འཛམ་གླིང་་གི་པར་རིས་གསར་འགྱུར།

ལོ་རེར་བཞིན་རྒྱལ་སྤྱིའི་ས་ཁམས་ཚན་རིག་ (nationalgeographic) ཚན་པས་འཛམ་གླིང་ཡོངས་ཁྱབ་ཀྱི་པར་རིས་འགྲན་བསྡུར་ཐེངས་ཤིག་བྱེད་བཞིན་པ་ལྟར། ད་ལོའི་པར་རིས་འགྲན་བསྡུར་དེ་ཟླ་སྔོན་མའི་ཚེས་ ༡༦ ཉིན་རྒྱལ་སྤྱིའི་ས་ཁམས་ཚན་པའི་དྲ་བ་བརྒྱུད་དེ་འགྲེམས་སྤེལ་བྱས་ཡོད་པ་དང་། འཛམ་གླིང་ཁྱོན་ཡོངས་ནས་འགྲན་བསྡུར་ནང་ཞུགས་པའི་པར་རྣམས་ལས་རང་བྱུང་ཁམས་ཀྱི་སྣང་བརྙན་དང་གྲོང་ཁྱེར་གྱི་རྣམ་པ། མི་སྣ་སོགས་ཀྱི་པར་ཁྱད་དུ་འཕགས་པ་ ༥༡ བདམས་བཀོད།

ཨ་རིའི་ལྷོ་ཁུལ་གྱི་པཱ་ཊཱ་གྷོ་ནཱེ་(Patagonia)རུ་ཆགས་པའི་རྡོ་ཀ་མ་རུའི་བྲག་ཕུག
པར་བ། ཁཱི་ལཱན་གྷེ་སཱལ། (Clane Gessel)
སྡེ་ཚན། རང་བྱུང་ཁམས།

ཉི་ཧོང་གི་མེའུ་མཚོ་གླིང་། དགུན་ཁའི་ཞོགས་པ་ཞིག་ལ་ཉི་མའི་འོད་ཟེར་རྡོ་བའི་ངོས་སུ་འཕྲོས་ཤིང་། ཞི་འཇམ་སྣང་བརྙན་གྱི་རྡོ་དེ་དག་གིས་ཉི་ཧོང་བའི་ལྷ་ཨཱ་ཛཱ་ནཱ་གྷེ་དང་ཨཱ་ཛཱ་ནཱ་མེ་(Izanagi)་(Izanami)ཡི་འདུས་ཚོགས་མཚོན་པར་བཤད།
པར་བ། ཡོ་ཨཱ་ཝཱ་ཊཱ།་(You Iwata)
སྡེ་ཚན། རང་བྱུང་ཁམས།

ཧུན་རྡུ་ནེ་ཤི་ཡའི་རྗར་ཁཱར་ཊཱ་གྲོང་ཁྱེར་གྱི་ཁ་ཆེའི་ལྷ་ཁང་ནང་དུ་ཁ་ཆེ་ཚོའི་ཟླ་གཅིག་ནང་གི་རཱ་མཱ་དྷན་(Ramadan)དུས་ཆེན་སྐབས་ཀྱི་བུད་མེད་ཚོས་གསོལ་སྨོན་འདུས་ཚོགས། ལྷོ་ཤར་ཨེ་ཤ་ཡའི་ཆེས་ཆེ་བའི་ཁ་ཆེའི་ལྷ་ཁང་།
པར་བ། པིར་དྷེབ་རཱ་རྗཱ།(Pradeep Raja)
སྡེ་ཚན། མི་མང་།

མཁའ་ནས་མཐོང་བའི་མཚོན་མདངས་སྣ་ཚོགས་ཀྱི་གཞུང་ལམ། དབྱིན་ཇིའི་ཧཱམ་ཕི་ཤིར་(Hampshire)ས་ཆ།
པར་བ། མཱ་ནེ་ཤཱི་མཱམ་ཊཱ་ནེ།(Manish Mamtani)
སྡེ་ཚན། རང་བྱུང་ཁམས།

ནོར་ཝེ་རྒྱལ་ཁབ་ཀྱི་ལོ་ཧྥོ་ཊིན་(Lofoten)ས་ཆའི་སྤྱི་གླིང་མཛེས་ལྗོངས།
ཕར་བ། སར་གྷེ་ལོ་ཁཱན་ཀཱོན།(Sergey Lukankin)
སྡེ་ཚན། རང་བྱུང་ཁམས།

རྒྱ་གར་གྱི་ཡཱ་མོ་ནཱ་གཙང་པོ་དེ་རྒྱལ་ས་ལྡི་ལིར་སླེབས་པ་དང་ཧ་ཅང་འབག་བཙོག་ཅན་ཆགས་ཤིང་། འདམ་ཁུ་དང་མི་གཙང་བའི་དྲི་ངན་གྱིས་ཁྱབ་ནས་ཡོད། ཡཱ་མོ་ནཱ་གཙང་པོ་དེ་རྒྱ་གར་གྱི་ཆུ་མོ་གངྒའི་རྗེས་ཀྱི་གཙང་པོ་བྱིན་རླབས་ཆེ་ཤོས་དེ་ཡིན། མཐའ་འཁོར་གྱི་ཡུལ་མི་ཚོས་མི་ཚེ་གང་བོར་ཁོ་ཚོའི་ཉིན་རེའི་འཁྲུས་ལ་རོལ་བཞིན་ཡོད།
ཕར་བ། ཡོ་གྷེ་ཤི་གྷོབ་ཊཱ། ( YOGESH GUPTA)
སྡེ་ཚན། རང་བྱུང་ཁམས།

