ཁ་ལེ་ཧྥོར་ནེ་ཡའི་ནང་མེ་སྐྱོན་ཚབས་ཆེན་བྱུང་།

ཨ་རིའི་མངའ་སྡེ་ཁ་ལེ་ཧྥོར་ནེ་ཡའི་བྱང་ཁུལ་དུ་མེ་སྐྱོན་བྱུང་སྟེ་ཡུལ་མི་ ༢༩༧ ལྷག་ཤི་རྨས་དང་བོར་བརླག་ཕྱིན་པར་མ་ཟད། ཡུལ་མི་ ༢༠༠༠༠ ལྷག་བདེ་འཇགས་ས་ཁུལ་དུ་གནས་སྤོར་དགོས་བྱུང་ཡོད་འདུག

དེ་རིང་སི་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ནས་ཨ་རིའི་ནུབ་རྒྱུད་མངའ་སྡེ་ཁ་ལེ་ཧྥོར་ནེ་ཡའི་བྱང་ཁུལ་གྱི་ནཱ་པཱ་ (Napa) དང་སོ་ནོ་མཱ་ (Sonoma)། སན་ཊ་རའོ་སཱ་ (Santa Rosa) སོགས་ཀྱི་གཙོས་ས་གནས་ ༥༥ ནང་རང་བྱུང་མེ་སྐྱོན་ཆེན་པོ་བྱུང་ཡོད་པ་དང་། མེ་སྐྱོན་ཁྲོད་ད་སྔ་ཡུལ་མི་ ༡༧ ཤི་བ་དང་། མི་ ༡༨༠ བོར་བརླག མི་ ༡༠༠ ལྷག་རྨས་ཏེ་སྨན་བཅོས་བྱེད་བཞིན་ཡོད་པ་དང་། ས་ཁུལ་དེ་དག་ནང་མེ་གསོད་རུ་ཁག་བརྒྱ་ཕྲག་མང་པོས་མེ་གསོད་བཞིན་ཡོད་འདུག

བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། མེ་སྐྱོན་བྱུང་ཁུལ་ཁག་ཏུ་ནགས་ཚལ་སྟུག་ཅིང་ཐན་པ་ཆེན་པོ་བྱུང་བར་བརྟེན་ནས་དོན་རྐྱེན་བྱུང་ཡོད་སྐོར་བརྗོད་ཀྱི་འདུག་ལ། ཐེངས་འདིའི་མེ་སྐྱོན་ཁྲོད་ས་ཁྱོན་ཨེ་ཀར་༢༧༠༠༠༠ ལྷག་མེས་འཚིགས་ཏེ། ཡུལ་མིའི་ཚོང་གཉེར་ཁང་དང་སྨན་ཁང་། སྡོད་ཁང་ཁྱོན་ ༢༠༠༠ ལྷག་ལ་གནོད་པ་ཐེབས་ཡོད་པ་དང་། ད་ཆར་མེ་སྐྱོན་བྱུང་སའི་ཡུལ་མི་ ༣༥༠༠༠  ལྷག་ལ་གློག་མེད་པའི་དཀའ་ཁག་འཕྲད་ཡོད་འདུག

ཕྱི་ལོ་ ༡༩༣༢ ནས་ད་ལྟའི་བར་དུ་མངའ་ཁུལ་དེར་མེ་སྐྱོན་ཆེན་པོ་ ༢༠ བྱུང་ཡོད་པ་དང་། འདས་ལོའི་མེ་སྐྱོན་ཁྲོད་ས་ཁྱོན་ཨེ་ཀར་ ༦༩༨༦ ལ་གནོད་སྐྱོན་དང་། མི་མང་ ༨༥༠༠ གནས་སྤོར་དགོས་བྱུང་ཡོད་པ་རེད། ད་ལན་གྱི་མེ་སྐྱོན་འདི་ནི་ཡུལ་དེའི་ལོ་རྒྱུས་ནང་གོད་ཆག་ཆེ་ཤོས་དེ་ཆགས་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༡༠/༡༡

Leave a Reply

3 thoughts on “ཁ་ལེ་ཧྥོར་ནེ་ཡའི་ནང་མེ་སྐྱོན་ཚབས་ཆེན་བྱུང་།

 1. གཞུང་པ་ཚེ་དབང་བསོད་ནམས་ཡ

  ས་ཆུ་མེ་རླུང་འབྱུང་བའི་བར་ཆད་འོག་།
  འཆི་བའི་འགྲོ་བ་སྲོག་ཆགས་འབུ་སྲིན་སོགས་།
  ལས་ངན་སྡིག་སྒྲིབ་དག་ནས་བདེ་ཆེན་ལམ་།
  མྱུར་དུ་འོད་དཔག་མེད་པའི་ཞིང་དུ་སྐྱེ་བ་ཤོག་།
  ཨོམ་ཨ་མི་སྡེ་ཝ་ཧྲི་་་་་་་་་་་་་ཧྲི ཧྲི ཧྲི ་་་་

 2. རྒྱུད་གྲྭ་བློ་བཟང་དབང་འདུས།

  ཨོཾ་མ་ཎི་པདྨེ་ཧཱུཾ། མིའི་གྲངས་ཀ་མ་གཏོགས་ འབུ་སྲིན་སྲོག་ཆག་གི་གྲངས་ཀ་མིན་འདུག་ག ཅོ་ TRUMP ཡི་འཁོར་ཡུག་རྡོག་རོལ་གྱི་འབྲས་བུ། སྲིན་གཟུར་ Mr Obama སླར་ཡང་ཤུག་བརྒྱབ།