དམར་ཤོག་ཚོཊ་ཆེན་སྐབས་ ༡༩ པའི་དུས་ཚོད་གཏན་འབེབ་བྱས།

འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༨ ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་སྐབས་ ༡༩ པ་འཚོགས་གཏན་འཁེལ་འདུག

ཁ་སང་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་མགོ་ཁྲིད་ལྷན་ཚོགས་ཀྱི་ཚོགས་འདུའི་སྟེང་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་བཅུ་དགུ་པའི་ཚོགས་ཆེན་གྱི་དུས་ཚོད་གཏན་འབེབ་བྱས་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་དམར་ཤོག་ཚོགས་པའི་ཚོགས་ཆེན་དེ་ཕྱི་ཟླ་༡༠ ཚེས་༡༨ ནས་མགོ་ཚུགས་རྒྱུ་ཡིན་པ་དང་། རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་ཚོགས་འདུའི་སྟེང་མ་འོངས་པར་སྲིད་འཛིན་ཞི་ཅིང་ཕིན་གྱིས་གཏམ་བཤད་རིམ་པ་ཁག་གི་ནང་དོན་ལྟ་ཚུལ་གསར་པ་དང་བསམ་བློ་གསར་པ། ཐབས་ཇུས་གསར་པའི་རྩ་དོན་ཁག་ལག་ལེན་དོན་འཁྱོལ་དགོས་སྐོར་བསྒྲགས་ཡོད་འདུག

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དབུས་ཆབ་སྲིད་ལྷན་ཁང་གིས་རྒྱ་ནག་གི་མ་འོངས་ཆབ་སྲིད་ཁ་ཕྱོགས་གང་ཞིག་ཏུ་འགྲོ་མིན་དེ་དམར་ཤོག་ཚོགས་པའི་ཚོགས་ཆེན་གྱི་རྗེས་སུ་གསལ་ཡོང་གི་རེད་ལ། ད་ལྟའི་ཆར་ང་ཚོས་ལས་དོན་དེ་ཚོགས་ཆེན་གྱི་གནས་བབ་དང་བསྟུན་ལས་དོན་ག་རེ་གཉེར་དགོས་པ་དེ་བྱེད་དགོས། ཞེས་དང་། དམར་ཤོག་ཚོགས་པས་མ་འོངས་པར་སྲིད་འཛིན་ཞི་ཅིན་ཕིན་གྱིས་གཏམ་བཤད་རིམ་པ་ཁག་གི་ནང་དོན་ནི་ལྟ་ཚུལ་གསར་པ་དང་བསམ་བློ་གསར་པ། ཐབས་ཇུས་གསར་པའི་རྩ་དོན་ཁག་ཡིན་ལ། དེ་དག་ལག་ལེན་དོན་འཁྱོལ་ཡོང་བ་བྱ་རྒྱུ་ཡིན། ཞེས་བརྗོད་ཡོད་འདུག

རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་དེ་ནི་ལོ་ལྔ་རེའི་མཚམས་སུ་ཐེངས་རེར་ཚོགས་བཞིན་ཡོད་པ་དང་། ཚོགས་ཆེན་དེའི་ཐོག་རྒྱ་ནག་དམར་ཤོག་ཚོགས་པའི་དབང་འཛིན་མི་སྣ་འཕོ་འགྱུར་འགྲོ་ཡི་ཡོད་པས། ནམ་རྒྱུན་རྒྱལ་སྤྱིའི་སྟེང་ ཚོགས་ཆེན་དེར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། དུས་ཚོད་འདི་དང་བསྟུན་རྒྱ་ནག་ནང་དུ་དབང་ཆ་འཐབ་རྩོད་ཀྱི་ཆབ་སྲིད་གཡུལ་འགྱེད་མང་པོ་ཞིག་ཡོང་བཞིན་ཡོད་པ་རེད།

ཆབ་སྲིད་དབྱེ་ཞིབ་པ་ཚོས་བརྗོད་པ་ལྟར་ན། ད་ལོའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐོག་ཞི་ཅིན་ཕིན་བསྐྱར་དུ་རྒྱ་ནག་དམར་ཤོག་ཚོགས་པའི་མགོ་ཁྲིད་དུ་འདེམས་རྒྱུ་ཡིན་པ་དང་། ཞི་ཡིས་རང་ཉིད་ལ་དམར་ཤོག་ཚོགས་པའི་སྲིད་དབང་བསྐྱར་དུ་ཐོབ་པའི་འཐབ་ར་སྔོན་ནས་བསྒྲུབས་ཟིན་ཡོད་པ་བརྗོད་ཀྱི་འདུག