ཨོ་ཤི་ནི་(Ohsh)ཉི་ཧོང་གི་ཊཱ་དཱ་མེ་(Tadami)གཙང་བོའི་ཁར་ཆགས་པའི་གྲོང་སྡེ་ཞིག་ཡིན་ཞིང་། ཉི་ཧོང་བས་ས་ཆ་དེ་ནི་རང་བྱུང་ཁམས་སྤྱི་གླིང་ཞིག་ཏུ་བདམས་ཡོད་པ་ལས་དེང་རབས་ཀྱི་འཛུགས་སྐྲུན་ཡར་རྒྱས་གཏོང་ས་བྱེད་ཀྱི་མེད།
པར་བ། ཊཱ་རོ་ཨ་རེ་ཡཱ། (Teruo Araya)
སྡེ་ཚན། རང་བྱུང་ཁམས།

ལྗང་མདོག་གི་རྫིང་བུ་དང་སྐར་མ་འཁྱུག་པའི་ནམ་མཁའ།
པར་བ། ནཱ་ཨོ་ཨ་ཀེ་མོ་ཊོ།(Nao Akimoto)
སྡེ་ཚན། རང་བྱུང་ཁམས།

རྦབ་ཆུ་ལྟར་རྒྱུག་བཞིན་པའི་སྨུག་སྤྲིན།
པར་བ། དྷ་སོ་ཀེ་མཱ་ཚོ། (Daisuke Matsui)
སྡེ་ཚན། རང་བྱུང་ཁམས།

གྲོག་ཤིང་གིས་གཡོག་ཅིང་མཛེས་ཤིང་ཡིད་དུ་འོང་བའི་ཆུ་ཕྲན་རྒྱུ་བའི་ཉི་ཧོང་གི་ཡོ་ཁོ་ཤི་མ་གླིང་ཕྲན།(Yakushima)
པར་བ། ཊཱོ་སོ་ཡཱ་ཧོ་སོ་ཀཱ་ཝ། (Tetsuya Hosokawa)
སྡེ་ཚན། རང་བྱུང་ཁམས།

ངས་ས་གནས་འདི་ལོ་ངོ་དྲུག་གི་གོང་ནས་པར་ལ་འདེབ་འདོད་སྐྱེས་ནས་སྒུག་པ་ཡིན། ངས་དེའི་སྔོན་ནས་ཐེངས་མང་ལ་པར་དུ་གདབ་དགོས་བསམ་ཡང་ས་གནས་དེ་རྙེད་མ་སོང་། མཐའ་མར་ངས་ས་གནས་དེ་རྙེད་མ་ཐག་ཁ་ཐུག་གིས་སོང་ནས་པར་བརྒྱབ་པ་ཡིན།
པར་བ། ཨན་དྷ་རཱེ།(Andrei D)
སྡེ་ཚན། གྲོང་ཁྱེར།

པོ་ལེ་ནེ་ཤི་ཡཱའི་(polynesia)ཏོན་གྷ་(Tonga)ས་ཆ། རང་དབང་གིས་ཆུའི་གཏིང་རིམ་ཉུལ་བ། ཉ་ཚོགས་ཀྱིས་ཁྱོད་ལ་ངོ་མཚར་བའི་གར་སྟབས་བསྒྱུར།
པར་བ། མཱར་ཁི་ཧེ་ནོ་རོར། (Marc Henauer)
སྡེ་ཚན། རང་བྱུང་ཁམས།

ཧུན་རྡི་ཉེ་ཤི་ཡའི་བྷི་རོན་རི་བོའི་འབར་གས་ནི་ཆུང་ཆུང་ལས་མེད་ན་ཡང་ནུས་པ་ཤིན་ཏུ་ཆེ། ༢༠༡༦ ལོའི་འབར་གས་བྱུང་སྐབས་ང་རང་དེ་གར་ཡོད།
པར་བ། རེ་ནོལ་དྷི་དྷེ་ཝན་ཊཱ་རཱ།(Reynold Dewantara)
སྡེ་ཚན། རང་བྱུང་ཁམས།

༡༩༥༠ ལོ་ཁོ་བྷ་(Cuba)བརྒྱུད་ནས་འགྲུལ་བཞུད་བྱས། ང་ཚོ་(Camagüey)གྲོང་ཁྱེར་རམ་རླུང་གི་སྲང་ལམ་བརྒྱུད་དུས། ཨ་རིའི་བཟོ་དབྱིབས་ཅན་གྱི་འགྲུལ་སྐྱེལ་རླངས་འཁོར་སེར་པོ་ཞིག་གིས་(Chevrolet)སུ་ཞིག་གི་ལུགས་ལྟར་རྒྱུག་བཞིན་པ།
པར་བ། ལོ་རེན་ནེ་ཡཱབ། (Lorraine Yip)
སྡེ་ཚན། རང་བྱུང་ཁམས།

