མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་བུད་མེད་ཉིན་མོར་ངོས་ལེན་རྩ་བ་ནས་མེད་ཟེར།

བོད་ཀྱི་དུས་བབ།
༢༠༡༧/༠༩/༢༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གྲོས་ཚོགས་ནང་བོད་ཀྱི་བུད་མེད་སྒེར་ལངས་ཉིན་མོ་གཞུང་འབྲེལ་སྲུང་གཙི་ཞུས་པ་ཡིན་ན་བོད་ཀྱི་བུད་མེད་ཉིན་མོ་དགོས་དོན་མེད་སྐོར་གྱི་དགོངས་ཚུལ་བརྗོད་སོང་།

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་ ༣ པའི་སྔ་དྲོར། ནང་སྲིད་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་དང་། བཀའ་ཤག་གི་ལན་འདེབས་གསལ་བཤད་ཀྱི་ལས་རིམ་ཁྲོད། སྤྱི་འཐུས་ཁག་ཅིག་ནས་བོད་ཀྱི་བུད་མེད་སྒེར་ལངས་ཉིན་མོ་ནི་ལོ་རྒྱུས་དང་ཆབ་སྲིད་ཀྱི་གལ་གནད་ཆེན་པོ་ལྡན་པའི་ཉིན་མོ་ཞིག་ཡིན་སྟབས། ཉིན་མོ་དེ་བོད་ཀྱི་བུད་མེད་ཉིན་མོར་གཏན་འབེབས་གནང་བ་དེ་རྩ་བ་ནས་འགྲིག་གི་མེད་སྐོར་དང་། བུད་མེད་སྒེར་ལངས་ཉིན་མོ་དེ་གཞུང་འབྲེལ་ཐོག་སྲུང་གཙི་ཞུ་ཐུབ་ན་བོད་ཀྱི་བུད་མེད་ཉིན་མོ་ཞེས་པ་དེ་དགོས་གལ་དེ་ཙམ་མེད་སྐོར་སོགས་ཀྱི་དགོངས་ཚུལ་བརྗོད་སོང་།

སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་ཀྱིས་བོད་ཀྱི་བུད་མེད་ཀྱི་འཐུས་ཚབ་ཚོགས་པ་ཆེ་ཤོས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་བོད་ཀྱི་བུད་མེད་ཉིན་མོ་དེ་བུད་མེད་སྒེར་ལངས་ཉིན་མོར་གཏན་འབེབས་གནང་བ་དེར་མོས་མཐུན་གཏན་ནས་གནང་གི་ཡོད་སྐོར་ཁོང་གིས། ང་བུད་མེད་ཀྱི་ནུས་སྟོབས་དང་ཐོབ་ཐང་གི་སྐོར་བཤད་མཁན་དང་རྩོད་ལེན་བྱེད་མཁན་རྩ་བ་ཉིད་ནས་མིན། སྤྱིར་ང་བུད་མེད་ཀྱི་ཐོབ་ཐང་དགོས་ཀྱི་མེད་ཟེར་མཁན་རིགས་ཤིག་ཡིན། འོན་ཀྱང་། བོད་ཀྱི་བུད་མེད་ཚོགས་པའི་ངོས་ནས་བོད་ཀྱི་བུད་མེད་ཀྱི་ཉིན་མོ་དང་བུད་མེད་སྒེར་ལངས་ཀྱི་ཉིན་མོའི་སྐོར་ཞུ་དགོས་པའི་རེ་བ་ཤུགས་ཆེན་པོ་བྱེད་ཀྱི་འདུག གང་ཡིན་ཟེར་ན། ཕྱི་ཟླ་ ༣ ཚེས་ ༡༢ ཉིན་བོད་ཀྱི་བུད་མེད་སྒེར་ལངས་ཀྱི་ཉིན་མོ་དེ་ལ་བོད་ཀྱི་བུད་མེད་ཀྱི་ཉིན་མོ་བཟོས་བཞག་པ་དེར། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་རྩ་བ་ཉིད་ནས་འགྲིག་གི་མེད་པ་ཞུ་ཡི་འདུག་ལ། ངས་ཀྱང་དེ་བདེན་པ་ཞིག་ཏུ་མཐོང་གི་འདུག ཕྱི་ཟླ་ ༣ ཚེས་ ༡༢ ཉིན་བོད་ཀྱི་ལོ་རྒྱུས་ཐོག་བོད་ཀྱི་བུད་མེད་རྣམ་པས་སོ་སོའི་རང་སྲོག་བློས་གཏོང་གིས་ཡར་ལངས་ཏེ་རྒྱ་དམར་ལ་ངོ་རྒོལ་བྱས་པའི་ཉིན་མོ་ཡིན་སྟབས། ཉིན་མོ་དེ་ནི་ཆབ་སྲིད་ཀྱི་ངོ་བོ་དང་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་ཞིག་ཡིན་སྟབས། ང་ཚོས་ཆབ་སྲིད་ཀྱི་ངོ་བོ་ཞིག་ཏུ་བརྩིས་ནས་སྲུང་གཙི་ཞུ་བའི་གལ་ཆེན་རང་བཞིན་ལྡན་པའི་ཉིན་མོ་ཞིག་ཡིན། ཉིན་མོ་དེ་བོད་ཀྱི་བུད་མེད་ཀྱི་ཉིན་མོ་ལ་བཟོས་ནས་དགའ་དགའ་སྤྲོ་སྤྲོ་བྱེད་པའི་ཉིན་མོ་ཞིག་ལ་བཟོས་ན། དེ་རྩ་བ་ཉིད་ནས་འགྲིག་པ་ཞིག་ཏུ་མཐོང་གི་མེད་སྐོར་བརྗོད་སོང་།

