ཏཱ་ལའི་བླ་མར་ཐུག་འཕྲད་བྱས་ན་ཁྲིམས་འགལ་ཡིན་ཟེར།

རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་འཁྲིད་ཀྲང་ཡེ་ཅོང་ཟེར་བ་ཞིག་གིས་ཕྱིའི་རྒྱལ་ཁབ་ཁག་གི་དཔོན་རིགས་ཚོས་གཞུང་འབྲེལ་མ་ཡིན་པའི་ཐོག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་པ་ཡིན་ནའང་མི་ཆོག་སྐོར་བརྗོད་འདུག

དེ་རིང་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་གཞོན་པ་ཀྲང་ཡེ་ཅོང་ (Zhang Yijiong) ཟེར་བ་དེས། དམར་ཤོག་ཚོགས་ཆེན་གྱི་ཟུར་དུ་གསར་འགོད་པར་ཐུག་འཕྲད་བྱེད་སྐབས། ཕྱིའི་རྒྱལ་ཁབ་དང་སྒྲིག་འཛུགས་ཀྱི་དཔོན་རིགས་སུ་ཡིན་ཡང་ཏཱ་ལའི་བླ་མར་ཐུག་འཕྲད་བྱེད་པ་ནི་རྒྱ་ནག་ལ་ཁྲིམས་འགལ་གྱིས་དོ་ཕོག་བཟོས་པ་རེད། ཏཱ་ལའི་བླ་མ་དང་ཐུག་འཕྲད་བྱས་པ་དེར་ཁ་གཡར་ས་གང་ཡང་མེད། དཔོན་རིགས་ཁ་ཤས་ཀྱིས་ཏཱ་ལའི་བླ་མ་ནི་ཆོས་ལུགས་དབུ་འཁྲིད་ཅིག་ཡིན་ཚུལ་རྗོད་བཞིན་ཡོད་ན་ཡང་། རྒྱ་ནག་གཞུང་གིས་དེ་ལྟར་ངོས་འཛིན་བྱེད་གྱིན་མེད། ནང་བསྟན་ཆོས་ལུགས་ནི་རྩ་ཆེན་པོ་ཡིན་ཡང་དེ་ནི་ཕྱི་ཕྱོགས་ནས་དར་ཁྱབ་བྱུང་བ་ཞིག་མིན་པར་གནའ་བོའི་རྒྱ་ནག་གི་ཆོས་ལུགས་རིག་གནས་ནས་དར་བ་རེད། ཅེས་བརྗོད་འདུག

ཧིན་རྡུ་དུས་བབ་ནང་དེ་དང་འབྲེལ་བའི་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པ་ངོས་ལེན་བྱེད་ཀྱི་མེད་པར་མ་ཟད། རྒྱ་ནག་གཞུང་གི་འཛིན་སྐྱོང་འོག བོད་དེ་རྨོངས་དད་དང་རྗེས་ལུས་ནས་ཡར་རྒྱས་གོང་འཕེལ་བཏང་ཡོད་ལུགས་དང་། རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་ལ་བརྩི་བཀུར་བྱེད་ཀྱི་ཡོད་སྐོར་བཤད་ཀྱི་འདུག ཅེས་བརྗོད་འདུག

ཀྲང་ཡེ་ཅིན་ནི་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་གཞོན་པ་ཡིན་ལ། སྔོན་ཆད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚབ་དང་ཐུག་འཕྲད་བྱས་མྱོང་ཡོད་པ་དང་། ཕྱི་ལོ་ ༢༠༠༦ ནས་ ༢༠༡༠ བར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཡིན་འདུག

གསར་འགོད་པ། པདྨ་རྒྱལ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༡༠/༢༡

Leave a Reply

4 thoughts on “ཏཱ་ལའི་བླ་མར་ཐུག་འཕྲད་བྱས་ན་ཁྲིམས་འགལ་ཡིན་ཟེར།

  1. ༄༅། རེད་རེད།་ལོའི་ཡིན།
    རྒྱ་ནག་དམར་ཤོག་ཚོགས་པ་མ་གཐོགས་ཏ་ལའི་བླ་མར་མཇལ་འཕྲད་གནང་ན་ཁྲིམས་འགལ་ཡིན་ཟེར་མཁན་
    འཛམ་གླིང་རྒྱལ་ཁབ་ ༡༩༠ ནང་སུ་ཡང་ཡོད་པ་མ་རེད། རྒྱ་དམར་པོ་གཅིག་པུ་དེ་རེད།
    གང་ཡིན་ཟེར་ན་ཏ་ལའི་བླ་མའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་་་དྲང་བདེན་དང། རིས་མེད་སྐྱེ་འགྲོ་ཡོངས་ལ་
    བྱམས་དང་བརྩེ་བ་སྙིང་རྗེ་གསུམ་གྱིས་ཡོན་ཏན་ལ་རྒྱ་ནག་དམར་ཤོགས་དཔོན་རིགས་ཚོ་འགྲན་རྩོད་གཏན་ནས་
    ཐུབ་ཐབས་མེད་སྟབས་ཁྲིམས་འགལ་རེད་ཅེས་བརྗོད་ཀྱི་ཡོད།
    རྒྱ་ནག་དམར་ཤོག་ཀྱི་ཁྲིམས་དེ་སུས་བཟོས་པ་རེད།
    འཛམ་གླིང་རྒྱལ་སྤྱིའི་ཁྲིམས་དང་རྩ་གཏན་ནས་མཐུན་གྱི་མེད་པ་དེ་ཤེས་དགོས་པ་རེད།

  2. ༄༅། མང་པོ་ཞིག་ནས་རྒྱ་ནག་དམར་ཤོག་ཚོགས་ཆེན་ཐེངས་་་༡༩ སྐབས་སྲིད་འཛིན་སུ་ཡོང་མིན་སྐོར་
    སྐད་ཆ་ཇི་ལྟར་བཤད་ཀྱང་རུང་མ་བཤད་ཀྱང་རུང་དོན་དངོས་ཟླ་མང་པོའི་གོང་ནས་ནང་གཏན་འཁེལ་བ་
    བཞིན་ཞི་ཅིང་ཕན་རང་རེད་འདུག་དེའི་ནང་ནས་ཕྱི་བསྒྲགས་བྱས་དོན་ནི། ཏ་ལའི་བླ་མར་མཇལ་གླེང་བྱས་ན་ཁྲིམས་འགལ་རེད་ཅེས་བཤད་དོན་ནི་་་ཏ་ལའི་བླ་མས་འཛམ་གླིང་ནང་་་
    ཞི་བདེ་དང་།བྱམས་བརྕེ་་་དྲང་བདེན་་སྤེལ་གྱི་ཡོད་སྟབས་ཁོང་གི་་་ཁོང་གི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལ་་འཇིགས་
    ཤིང་སྐྲག་ནས་སྡུག་ངན་བརྒྱབ་ཀྱི་ཡོད་པ་རེད།
    ཏ་ལའི་བླ་མར་མཇལ་འཕྲད་གནང་ན་་་་་་་་་་་་་ཁྲིམས་འགལ་དང་གཅིག་
    འགྲོ་བ་མིའི་རང་དབང་ཐོབ་ཐང་སྐོར་གླེང་ན་་་་ཁྲིམས་འགལ་དང་གཉིས་།
    དྲང་བདེན་ཁུངས་ལུང་ལྡན་པའི་སྐད་ཆ་བཤད་ན་་་ཁྲིམས་འགལ་དང་གསུམ།
    ཆོས་དད་རང་དབང་སྐོར་གླེང་ན་་་་་་་་་་་་་་་་་་་་་་་་་ཁྲིམས་འགལ་དང་བཞི་བཅས་པ་ནི་རྒྱ་ནག་དམར་ཤོག་
    སྐྱག་རྗུན་རིང་ལུགས་ཀྱི་རྒྱུན་དུ་བརྗོད་བཞིན་པ་ནི་ནམ་ཡང་ས་བརྟན་ཡོང་གི་མ་རེད་དོ།

  3. རྒྱུད་གྲྭ་བློ་བཟང་དབང་འདུས།

    བོད་ཀྱི་ནང་ཆོས་བྱུང་ཁུངས་ནི་ དཔལ་ན་ལཎ་ད་ནས་རེད། ན་ལཎ་ད་རྒྱ་དམར་གྱི་ཡིན་དོག་དོག་ཡིན་ན། ཨོ་ཧོ། བོད་ཀྱི་ལས་ངན། གུང་ཕྲན་སྨྱོན་པའི་རྒྱལ་ཁབ་འོག་ལ་ཚུད།

  4. གཞུང་པ་ཚེ་དབང་བསོད་ནམས་ཡ

    བོད་ཀྱི་གོང་ས་ཏ་ལའི་བླ་མ་མཆོག་གི་སྐུ་གསུང་ཐུགས་ཀྱི་ཡོན་་ཏན་ལ་རྒྱ་དཔོན་ཚོ་ཀྲག་ནས་སྐད་ངན་འཛམ་གླིང་ལ་གྲགས་པ་འདིའི་བོད་རྒྱ་མིའི་ཟོས་ཀྱང་འཇུ་མ་ཐུབ་ནས་བསྡད་ཡོད་པ་གསལ་པོ་བསྟན་པ་མ་རེད་དམ་།