དངོས་མཐོང་གི་བདེན་དཔང་པ་ཆུང་ཆུང་། འདི་ནི་ ༢༠༡༦ ལོའི་ཟླ་ ༡༢ པའི་ནང་ཉི་ཧོང་གི་ནཱ་གྷེ་(Nagano)སྤྱི་གླིང་ནས་པར་བརྒྱབ་པ་ཡིན། གྲང་ངར་ཆེ་བའི་དགུན་དུས་ཤིག་ལ་སྤྲེའུ་ཚོས་ཕན་ཚུན་མཉམ་འདུས་ཀྱིས་དྲོད་ཁོལ་འཚོལ་བཞིན་འདུག ང་ག་ལེར་གོམ་སྟབས་ཡང་མོས་ཕར་སོང་ནས་སྤྲེའུ་ཚོར་པར་རྒྱག་སྐབས་སྤྲེའུ་ཕྲུག་གིས་ཨ་མའི་པང་ནས་པར་ཆེ་ལ་ཅེར་ནས་འདུག
པར་བ།ཧེ་དྷེ་ཊོ་ཤི་ཨོ་གྷཱ་ཊཱ། (Hidetoshi Ogata)
སྡེ་ཚན། རང་བྱུང་ཁམས།་

ཨེ་ཤ་ཡའི་ཆེས་མཐོ་བའི་ཚོང་འབྲེལ་ཁང་བརྩེགས། པར་འདི་རྒྱག་པར་ལས་ཁུངས་བཀའ་འཁྲོལ་ཞུས་ནས་བདེ་འཇགས་ཡོ་ཆས་ཁུར་ནས་སོང་བ་ཡིན། ང་ཁང་བརྩེགས་ཀྱི་ངོས་སུ་རང་ངོས་ནས་འཛེགས་པ་ཡིན། ཁྱོད་རང་ཁང་བརྩེགས་མཐོ་བོ་འདི་ལྟ་བུའི་སྒང་ལ་འཛེགས་ནས་མར་བལྟས་ན། ཁྱེད་ཀྱི་ཞབས་འོག་ནི་འཛམ་གླིང་གཞན་ཞིག་ཏུ་མཐོང་བ་དང་། དེ་ཡིས་ཁྱོད་ལ་འཇིགས་སྣང་གི་ཚབ་ཏུ་ཞི་འཇགས་ཀྱི་ཚོར་སྣང་ཞིག་སྟེར།
པར་བ། ཨལ་བྷལ་ཊི་དྷ་རོ་སི།( Albert Dros)
སྡེ་ཚན། རང་བྱུང་ཁམས།

ཉི་ཧོང་གི་ཧྥ་ཁོ་ཤི་མའི་མཱེ་ཤི་མཱ་(Mishima)ས་ཆ། ཉི་ཧོང་བའི་ཟླ་ ༢ པའི་མེ་ཕུང་དུས་སྟོན། མེ་ཕུང་དུས་སྟོན་ནི་ཉི་ཧོང་བའི་ཞིང་ལས་དང་ནང་མིའི་འཕྲོད་བསྟེན་སོགས་ལ་གནོད་སྐྱེལ་མཁན་ལས་གཡོལ་ཆེད་གསོལ་སྨོན་བྱས་ཏེ་ཤིང་དང་རྩ་སོགས་མེ་ལ་བསྲེགས་པའི་དུས་སྟོན་ཞིག་ཡིན།
པར་བ། ཊཱ་རོ་ཨ་རེ་ཡཱ།(Teruo Araya)
སྡེ་ཚན། རང་བྱུང་ཁམས།

པར་འདི་ནི་རྒྱ་ནག་གི་གནའ་བོའི་གྲོང་སྡེ་ཇུ་ཅན་(Jujing)ཞེས་པ་ནས་བཏབ། ཅི་ཅན་ནི་རྒྱ་ནག་གི་གྲོང་སྡེ་ཆེས་གོར་མོ་ཅན་ཞིག་ཡིན། པར་འདི་ལོ་སྔོན་མའི་རྒྱ་ནག་གི་ལོ་གསར་སྐབས་གྲོང་སྡེ་དེའི་སྲོལ་རྒྱུན་འབྲུག་བྲོ་འཁྲབ་བཞིན་པའི་རྣམ་པ་རེད།
པར་བ། ཧོ་ཙོ།(Hua Zhu)
སྡེ་ཚན། གྲོང་ཁྱེར།

པར་འདི་འབར་མའི་བྷ་གྷན་(Bagan)ཏུ་ཉི་ནུབ་ཀྱི་དུས་སྐབས་ཤིག་ལ་བཏབ།
པར་བ། ཧྥེ་ལེབ་ཀཱརེན་རྫཱ།(Felipe Carranza)
སྡེ་ཚན། རང་བྱུང་ཁམས།

རྣམ་པར་བཞད་པའི་སེའུ་ལྡོག་འཕྲོས་སུ་སྣང་བ།
པར་བ། ཧེ་རོ་ཤི་ཊཱ་ནེ་ཊཱ། (Hiroshi Tanita)
སྡེ་ཚན། རང་བྱུང་ཁམས།

ཉི་ཧོང་གི་གྷེ་ཧྥོ་(Gifu)གྲོང་ཁྱེར་གྱི་རྒྱལ་ཁབ་རིམ་པའི་ཁང་བརྩེགས། དེ་ནི་ཧ་ཅང་མཚོན་མདངས་བཀྲ་བ་ཞིག་ཡིན་ན་ཡང་། དེ་ནི་ཆེས་སྤྱིར་བཏང་བའི་ཁང་པ་དང་སྤྱིར་བཏང་བའི་མི་མང་གི་སྡོད་ཁང་ཡིན།
པར་བ། ཏེ་སོ་ཡཱ་ཧཱ་ཧཱེ་མོ་ཊོ།(Tetsuya Hashimoto)
སྡེ་ཚན། གྲོང་ཁྱེར།

ང་རང་དཔྱིད་དཔལ་གྱི་དུས་ཚིགས་ལ་རོལ་མྱོང་བྱེད་དུ་བསྐྱོད་སྐབས། བྱེའུ་དག་གིས་ཀྱང་ཞིམ་མངར་ལྡན་པའི་མེ་ཏོག་གི་བཅུད་ལ་རོལ་བཞིན་འདུག ཉི་ཧོང་གི་ཨོ་ཁཱ་ཡཱ་མཱ(Okayama)མཛེས་ལྗོངས།
པར་བ། ཧེ་ཡཱ་ཤི་དྷཱ་མཱ་སཱ་ཡོ་ཤི(Hayashida Masayoshi)
སྡེ་ཚན། རང་བྱུང་ཁམས།

བྱང་མཐའི་ཤ་བ་ ༣༥༠ ལྷག་ཅིག་ས་ཆ་གཅིག་ནས་གཅིག་ལ་གནས་སྤོ་བྱེད་བཞིན་པ། ང་ཚོའི་དམིགས་ཡུལ་དེ་ཁོ་ཚོ་ནུབ་གྱི་རྩ་ཐང་ཕྱོགས་སུ་དེད་ནས་སོ་དྷན་(Sweden)ནང་དུ་རྒྱུ་བཞིན་པའི་གཙང་བོ་དང་འབྲེལ་ཐབས་བྱེད་འདོད་པ་ཡིན།
པར་བ། ཨཱ་དམ་ཀོ་ནཱན་ཧཱམ་ཝ་ཋི།(Adam Cunningham-White)
སྡེ་ཚན། རང་བྱུང་ཁམས།

མེ་རྩེད་པས་ལྗིད་ཚད་སྤྱི་རྒྱ་ ༣ ཙམ་ཡོད་པའི་ཤོག་སྦག་བཀད་བཞིན་པ། མེ་རྩེད་ཀྱི་ཡོ་ཆས་ཚང་མ་དུས་སྟོན་འཛུལ་ཞུགས་པ་ཚོ་རང་གིས་བཟོས་པ་ཡིན། ལོ་ངོ་ ༤༠༠ ལྷག་གི་ལོ་རྒྱུས་ལྡན་པའི་འདྲེ་གདོན་འདུལ་བའི་མེ་ཡི་དུས་སྟོན། ཡིན་ན་ཡང་། དེ་ནི་ཆེས་འཇིགས་སུ་རུང་བའི་དུས་སྟོན་ཞིག་རེད།
པར་བ། ཧེ་དྷེ་ནོ་བྷོ་སོ་ཛོ་ཀེ(Hidenobu Suzuki)
སྡེ་ཚན། མི་སྣ།

ངོ་བོ་དབྱེར་མེད་ཀྱི་ཧོང་གོང་། རྣམ་པ་མི་འདྲ་བའི་བྱེའུ་སྐད།
པར་བ། ལེ་སི་ཊཱར་ལོའུ།(Lester Lau)
སྡེ་ཚན། རང་བྱུང་ཁམས།

ཆེས་གནའ་སྲོལ་དང་ངལ་དུབ་ཆེ་སའི་ཨེ་ཐོ་པེ་ཡོ(Ethiopia)རྒྱལ་ཁབ་ཀྱི་ཚོང་ལམ། ཁོ་ཚོས་ཚ་ཡི་གཏེར་ཁ་དེ་ད་དུང་སྲོལ་རྒྱུན་གྱི་ཚོང་སྲོལ་ལྟར་རྔ་མོང་ལ་བཀལ་ནས་ཕར་ཉིན་རྒྱུན་བསྐྱེལ་ཚོང་བྱེད་བཞིན་ཡོད། ཡིན་ན་ཡང་། མི་རིང་བར་དྷ་རྗེ་བྷོ་ཊེ(Djibouti)ཡི་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་དེས་རྔ་མོང་གི་ཚོང་མེད་པར་བཟོ་སྲིད།
པར་བ། ཊེ་གོ་ཁྲིན(Tugo Cheng)
སྡེ་ཚན། མི་སྣ།

དབྱར་ཁའི་ཆར་བ་དང་གློག་འཁྱུག་པའི་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གྱི་ནམ་མཁའ།
པར་བ། ཁུ་རེ་སི་ཊི་ཧྥེར་མཱར་ཁེ་ཛི།(Christopher Markisz)
སྡེ་ཚན། གྲོང་ཁྱེར།

ཉེ་སྔོན་རིང་ཁོ་བྷ་གྲོང་ཁྱེར་ལ་ལྟ་སྐོར་དུ་སོང་། སྙིང་སྟོབས་ཅན་གྱི་བུད་མེད་འདི་དང་ཧཱ་ཊ་ནཱ་(Havana)སྲང་ནས་གདོང་ཐུག་བརྒྱབ། ཁོ་མོའི་སྣང་བརྙན་དེས་ང་ལ་ཡུད་ཙམ་རིང་བསམ་བློ་གཏོང་དགོས་པ་བྱུང་སོང་། ཁོ་མོས་མིག་ཟུང་ཁོ་ན་ནས་གཏམ་རྒྱུད་ས་ཡ་ཞིག་མྱོང་ཐུབ། ངས་དངུལ་སྒོར་གཅིག་ཀྱང་ཁར་མེད་པས་གྲོགས་པོའི་ལག་ནས་དངུལ་ཁ་ཤས་གཡར་ནས་ཁོ་མོར་སྤྲད་ནས་ཁོ་མོ་པར་ཞིག་བརྒྱག་བཅུག་པར་རེ་བ་ཞུས། ཁོ་མོས་ཆེ་ཉམས་ཀྱིས་མགོ་བོ་གཡུག་བཞིན་ཆོག་པའི་བརྡ་བསྟན་སོང་།
པར་བ། ལོ་རེན་བྷ་རེ་དྷི་ལོ་ཧྥི། (Lauren Breedlove)
སྡེ་ཚན། མི་སྣ།

ཁཱ་རཱ་བྷན་རྒྱ་མཚོའི་ཉ་ཆེན་དག་ནི་ནམ་རྒྱུན་འདྲོག་མགོ་ཆེན་པོ་ཡོད་པ་རེད། ངས་པར་ཆས་ཁོ་ཚོ་འཁོར་སའི་རྡོ་ཡི་སྟེང་ལ་བཞག་ནས་པར་ལེན་རྒྱུར་སྒུག་ནས་བསྡད། ཡུད་ཙམ་ནས་ཁོ་ཚོ་པར་ཆས་ཡོད་ས་དང་དེ་ཡི་ཉེ་འཁོར་དུ་ཚོགས་སོང་།
པར་བ། ཤིན་ནེ་གྷི་རོ་སི།(Shane Gross)
སྡེ་ཚན། རང་བྱུང་ཁམས།

པར་འདི་ནི་ཡུ་རོབ་ཀྱི་རོ་མཱ་ནེ་ཡཱ་(Romania)ཡི་བྷོ་ཁོ་ཝེ་ནཱ་(Bucovina)ནས་བཏབ། ཨ་མ་ཕཱ་རཱ་སི་ཆེ་ཝ་(Paraschiva)ནི་དགོང་ལོ་ ༨༠ ལ་སླེབས་པའི་བུད་མེད་རྒན་པ་ཞིག་ཡིན་ལ། ཁོ་མོ་རི་འབུར་དང་ཐག་ཉེ་བའི་ཁང་པ་ཞིག་ན་གནས་བཅས་ཡོད། ས་དེར་གློག་སོགས་མེད་ཀྱང་ཁོ་མོས་ཞག་སྒྲོན་གྱི་འོད་ལ་བརྟེན་ཏེ་ཞལ་འདོན་དེབ་དག་མིག་ཤེལ་མེད་པར་ཀློག་ཐུབ་ཀྱི་ཡོད་པ་རེད།
པར་བ། རེ་དྷོ་དྷོ་མེ་ཊི་རེ་སི་ཁོ།(Radu Dumitrescu)
སྡེ་ཚན། མི་སྣ།

ཨ་སི་ལན་ཏི་(Iceland)ཡི་ཞོགས་པ་ནི་ང་ལ་མཚོན་ན་དེ་འདྲའི་སླ་བོ་ཞིག་མ་རེད། མུན་ནག གྲང་ངར། གྲང་རླུང་། རྗོ་ཀོལ་སར་ལོན་(Jökulsárlón)ས་ཆ་ནི་ངའི་རེ་འདུན་ལས་བརྒལ་བའི་རང་བྱུང་ས་རྒོད་ཅིག་རེད། འདི་ནི་འཁྱག་དར་དག་ནི་དུམ་བུ་དུམ་བུ་བྱས་ཏེ་མདོག་སྣ་ཚོགས་ཀྱིས་ཁྱབ་ཅིང་། རི་མགོ་ཚང་མ་ཁ་བས་གཡོག་འདུག
པར་བ། མེ་ཊོ་ཛི་གྷོར་ནེ།(Mateusz Gorny)
སྡེ་ཚན། རང་བྱུང་ཁམས།

མགོ་འཁོར་བའི་མི།
པར་བ། མོ་ཧཱ་སཱན་ཨབ་རར།(Mohsin Abrar)
སྡེ་ཚན། མི་སྣ།

ངའི་འགྲུལ་བཞུད་ཉམས་མྱོང་ཁྲོད་ཀྱི་ཆེས་ཡག་ཤོས་དེ། ང་སྔོན་མ་ནས་ཕྱིར་མོ་རཱེན་འཚེའུ་(Moraine Lake)ལ་བསྐྱར་དུ་ལྟ་སྐོར་ཞིག་བྱ་དགོས་བསམ་ཡོད། རྒྱུ་མཚན་ང་སྔོན་ཆད་འདི་ལ་ཐེངས་གཉིས་ཙམ་ཡོང་བས། འདི་ན་ང་ལ་བརྗེད་མི་ཐུབ་པའི་བྱིས་དུས་ཀྱི་ཆེས་སྐྱིད་པའི་དྲན་པ་མང་པོ་ཞིག་ཡོད། ད་ལྟ་ཕྱིར་ལྟ་སྐོར་དུ་སླེབས་དུས་ང་ནི་ན་གཞོན་ཞིག་ཡིན་ལ། ངས་ནམ་རྒྱུན་འཚེའུ་ཡི་པར་གཅིག་སྦྲགས་ཁང་རྟག་ངོས་ན་ཡོད་པ་ལྟར་པར་ཞིག་ལེན་འདོད་པར། སྐབས་དེར་བུད་མེད་ཅིག་ཡོང་ནས་མཛེས་ལྗོངས་ལ་མྱོང་ནས་བསྡད་པར་ངས་སེམས་སུ་ངས་པར་ཡག་པོ་ཞིག་ལེན་ཐུབ་པ་དྲན་སོང་། མི་སྒེར་བ་ཞིག་གི་རྨི་ལམ་དེ་མི་སྒེར་གྱི་པར་ཆེས་ཡག་ཤོས་སུ་ཆགས།
པར་བ། དྷཱ་བེ་ཝཱ་ལོར།(Dave Valler)
སྡེ་ཚན། རང་བྱུང་ཁམས།

བྷང་ལ་དྷེ་ཤི་ཡི་བྷ་ཊོལ་མོ་ཁཱ་རཱ་(Baitul Mokarram)གྱི་(Dhaka)ནས་ཁ་ཆེ་ཚོས་རེ་གཟའ་པ་སངས་ཀྱི་(Jummah)གསོལ་སྨོན་འདུ་ཚོགས་སྐབས།
ཕར་བ། སོ་ཧཱལ་པཱ་ཝེ་ཛི་ཧཱ་ཁེ། (Sohel Parvez Haque)
སྡེ་ཚན། མི་སྣ།

འཛམ་གླིང་གི་གནའ་ཤུལ་སྲུང་སྐྱོབ་ནང་དུ་ཡོད་པའི་ནཱ་ཆཱེ་( Nachi)ཡི་རྦབ་ཆུ། རྦབ་ཆུ་འདིའི་མཐོ་ཚད་ལ་རྨིད་ ༡༣༣ དང་ལེ་རྨིད་ ༡༣ ཡོད། འདི་ནི་ཉི་ཧོང་གི་ཆེས་མཐོ་བའི་རྦབ་ཆུ་ཡིན་ལ། མི་མང་པོ་ཞིག་གིས་འདི་ལ་གོ་བ་བྱེད་ཀྱི་ཡོད།
པར་བ། ཧེ་དྷེན་ནོ་པོ་སོ་ཙོ་ཀེ(Hidenobu Suzuki)
སྡེ་ཚན། རང་བྱུང་ཁམས།

ངའི་བཟའ་ཟླ་ཨ་ལེ་(Alli)དང་མཉམ་དུ་ཆཱ་ལེན་པཱ་ཊཱ་གྷོ་ནཱ་(Chilean Patagonia)ཡི་རྒྱལ་ཁབ་སྤྱི་གླིང་དུ་ཉུལ་བ།
པར་བ། དྷེ་ནཱལ་ཀཱ་ཛི་ཀེན(Daniel Klazkin)
སྡེ་ཚན། རང་བྱུང་ཁམས།

གསེར་རྟ་བླ་རུང་སྒར། ད་ལྟའི་རྒྱ་ནག་སི་ཁྲོན་ཞིང་ཆེན་དུ་ཆགས་ཡོད། འདི་ནི་བླ་རུང་སྒར་ནང་བསྟན་སློབ་གླིང་དང་འཛམ་གླིང་གི་ཆེས་ཆེ་བའི་ནང་བསྟན་སློབ་གཉེར་ཁང་། ༡༩༨༠ ལོ་ཕྱག་བཏབ་ཅིང་གྲྭ་བ་དང་ཇོ་མོ་ ༤༠༠༠༠ ལྷག་གི་བཞུགས་གནས་རེད། གནས་འཇལ་བ་དང་སློབ་མ་སོགས་འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཡོང་གི་ཡོད། སྟབས་མ་ལེགས་པ་ཞིག་ལ། རྒྱ་ནག་གཞུང་གིས་དགོན་སྡེ་སྒོ་བརྒྱག་ཐབས་དང་དགོན་པའི་གྲྭ་ཤག་ཕྱེད་ལྷག་གཏོར་བཤིག་བཏང་ཡོད། གྲྭ་བ་དང་ཇོ་མོ་ ༥༠༠༠ ཙམ་ཞིག་ལས་མེད་པ་བཟོས་ཡོད།
པར་བ།ཨེན་ཊོན་གོ་ཏཱ་མ།( Anton Gautama)
སྡེ་ཚན། གྲོང་།

ས་ཤུད་ཀྱི་ཁ་རུ་རྒྱུད་པའི་ཊ་ནེ་ཤི་རི་བོའི(Tianshan )རྗོར་རྗི་(Gorges)འགག་གི་གཙང་པོ་གསུམ་གྱི་ཟམ་པ།
པར་བ།ཏོ་གོ་ཁྲིན། (Tugo Cheng)
སྡེ་ཚན། རང་བྱུང་ཁམས།

ནེ་མོ་རོ་(Nemuro)ནི་ཧོ་ཀཱ་དྷོ( Hokkaido)ཡི་ལྷོ་ཕྱོགས་དང་ཆེས་ཉེ་བར་གནས་ཡོད། དེ་ཡི་མཐའ་འཁོར་ནི་ཨོ་ཁཱོ་ཊི་སོག་(Okhotsk)གི་རྒྱ་མཚོའི་ཉ་འཛིན་པས་སྐོར་ཡོད། དེ་ཡིས་ཉི་ཧོང་དང་རཱ་ཤི་གཉིས་ཀྱི་ས་མཚམས་བཅད་ཡོད། ཟླ་ ༢ པའི་ནང་དུ་རྒྱ་མཚོ་ཡོངས་སུ་འཁྱག་པས་བཟུང་ཡོད། པར་འདི་ནི་འཁྱག་དར་འགྲམ་གྱི་ཉ་འཛིན་པ་ཚོའི་གྲུ་ཡིན།
པར་བ། ཁུ་རེ་སི་མཱ་ཁི་ཁཱན།(Chris McCann)
སྡེ་ཚན་རང་བྱུང་ཁམས།

ཨཱ་ནཱ་(Ana)ནི་ད་ལོ་དགུང་ལོ་ ༨༤ ལ་ལ་བསླེབས་པའི་རཱ་མ་ནཱེ་(རRomania)ཡི་བྷི་རཱ་སོ་ཝ་(Brasov)ཡི་བུད་མེད་ཅིག་ཡིན།
པར་བ། རཱོལ་རྗེ་ཁེ་ཟེ།(Raul Jichici)
སྡེ་ཚན། མི་སྣ།

ཡུལ་མི་ཚོས་ལས་ཀ་ཚར་བ་དང་ཉེན་ཁ་ཆེ་བའི་རྐང་ལམ་བརྒྱུད་ནས་ནང་དུ་ལོག་བཞིན་ཡོད། གཙང་བོའི་ཕྱོགས་ངོས་གཞན་དེ་ཞིང་ཁ་ཡིན་ལ། ཡུལ་མི་ཚོས་ཚལ་སོགས་ཁུར་ནས་སང་ཉིན་ཁྲོམ་ལ་བཙོང་དུ་འགྲོ་བར་སྟ་གོན་བྱེད་ཀྱིན་ཡོད།
པར་བ།དྷ་ཝེ་དྷི་ནཱོ་ཡཱན།( David Nguyen)
སྡེ་ཚན། མི་སྣ།

པར་འདི་ནི་ཨ་སི་ལཱན་ཊི་ཡི་པོར་སི་མོར་ཁིའི( Þórsmörk)མཐོ་སྒང་གནམ་གྲུ་ནས་པར་ལ་བཏབ་པ་ཡིན། སྐབས་དེར་ཆར་བ་ཉི་འོད་མཉམ་དུ་ཆེས་ཁ་དོག་མཛེས་པའི་ཁོར་ཡུག་ཅིག་བསྐྲུན་ཡོད།
པར་བ།ནཱེལ་རྗཱན་ཁཱར། (Nils Junker)
སྡེ་ཚན། རང་བྱུང་ཁམས།

རི་བོ་ཧྥོ་རྗེ་ ( Fuji) ནི་ལྐོག་གྱུར་གྱི་སྤྲིན་གཟུགས་ཤིག་གིས་སྐོར་ནས་ཡོད། གཟུགས་དབྱིབས་སྣ་ཚོགས་པའི་སྤྲིན་པ་མཐོང་ཐུབ། རླུང་དམར་དྲག་ཏུ་གཡུག་བཞིན་པའི་སྐབས་དེར་ང་རི་ཁ་ན་ཡོད། ང་ནུབ་དེར་རླངས་འཁོར་ལས་རི་བོ་ཧྥ་རྗེ་ལ་བར་ཐག་སྤྱི་ལེ་ ༢༥ དང་རྒྱ་མཚོ་ངོས་ནས་མཐོ་ཚད་ ༠.༨ ཡོད་པའི་ཨ་ནོ་ཁཱ་ཤི་རཱ་(Inokashira)ནགས་ཚལ་དུ་བསྡད་པ་ཡིན།
པར་བ། ཊ་ཁཱ་ཤེས།(Takashi)
སྡེ་ཚན། རང་བྱུང་ཁམས།

ཞོགས་པའི་སྨུག་སྤྲིན་མཉམ་དུ་པར་ལ་བཏབ་པའི་བྱ་ཁྲུང་ཁྲུང་གི་སྣང་བརྙན།
པར་བ། ཧེ་རོ་ཀེ་ཨན་ནོ།(Hiroki Inoue)
སྡེ་ཚན། རང་བྱུང་ཁམས།

ནེ་ཛི་ལན་ཊིའི་ས་ཤུད་ནི་སའི་གཏིང་རིང་སའི་ཟབ་ས་ནས་བྱུང་གི་ཡོད་ལ། ནམ་མཁའ་ནས་བལྟས་ན་དེ་ནི་ཞེ་སྣང་སྐྱེས་དགོས་པ་ཞིག་རེད།
པར་བ། རྗན་ཨོ་ནཱེལ།(Jen O’Neill)
སྡེ་ཚན། རང་བྱུང་ཁམས།

དེ་ནི་ཟླ་དང་པོའི་མཚན་མོ་ཞིག་ཡིན། ང་ཚོས་ཉི་ཧོང་གི་རྒྱལ་ས་ཊོ་ཡོག་ནས་ཁ་བ་བབ་པ་བརྙན་བླངས་ནས་བསྡད་ཡིན། སྐབས་དེར་ཁ་བ་ཡིས་གྲོང་ཁྱེར་ཧྲིལ་བོ་གང་བས་ངས་ཆེས་ཁུ་སིམ་པའི་སྣང་བ་ཞིག་ལ་བརྒྱུས་ཏེ་བླངས་ཡིན། མཆོད་རྟེན་ཞིག་མཐོང་བ་དེ་ཊོ་རྗེ་(Toji)མཆོད་རྟེན་དང་། དེ་ནི་འཛམ་གླིང་གི་གནའ་ཤུལ་གྱི་བཟོ་བཀོད་ལྟར་འཛུགས་སྐྲུན་བྱས་འདུག
པར་བ། ཊཱ་ཀོ་ཡཱ་ཧེ་གྷོ་ཆཱེ། (Takuya Higuchi)
སྡེ་ཚན། གྲོང་ཁྱེར།

རྒྱ་མཚོའི་ནང་དུ་འབར་གས་འཐོར་བཞིན་པ་དང་དེ་ཡིས་དུད་སྨུག་ཚ་དྲོད་ཅན་ཞིག་འཁྱིལ་བཞིན་པ།
པར་བ། ཊེ་སོ་ཡཱ་ནོ་མོ་རོ། (Tetsuya Nomura)
སྡེ་ཚན། རང་བྱུང་ཁམས།

ཡོ་གྷོ་མཚེའུ། མཚམས་རེར་ཡོད་ཚད་ཁྱོད་ཀྱི་མདུན་དུ་ལྡོག་འཕྲོས་ཀྱིས་ཤར་ཡོང་ངེས།
པར་བ། ཊཱ་ཁཱ་ཧེ་རོ་བྷེ་ཤོ།(Takahiro Bessho)
སྡེ་ཚན། རང་བྱུང་ཁམས།

དྲག་རྩུབ་ཆེ་བའི་ཝཱ་པོ་སི་ཀཱ་(Wapusk)སྤྱི་གླིང་གིས་ང་ལ་ངོ་མཚར་བའི་རང་བྱུང་གི་མཛེས་བ་མང་པོ་མཐོང་བའི་གོ་སྐབས་གནང་སོང་།
པར་བ། ནཱ་དྷེམ་སོ་ཧྥེ།(Nadeem Sufi)
སྡེ་ཚན། རང་བྱུང་ཁམས།

ནམ་མཁའ་ནས་བརྒྱབ་པའི་(Death Valley )སྤྱི་གླིང་འདི་ནི་ནམ་གྲུ་ཆུང་ཆུང་ཞིག་ཏུ་བཏབ་པ་ཡིན།
པར་བ། སི་ཊཱ་སི་བྷར་ཊི་ནེ་ཁཱ་སི། ( Stas Bartnikas)
སྡེ་ཚན། རང་བྱུང་ཁམས།

ཞོགས་པ་སྔ་མོ་ཉི་འོད་མ་འཕྲོས་སྔོན་ལ། སྤྲིན་པ་ནག་པོ་དེས་ཆེས་འཚམ་པའི་པར་འདི་ཡི་རྒྱབ་རིས་བྱས། རྟ་ཞོན་པ་འདི་ནི་ང་ཚོའི་སྣེ་ཤན་པ་དང་ཁོ་ལོ་བཅུ་ལྷག་རིང་ལ་སན་ཊཱ་ཁི་རོ་རྫི་(Santa Cruz)ས་གནས་སུ་བསྡད་པ་ཡིན་འདུག
པར་བ། ཊོ་མཱ་སི་ཛི་ཊཱར་ཁུ་ཛན་སི་ཁེ།(Tomasz Turczynski)
སྡེ་ཚན། རང་བྱུང་ཁམས།

སངས་རྒྱས་དཀོན་མཆོག་གིས་སྒྱུར་སྒྲིག་བྱས།

 

 

 

བསྐྱར་བཅོས།: ༢༠༡༧/༠༦/༢༧

Leave a Reply