བོད་ཀྱི་བུད་མེད་ཉིན་མོ་ཇི་ལྟར་གཏན་འབེབས་བྱུང་བའི་སྐོར་ལ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ནས་གསལ་བཤད་གནང་སྐབས། ད་ལོའི་ཕྱི་ཟླ་ ༢ ཚེས་ ༢༡ ནས་ ༢༣ བར་ཚོགས་པའི་བོད་ཀྱི་བུད་མེད་ཚོགས་ཆེན་ཐོག་ས་གནས་ཁག་ ༥༠ ལྷག་དང་མཐོ་སློབ་ ༢༠ ལྷག་ནས་འཐུས་མི་དང་། དབུས་ཀྱི་ལས་བྱེད་བཅས་མི་གྲངས་ ༣༤༤ འཛོམས་ཏེ་དགོངས་ཚུལ་བསྡུ་རུབ་ཀྱིས་བཀའ་ཤག་ལ་ཕུལ་ནས་དགའ་དགའ་སྤྲོ་སྤྲོའི་ངང་ལོག་ཕེབས་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ཤར་ཞིག་ལ་དབུས་བུད་མེད་ལྷན་ཚོགས་ཀྱི་སྐུ་ཚབ་སྲིད་སྐྱོང་མཆོག་གི་སར་བཅར་ཏེ། བོད་ཀྱི་བུད་མེད་ཉིན་མོ་ཞེས་པ་དེ་བུད་མེད་ཀྱི་རང་དབང་སྒེར་ལངས་ཉིན་མོར་སྦྱར་བཞག་པ་ཡིན་ན། རང་དབང་སྒེར་ལངས་ཀྱི་གཟི་བརྗིད་དེ་བརླག་འགྲོ་ཡི་འདུག དེ་རྩ་བ་ནས་འགྲིག་གི་མི་འདུག ཉིན་མོ་དེ་གཉིས་ཁག་ཁག་གཏན་འབེབས་བཟོ་ཐུབ་ན་ཡག་པོ་འདུག་ཅེས་དགོངས་ཚུལ་ཞུས་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་ནས་བུད་ཉིན་མོ་དེར་གཏན་འབེབས་ཀྱི་འཕྲལ་ཕུགས་རྒྱང་གསུམ་གྱི་དགོས་པ་རྒྱུ་མཚན་བཅས་ཚང་མ་གསལ་བཤད་གནང་རྗེས། དབུས་བུད་མེད་ལྷན་ཚོགས་ཀྱི་སྐུ་ཚབ་རྣམས་འདོད་པ་ཚིམས་ཏེ་ཕྱིར་ལོག་ཡོད་སྐོར་གསུངས་སོང་།

ཕྱིས་སུ་ས་གནས་སོ་སོ་ནས་མོས་མཐུན་མེད་པའི་དགོངས་ཚུལ་བྱུང་སྐོར་བཀའ་བློན་མཆོག་གིས། ཕྱིས་སུ་བཀའ་བློན་རྣམ་པ་ས་གནས་ཁག་ཏུ་ཕེབས་སྐབས། གང་ནས་མར་ཐོག་འདྲ་པོ་བརྒྱབས་ཡོང་བ་ཡིན་ཞུས་ཤེས་ཀྱི་མེད་ཀྱང་། ས་གནས་སོ་སོ་ནས་བུད་མེད་ཉིན་མོ་དེ་འདྲ་གཏན་འབེབས་གནང་བ་རྩ་བ་ནས་འགྲིག་གི་མི་འདུག རྩ་བ་ཉིད་ནས་ངོས་ལེན་མེད་ཅེས་ཟེར་མཁན་བྱུང་སོང་ཡང་། ཁྱེད་རང་མི་གཅིག་གིས་ངོས་ལེན་མེད་པ་རྒྱུ་མཚན་དུ་བྱས་ཏེ་གཏན་འབེབས་བྱས་ཟིན་པའི་སྲིད་བྱུས་དེར་འགྱུར་བ་གཏོང་ཐབས་ཡོད་པ་རེད་ཅེས་ང་རང་ཕྱིན་སའི་ས་ཁུལ་ཁག་ཏུ་དེ་ལྟར་གསལ་བཤད་ཞུས་པ་ཡིན། གང་ལྟར་སྐབས་དེར་བཀའ་ཤག་ནས་བུད་མེད་ཀྱི་སྒེར་ལངས་དེ་གཟི་བརྗིད་ལྡན་པ་ཞིག་ཡོང་ཆེད་ཉིན་མོ་དེར་བུད་མེད་ཀྱི་ཉིན་མོ་ཞེས་མཉམ་དུ་སྟབས་བསྟུན་དགོས་པའི་གནད་འགག་རྒྱབ་ལྗོངས་དེ་གཟིགས་ཡོད་ཀྱང་། བཀའ་ཤག་གིས་ཕུལ་བཞག་པའི་སྨན་དེ་དུག་ཏུ་འགྱུར་འགྲོ་ཡི་ཡོད་ན། མཐའ་མ་དེར་བུད་མེད་ཉིན་མོ་ཟེར་བ་དེ་ཕྱིར་འཐེན་བྱ་རྒྱུ་མ་གཏོགས་གང་ཡང་ལྷག་གི་མ་རེད་བསམ་གྱི་འདུག བཀའ་ཤག་གིས་དེའི་སྒང་ལ་སྔ་ཕྱིར་དགོངས་པ་བཞེས་ཏེ་ཐག་གཅོད་གནང་ཚར་བའི་ལས་དོན་ཞིག་ད་ཕྱིར་འཐེན་དགོས་པའི་གནས་སྟངས་ཤིག་ཕལ་ཆེར་ཆགས་ཀྱི་མ་རེད་དྲན་གྱི་འདུག ཅེས་གསུངས་སོང་།

དེའི་རྗེས་སྤྱི་འཐུས་བསམ་གཏན་ཆོས་སྒྲོན་ལགས་ཀྱིས། དེ་སྔོན་དཔལ་ལྡན་སྲིད་སྐྱོང་མཆོག་ནས་བོད་ཀྱི་བུད་མེད་ཉིན་མོ་དེའི་སྲུང་གཙིའི་ཉིན་མོ་འགྱུར་བ་བཏང་ན་གཏོང་ཆོག་པའི་གསུངས་ཡོད་པ་རེད། ང་རང་ངོས་ནས་འགྱུར་བ་ཡག་པོ་ཞིག་ཏུ་འགྲོ་བའི་རེ་བ་ཞུ་བཞིན་ཡོད། ཅེས་དང་། ང་ཚོ་བོད་ཀྱི་བུད་མེད་ལྷན་ཚོགས་སྐབས་ ༡༠ དང་ ༡༡ བྱས་པའི་སྐབས་སུ་བཀའ་ཤག་ལ་ཕྱག་བྲིས་ཤིག་ཕུལ་ཡོད། དེའི་ནང་དུ་ང་ཚོས་བོད་ཀྱི་བུད་མེད་ཀྱི་སྒེར་ལངས་ཀྱི་ཉིན་མོ་དེ་གཞུང་འབྲེལ་གྱི་ངོས་འཛིན་ཡོང་བ་ཞིག་གནང་རོགས་ཞེས་འཁོད་ཡོད་པ་མ་གཏོགས། བོད་ཀྱི་བུད་མེད་ཀྱི་ཉིན་མོ་ཞེས་བཟོ་གནང་ཡོང་བའི་རེ་བ་ཞུས་མེད། དེར་བརྟེན། བྱུང་ན་བོད་ཀྱི་བུད་མེད་སྒེར་ལངས་ཀྱི་ཉིན་མོ་དང་བོད་ཀྱི་བུད་མེད་ཉིན་མོ་དེ་གཉིས་ཉིན་མོ་ཁག་ཁག་ཅིག་ལ་བཟོ་རོགས་གནང་ཞུ་རྒྱུ་མ་ཟད། བོད་ཀྱི་བུད་མེད་སྒེར་ལངས་ཀྱི་ཉིན་མོ་དེ་གཞུང་འབྲེལ་གྱི་ཉིན་མོ་ཞིག་ཏུ་བཟོ་རོགས་ཞུ་རྒྱུ་དང་། གལ་ཏེ་བཀའ་ཤག་གི་ངོས་ནས་བོད་ཀྱི་བུད་མེད་ཉིན་མོ་དེ་གལ་ཆེན་པོ་ཞིག་ཏུ་བརྩི་བཞིན་ཡོད་ན། བོད་ཀྱི་བུད་མེད་སྒེར་ལངས་ཀྱི་ཉིན་མོ་མིན་པའི་ཕྱི་ཚེས་གཞན་ཞིག་ཏུ་འཇོག་གནང་ཡོང་བའི་རེ་བ་བཞིན་ཡོད་སྐོར་བརྗོད་སོང་།

དེ་བཞིན་སྤྱི་འཐུས་ཁག་ཅིག་ནས་བོད་ཀྱི་བུད་མེད་ཉིན་མོ་སྒེར་ལངས་ཉིན་མོར་གཏན་འབེབས་གནང་བ་དེར་མོས་མཐུན་མེད་པའི་དགོངས་ཚུལ་བཏོན་པ་དང་འབྲེལ། བཀའ་ཤག་ནས་བསྐྱར་དུ་དགོངས་པ་བཞེས་དགོས་སྐོར་གསུངས་སོང་བ་མ་ཟད། མི་ཐང་ཐང་ཞིག་ལ་སྨན་སྤྲད་པ་ཡིན་ན་སྨན་དེ་དུག་ཏུ་འགྱུར་འགྲོ་ངེས་ཡིན་སྐོར་སོགས་གསུངས་སོང་།

གསར་འགོད་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༥ སྔོན་ལ།
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦

མཆན། 4

  1. ཨ་འབར་འཇིགས་དབང་། says:
    ལོ་ 8 སྔོན།

    ༄༅། བུད་མེད་སྒེར་ལངས་དེ་གཞུང་འབྲེལ་དུ་ངོས་འཛིན་གནང་ན་་་གཞོན་ནུ་ལྷན་ཚོགས་ཀྱང་གཞུང་འབྲེལ་དུས་
    དྲན་དུ་ངོས་འཛིན་དགོས་པ་།་་དེ་ནས་སྒེར་གྱི་ཚོགས་པ་ཚང་མ་གཞུང་འབྲེལ་ཆགས་དགོས་པའི་དགོངས་ཚུལ་ཡོང་
    མདོག་ཁ་བོ་རེད། བེུད་སྒེར་ལངས་འདི་ལོ་མང་པོ་མིང་འདི་ག་རང་ཆགས་ཡོད་པ་རེད། ད་ཆ་ལོ་མང་རྗེས་གཞུང་འབྲེལ་
    དུས་དྲན་དུ་ངོས་འཛོན་དགོས་སྐོར་ཞུས་པ་འདི་རྒྱུ་མཚན་གང་རེད།
    བེུད་སྒེར་ལངས་ཚོགས་པ་འདི་རང་འཇགས་དགོས་པ་རེད། ལས་ཀ་བྱེད་ན་བྱེད་བདེ་བ་རེད།

    Reply
  2. ཨ་འབར་འཇིགས་དབང་། says:
    ལོ་ 8 སྔོན།

    ༄༅། བོད་ཀྱི་བུད་མེད་ཀྱི་ཉིན་མོ་དེ་་་བུད་མེད་སྒེར་ལངས་ཀྱི་ཉིན་མོ་གཉིས་མཉམ་དུ་ནམ་ཡང་ཡོང་གི་མ་རེད།
    བུད་མེད་སྒེར་ལངས་འདི་ནི་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་བ་ཆགས་པ་ཞིག་ཡིན་སྟབས་་་གཟི་བརྗིད་ཅན་གྱི་བོད་
    ཀྱི་བེུད་སྒེར་ལངས་འདི་བེུད་ཉིན་མོ་ལ་བརྗེ་སྒྱུར་བྱེད་ཐབས་མེད་པ་ཞིག་རེད།

    Reply
  3. རྒྱུད་གྲྭ་བློ་བཟང་དབང་འདུས། says:
    ལོ་ 8 སྔོན།

    སྤྱིར་འཛམ་གླིང་ནང་ Lady Day མེད་པ་ཞིག་རེད། ད་ལྟ་ཡོད་བཞིན་པ་ Parents day, Teacher day, Children day, Independent day, Republic day ཡོད་པ་ཞིག་རེད། ཚང་མའི་མཁྱེན་གསལ་རེད། དེ་དེ་བཞིན་ ང་ཚོའི་དགེ་རྒན་རྒྱ་གར་ཡིན་བཤད་ཀྱི་ཡོད་རེད། དེ་བྱས་དུས་ རྒྱ་གར་ནང་ དཔའ་མོ་ Jhansi ka Rani, Kittur ka Rani, Rani Dhurgavati སོགས་བྱུང་ཡོད། ཡང་རྒྱ་གར་གྱི་ Bharat Mata ki Jai ཚང་མའི་ཨ་མ་རྩ་ཆེན་པོ་བརྩི་ཡི་ཡོད་པ་རེད། ཡིན་ནས་རྒྱ་གར་ནང་བུད་མེད་ཀྱི་ཉིན་མོར་ཕར་ཞོག བུད་མེད་ཚོ་མགོ་བཀྱག་ས་མེད། དགོངས་དག ངས་ཡག་པོ་གོ་ཚོད་མ་སོང་།

    Reply
  4. མིང་མེད། says:
    ལོ་ 8 སྔོན།

    བུད་མེད་སྒེར་ལང་ནི་ཟླ་༣་ཚེས་༡༢་ཉིན་མོ་ཡིན་པ་སྨྲ་མ་དགོས་པ་ཞིག་རེད།
    སྤྱིར་བོད་ཀྱི་བུད་མེད་དུས་ཆེན་ཟེར་བ་ཞིག་དགོས་དང་མི་དགོས་མ་ཤེས་མོད། གལ་སྲིད་དེ་དགོས་པའི་དབང་དུ་བཏང་ན་བོད་སྲིད་པ་ཆགས་པའི་དུས་ནས་དུས་ད་ལྟའི་བར་བོད་ཕྱི་ནང་གཉིས་སུ་བུད་མེད་དམ་ཨ་མ་བྱས་རྗེས་ཆེ་ཤོས་དེའི་ལོ་རྒྱུས་དང་འབྲེལ་ནས་བོད་ཀྱི་བུད་མེད་དམ་ཨ་མའི་དུས་ཆེན་དུ་བརྩིས་ན་ཡག་ཤོས་སུ་མཐོང་། བུད་མེད་ལས་ཨ་མ་ནི་འདས་མ་འོངས་པའི་མིའི་རིགས་དང་། ལོ་རྒྱུས་དང་། ནང་སྒོས་སུ་བོད་ཀྱི་བུད་མེད་ནི་ཨ་མ་རུ་མ་ཆགས་ན་བོད་མི་རིགས་ལ་གནོད་སྐྱོན་དང་། གྱོང་ག་ཚད་རེག་པ། ཨ་མ་ཞིག་ཆགས་ན་བོད་ཀྱི་མི་འབོར་དང་། ཆོས་དང་རིག་གཞུང་། བྱིས་པའི་འཕྲོད་སྟེན་སོགས་ལ་ཕན་ཐོག་ཅི་ཡོད་པ་བསམ་བློ་བཏང་ན་ཨ་མ་དེ་བུད་མེད་ལས་གལ་ཆེ་བ་མཐོང་བྱུང་། དེར་བརྟེན། བོད་ཀྱི་ཨ་མའི་དུས་ཆེན་ཟེར་ན་ལེགས། བུད་མེད་ཡིན་ན་ཨ་མ་ཡིན་པས་ཁྱད་ཟེར་བའི་དྲི་བ་ཡོང་སྲིད། དེང་གི་དུས་འདིར་བུད་མེད་ཡིན་ན་ཨ་མ་ཆགས་པར་ངེས་པ་མེད་པས། དཔེར་ན། ནུབ་ཕྱོགས་རྒྱལ་ཁབ་ཁ་ཤས་སུ་མཚན་མཐུན་ཆང་ས་རྒྱག་དང་རྒྱག་བཞིན་པ་མིག་མཐོང་ལས་སྲིན་ཞིག་ཡིན་པ་མ་ཟད། ཁོང་ཚོར་ཕྲུ་གུ་དགོས་ངེས་མེད་པ་དེ་ཡང་མི་རིགས་ཇེ་ཉུང་དུ་སོང་དང་འགྲོ་བཞིན་པ་རེད། དེ་བས་ན་རང་རིགས་བོད་ཀྱི་བུད་མེད་རྣམས་ལ་ཡང་དེ་འདྲའི་འགྱུར་ལྡོག་ཅིག་བྱུང་དང་འབྱུང་གིན་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese