དགེ་རྒན་ཞིག་གི་ལྷག་བསམ།

སྤུ་རུ་ཝ་ལའི་སློབ་དགེ་དམ་པ་ཚེ་དབང་རབ་བརྟན་ལགས་ཞུ་བ་ཞིག་གིས་ཧིན་སྒོར་གསུམ་འབུམ་བཞི་ཁྲི་ལྔ་སྟོང་ལྷག་བོད་ཕྲུག་ཉམ་ཐག་ཚོའི་ཤེས་ཡོན་ཆེད་ཞལ་འདེབས་སུ་ཕུལ་འདུག

སཾ་བྷོ་ཊ་བོད་སློབ་ཀྱི་ཁྱབ་ཁོངས་གཏན་འཇགས་སློབ་དགེ་ཚེ་འདས་ཚེ་དབང་རབ་བརྟན་ལགས་ཀྱིས་ཁོང་གི་གསོག་དངུལ་བརྒྱ་ཆ་ ༡༠༠ ཡི་འབབ་ཧིན་སྒོར་གསུམ་འབུམ་བཞི་ཁྲི་ལྔ་སྟོང་བཞི་བརྒྱ་བཅུ་གཉིས་(༣༤༥་༤༡༢།༠༠)་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་བརྒྱུད་དེ། བོད་ཕྲུག་ཉམ་ཐག་རྣམས་ཀྱི་ཤེས་ཡོན་ཆེད་ཞལ་འདེབས་སུ་འབུལ་རྒྱུ་ཡིན་པའི་ཡིག་ཐོག་ཞལ་ཆེམས་བཞག་ཡོད་པ་ལྟར། ཟླ་འདིའི་ཚེས་ ༢༣ ཉིན་སཾམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་ནས་ཤེས་རིག་ལས་ཁུངས་སུ་ཕུལ་ཡོད་འདུག

དམ་པ་ཚེ་དབང་རབ་བརྟན་ལགས་ཕྱི་ལོ་ ༡༩༦༤ ཟླ་ ༩ ཚེས་ ༢ ཉིན་བོད་གཞིས་ཀ་རྩེར་འཁྲུངས་ཤིང་། རྒྱ་གར་ནང་བཙན་བྱོལ་དུ་ཕེབས་རྗེས། ཕྱི་ལོ་ ༡༩༩༧ ནས་ཀུམ་རའོ་དང་སྤུ་རུ་ཝ་ལ་ས་གནས་གཉིས་སུ་ལོ་ངོ་བཅོ་བརྒྱད་རིང་དགེ་རྒན་གྱི་ཕྱག་ལས་གནང་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༢ ཉིན་ཁོང་འདས་གྲོངས་སུ་གྱུར་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་སྐུ་འཚོ་བཞུགས་རིང་དམ་པ་ཁོང་གིས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཆེད་སེམས་འཁུར་ཆེ་བཞེས་གནང་བར་ཡི་རང་བསྔགས་བརྗོད་དང་སྦྲགས།  ཚེ་རབས་ཕྲེང་བར་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས། རྣམ་མཁྱེན་རྒྱལ་བའི་གོ་འཕང་མྱུར་དུ་ཐོབ་པའི་སྨོན་འདུན་ཞུས་འདུག

པདྨ་མཚོས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས་དྲངས།

བསྐྱར་བཅོས།: ༢༠༡༧/༠༨/༣༠

Leave a Reply

3 thoughts on “དགེ་རྒན་ཞིག་གི་ལྷག་བསམ།

  1. གཞུང་པ་ཚེ་དབང་བསོད་ནམས་ཡ

    ལྷག་བསམ་དཀར་པོ་གངས་རི་ལས་ཀྱང་དཀར་།
    ལྷག་བསམ་བརྟན་པོ་རི་རབས་ལས་ཀྱང་བརྟན་།
    ལྷག་བསམ་ཅན་གྱི་ལྷག་བསམ་རང་སྡེར་ཞེན་།
    ལྷག་བསམ་དུང་ཟླ་སླར་ཡང་ཕྱར་བ་ཤོག་།

  2. མིག་དཔེ་འོས་པའི་བོད་རིགས་དགེ་རྒན་ཚེ་དབང་རབ་བརྟན་ལགས་ཀྱི་ལྷག་བསམ་དང་མི་རིགས་ཀྱི་ལ་བརྒྱ་ལ་རྗེས་སུ་ཡིད་རངས་ཞུ་རྒྱུ། མ་འོངས་པ་དེ་དེ་བཞིན་ལྷག་བསམ་ཅན་མང་དག་ཞིག་ཡོང་བའི་རེ་བ་ཡོད།