ཧྲང་ཧེ་ཆབ་སྲིད་ཚན་རིག་དང་ཁྲིམས་ལུགས་གཙུག་ལག་སློབ་གཉེར་ཁང་གི་ཆབ་སྲིད་ཚན་རིག་སློབ་དཔོན་ཁྲིན་ཏོ་ཡེན་(Chen Daoyin)གྱིས། ཞི་ཅིན་ཕིན་གྱིས་ཁོ་རང་གི་སྲིད་དབང་སྲ་བརྟན་བཟོ་བའི་ཐབས་བྱུས་ཀྱིས་དམར་ཤོག་ཚོགས་པའི་ནང་ཁུལ་དུ་ཆབ་སྲིད་ཀྱི་འཐབ་རྩོད་ཆེན་པོ་ཞིག་ཡོང་རྒྱུ་ཡིན་པ་གཏན་འཁེལ་ཡིན་སྐོར་བརྗོད་འདུག

ཡང་ཁོས། ད་ལྟའི་ཆར་དམར་ཤོག་ཚོགས་པའི་ཚོགས་ཆེན་ལ་རྙོག་ཟིང་མི་ཡོང་ཆེད། ཕྱོགས་ཡོངས་ནས་མི་མང་གི་མིག་མདུན་དུ་སྣང་བརྙན་ཡག་པོ་ཞིག་སྐྲུན་ཐབས་ལ་བྲེལ་ནས་ཡོད་ན་ཡང་། ཚོགས་ཆེན་ལ་རྙོག་ཟིང་ཞིག་ཡོང་བར་ཧ་ཅང་དོགས་གཞི་དང་སེམས་འཚབ་བྱ་དགོས་པ་ཆགས་བསྡད་ཡོད་སྐོར་བརྗོད་འདུག

ལོན་ཊོན་རྒྱལ་པོའི་མཐོ་སློབ་ཁང་གི་རྒྱ་ནག་ཆབ་སྲིད་ཉམས་ཞིབ་པ་སློབ་དཔོན་ཁེ་རི་བྷི་རོན་(Kerry Brown)ལགས་ཀྱིས་ནམ་རྒྱུན་རྒྱ་ནག་དམར་ཕྱོགས་ཚོགས་པའི་ཚོགས་ཆེན་ག་དུས་ཚོགས་མིན་སྔོན་དཔག་ཐུབ་པ་ཞིག་ཡིན་ན་ཡང་། ད་ལོར་དམར་ཤོག་ཚོགས་པའི་མགོ་ཁྲིད་སུ་ཞིག་འདེམས་མིན་ཚང་མ་ཐག་གཅོད་བྱས་ཚར་ཡོད་སྟབས། ཁོ་ཚོར་གནད་དོན་དེ་ཕྱིར་བསྒྲགས་བྱེད་པར་འོས་འཚམ་གྱི་དུས་ཚོད་ཅིག་དགོས་པས། དུས་ཚོད་རིང་པོར་ཕྱིར་སྣུར་བྱ་དགོས་བྱུང་ཡོད་པ་རེད། ཅེས་བརྗོད་འདུག

དབུས་ཆབ་སྲིད་ལྷན་ཁང་གི་ཚོགས་འདུའི་གཏམ་བཤད་དེ་ནམ་རྒྱུན་དང་མི་འདྲ་བར། ཞི་ཅིན་ཕིན་སྔར་བཞིན་དམར་ཤོག་ཚོགས་པའི་སྲོག་ཤིང་ཡིན་པའི་སྐད་ཆ་མང་པོ་ཞིག་ཐོན་ཡོད་པ་ལས། ཚོགས་འདུ་གང་དུ་འཚོགས་རྒྱུ་ཡིན་པ་དང་འཆར་གཞི་གང་ཡོད། ཕྱི་རྒྱལ་གྱི་གསར་འགོད་པ་སོགས་ཚོགས་འདུར་ཞུགས་ཆོག་མིན་སོགས་གང་ཡང་བསྒྲགས་མེད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༩/༠༡

Leave a Reply

3 thoughts on “དམར་ཤོག་ཚོཊ་ཆེན་སྐབས་ ༡༩ པའི་དུས་ཚོད་གཏན་འབེབ་བྱས།

  1. གཞུང་པ་ཚེ་དབང་བསོད་ནམས་ཡ

    རྒྱ་ནག་གི་ཚོགས་ཆེན་དང་འབྲེལ་བའི་ཆབ་སྲིད་དང་སྤྱི་ཚོགས་དཔལ་འབྱོར་འཁོར་ཡུག་སོགས་ག་འདྲ་ཞིག་གླེང་གི་ཡོད་རུང་ག་འདྲ་ཞིག་བཤད་ཀྱི་ཡོད་རུང་ང་ཚོ་བོད་མིའི་ངོས་ནས་རྒྱང་བལྟ་བྱས་ནས་སྡོད་རྒྱུ་ཙམ་ལས་གཞན་གྱི་ནུས་པ་ཡོད་པ་མ་མཐོང་བ་ནི་རང་བཙན་དང་དབུ་མའི་བར་ཐག་ནས་ཞི་བའི་མི་མང་ཡར་ལང་ན་མགོ་ཐུག་མར་བསྡད་ན་རྐུབ་བསྡབ་ཟེར་དེ་མ་རེད་དམ་?