང་བརྒྱད་སྔོན་གྱི་ལོ་གཅིག་གི་གསར་འབྱོར་བའི་གྲངས་ཀ་དེ་ཉིས་སྟོང་བརྒྱད་རྗེས་ཀྱི་ལོ་ལྔ་ལས་ཉུང་བ་ཆགས་འདུག

        གནད་དོན་དེའི་ཐོག་ཡོངས་གྲགས་སུ་ཉིས་སྟོང་བརྒྱད་ལོའི་ཞི་རྒོལ་ཆེན་མོ་ནས་བཟུང་རྒྱ་གཞུང་གིས་བོད་ས་ཡོངས་ལ་དམ་དྲག་བྱས་ཏེ་བོད་མི་ཚོ་འགུལ་བསྐྱོད་ཙམ་ཡང་རྒྱག་ཐུབ་ཀྱི་མེད་པ་དང་། ལྷག་པར་དུ་ས་མཚམས་ཁག་ཏུ་དམག་མིས་དམ་དྲག་ཆེ་རུ་བཏང་བའི་རྐྱེན་གྱིས་ཡིན་ཚུལ་བཤད། བཤད་སྟངས་འདི་ཞི་ལས་སྒྲོལ་མ་འདོན་པར་གོམས་པའི་སྤྱི་འགྲོས་ཤིག་རེད། ཉིས་སྟོང་བརྒྱད་ཡར་སྔོན་གྱི་གསར་འབྱོར་བ་ཚོ་ལམ་བར་ནས་དཀའ་ངལ་སྐུ་ཚེགས་མེད་པར། རང་ཁྱིམ་ནས་རྒྱ་གར་བར་བག་ཕེབས་ངང་འབྱོར་བ་མིན་ལ། ཡིག་ཆ་སྣ་གཅིག་མེད་པར་རི་བྲག་ནགས་གསུམ་བརྒལ་ནས་ཡོང་མཁན་རྐྱང་རྐྱང་ཡང་དེས་བས་ཀྱང་མིན།

        ངས་སོ་སོར་རྒྱུས་མངའ་ཡོད་ས་ནས་བཤད་དགོས། ཉིས་སྟོང་ལྔ་དྲུག་ལོར་གསོག་སྒར་སློབ་གྲྭའི་ནང་སློབ་མ་བརྒྱད་བརྒྱ་ལྷག་ཡོད། དེ་ནི་སློབ་གྲྭའི་ལོ་རྒྱུས་ཐོག་གི་སློབ་མ་མང་ཤོས་ཀྱི་དུས་ཚོད་ཅིག་རེད། སྐབས་དེའི་སློབ་མ་མང་ཆེ་བ་རྒྱ་ནག་གི་ཕྱི་སྐྱོད་ལག་ཁྱེར་བརྒྱུད་དེ་ཡོང་མཁན་རེད། དེའི་རྗེས་སུ་རྐང་ཐང་ལ་རི་ཐང་བརྒྱབ་ནས་ཡོང་མཁན་སྔར་ལས་ཇེ་ཉུང་དང་ཡིག་ཐོག་ནས་རླངས་འཁོར་བརྒྱུད་ནས་ཡོང་མཁན་ཇེ་མང་དུ་ཕྱིན་ཡོད། གནས་ཚུལ་འདིས་དོན་དག་ཅི་ཞིག་གསེད་བཀྲོལ་བྱས་ཡོད་ཟེར་ན། རྒྱ་གཞུང་གིས་བོད་སར་དམ་དྲག་དང་ས་མཚམས་བརྟན་སྲུང་གི་ཕྱི་དོན་ལས། བོད་ཐོག་ལག་བསྟར་བྱེད་ཀྱིན་པའི་ནང་ལོགས་ཀྱི་སྲིད་ཇུས་ཤིག་གི་སྣེ་མོ་སྟོན་བཞིན་ཡོད།  

        བསམ་བློ་ཞིབ་ཚགས་ཀྱིས་གཏོང་དགོས། དོན་དག་དངོས་གནས་དེ་གླེང་དགོས། བོད་ནས་ཡོང་མཁན་ཇེ་ཉུང་དུ་ཕྱིན་པར་རྒྱུ་མཚན་གསུམ་ཡོད། དང་པོ། བོད་ནང་གི་མི་འབོར་ཇེ་ཉུང་དུ་འགྲོ་བཞིན་ཡོད། ཉིས་སྟོང་ལྔ་དྲུག་ནང་ཡོང་མཁན་དེ་དག་ལོ་རབས་བརྒྱད་ཅུའི་ནང་སྐྱེས་པ་ཤ་སྟག་རེད། ལོ་རབས་དགུ་བཅུ་ཙམ་ནས་རྒྱ་གཞུང་གིས་སྐྱེ་སྒོ་འགོག་པའི་ལས་གཞི་སྣ་ཚོགས་སྤེལ་ཡོད། གཉིས་པ། བོད་ནང་དཔལ་འབྱོར་དང་སློབ་སྦྱོང་གོ་སྐབས་སྔར་ལས་ལྡབ་འགྱུར་གྱིས་ཇེ་བཟང་དུ་ཕྱིན་ཡོད། ཕྱི་སྐྱོད་ལག་འཁྱེར་ཇེ་དམ་དུ་བཏང་བ་དང་ལམ་ཁ་ཁག་ཇེ་དོག་ཏུ་ཕྱིན་པ་སོགས་ནི་རྒྱུ་མཚན་གསུམ་པར་བགྲང་ཆོག་པར་སྙམ།

        འདི་ནས་ཀྱང་རྒྱ་གཞུང་གི་བྱེད་བབ་ལ་གཞིཊ་ཏེ་ཆུ་མ་ཡོང་གོང་གི་རཊ་དང་དགྲ་མ་ཡོང་སྔོན་ལ་མཚོན་ཞིག་མ་བརྡར་ཚེ། བོད་མི་གསར་འབྱོར་བ་ཚོ་ཕྱིར་བོད་ནང་ལོག་དགོས་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་འདིའི་འོག རང་འགུལ་ཐོག་ལོག་པ་དང་རྒྱ་གཞུང་གི་བསླུས་པ་གང་རུང་བརྒྱུད་ད་ལྟ་ཡོད་བཞིན་པ་དག་ཀྱང་རྫོཊ་ཉེན་འདུག བོད་ཕྱི་ནང་བར་གྱི་འགྲོ་འོང་ཆད་ན་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་སྤྱི་ཚོཊ་ལ་གནོད་སྐྱོན་ཆེན་པོ་ཐེབས་མིན་གང་ལྟར་ཡང་། ཆབ་སྲིད་ཀྱི་ངོས་རྒྱང་ནས་གླེང་ན་བོད་ནང་གི་བོད་མི་ཕྱི་ལོཊ་ལ་བཙན་བྱོལ་ལམ། བོད་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ནང་སྐྱབས་བཅོལ་ཞུ་མཁན་ཇེ་ཉུང་དུ་ཕྱིན་པ་རེད་ཟེར་དགོས།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply