རྒྱ་གར་གཞུང་གི་དཔོན་རིཊ་ཨ་རུ་ན་ཅལ་ནང་འགྲོ་མི་ཆོག

རྒྱ་ནག་གཞུང་གིས་རྒྱ་གར་རྒྱལ་སྲུང་བློན་ཆེན་ལགས་ཀྱིས་ཨ་རུ་ན་ཅལ་ནང་གཟིགས་སྐོར་གནང་པ་དེས་ཕྱོགས་གཉིས་བར་གྱི་ས་མཚམས་རྩོད་གླེང་ཇེ་ཆེར་བཏང་ཡོད་ལུགས་བཤད་འདུག

ཁ་སང་རྒྱ་གར་རྒྱལ་སྲུང་བློན་ཆེན་ལྕམ་ཤེ་ཐཱ་ར་མན་ (Sitharaman) ལགས་ཨ་རུ་ན་ཅལ་མངའ་སྡེའི་ནང་གཟིགས་སྐོར་དུ་ཕེབས་ཡོད་པར་བརྟེན། ཉིན་རྒྱབ་ཏུ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་གསར་འགོད་གསལ་བསྒྲགས་སྤེལ་ཏེ། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲུན་ཡེན་ (Hua Chunying) ཟེར་བ་དེས། རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་རྒྱ་དཀར་ནག་གི་ས་མཚམས་སུ་བསྐྱོད་པ་དེས་ཕྱོགས་གཉིས་བར་གྱི་ས་མཚམས་རྩོད་རྙོག་ཇེ་ཆེར་བཏང་བ་མ་གཏོགས། རྩོད་རྙོག་ཞི་འགྲིག་ཡོང་ཐབས་ལ་ཕན་ཐོགས་མེད་སྟབས། རྒྱ་གར་གཞུང་ནས་ཕྱོགས་གཉིས་བར་གྱི་ས་མཚམས་རྩོད་གླེང་ཞི་འགྲིག་ཡོང་ཐབས་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན་ནས་གྲོས་མོལ་བྱ་བའི་རེ་བ་ཡོད། ཅེས་བཤད་འདུག

རྒྱ་གར་ཕྱོགས་ནས་དེར་གསལ་བཤད་གང་ཡང་བྱས་མེད་ནའང་། རྒྱ་གར་རྒྱལ་སྲུང་བློན་ཆེན་ནས་མོ་རང་སྒེར་གྱི་ཊི་ཝི་ཊི་ (tweet) སྟེང་དུ། ཁོ་མོ་ཨ་རུ་ན་ཅལ་མངའ་སྡེའི་ནང་ཕྱིན་པའི་འདྲ་པར་དང་། རྒྱ་གར་མཐའ་སྲུང་དམག་མིར་ཐུག་འཕྲད་བྱས་པའི་འདྲ་པར་མང་པོ་སྤེལ་ཡོད་པ་དང་། ཁོ་མོ་ཨ་རུ་ན་ཅལ་མངའ་ཁུལ་དུ་འགྲོ་དོན་གཙོ་བོ་རྒྱ་གར་གྱི་ས་མཚམས་སྲུང་སྐྱོབ་དང་བདེ་འཇགས་ཀྱི་ཆེད་དུ་ཡིན་སྐོར་བརྗོད་ཡོད་འདུག

ཨ་རུ་ན་ཅལ་མངའ་ཁུལ་ནི་ད་ལྟའི་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་སུ་འཁེལ་ཡོད་སྟབས། པེ་ཅིན་གཞུང་གིས་ས་ཁུལ་དེ་ནི་ལྷོ་བོད་ (Southern Tibet) ཀྱི་ཆ་ཤས་དང་རྒྱ་ནག་གི་མངའ་ཁོངས་ཡིན་ལུགས་བཤད་ཀྱི་ཡོད་པ་དང་། ལྡི་ལི་གཞུང་གིས་ས་ཁུལ་དེ་ནི་རྒྱ་གར་གྱི་མངའ་ཁུལ་ཡིན་ཞེས་འཛིན་སྐྱོང་འོག་ཡོད་པ་མ་ཟད། ཉེ་བའི་ལོ་ཤས་ནས་ཁུལ་དེའི་འཛིན་སྐྱོང་ལ་ཤུགས་གནོན་དང་མཐའ་མཚམས་སྲུང་སྐྱོབ་སྔར་ལྷག་བྱེད་ཀྱི་ཡོད་པ་རེད།

ཕྱི་ལོ་ ༢༠༡༤ ལོ་ནས་རྒྱ་དཀར་ནག་གཉིས་ཀྱི་དམིགས་བསལ་སྐུ་ཚབ་བར་ས་མཚམས་རྩོད་གླེང་ཞི་འགྲིག་ཡོང་ཐབས་ཀྱི་གྲོས་མོལ་གཙོ་བོ་ཐེངས་གཉིས་བྱུང་ཡོད་པ་དང་། གྲོས་མོལ་ཐེངས་དང་པོ་ (The 18th Round Talks) དེ་ཕྱི་ལོ་ ༢༠༡༥ ལོར་རྒྱ་གར་རྒྱལ་ས་ལྡི་ལིར་ཚོགས་པ་དང་། གྲོས་མོལ་ཐེངས་གཉིས་པ་ (The 19th Round Talks) དེ་རྒྱ་ནག་རྒྱལ་ས་པེ་ཅིན་དུ་ཚོགས་ཡོད་ཀྱང་། སྔ་རྗེས་ཀྱི་གྲོས་མོལ་བརྒྱུད་ནས་ས་མཚམས་རྩོད་གླེང་ཞི་འགྲིག་བཟོ་ཐུབ་མེད་པར་བརྟེན།  གྲོས་མོལ་ཐེངས་གསུམ་པ་ (The 20th Round Talks)  དེ་འདི་ལོར་རྒྱ་གར་ནང་འཚོགས་འཆར་ཡོད་ནའང་། ད་སྔ་གྲོས་མོལ་ཐེངས་གསུམ་པའི་ཟླ་ཚེས་གསལ་བསྒྲགས་བྱས་མེད་པ་རེད།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༡༡/༠༧

Leave a Reply

2 thoughts on “རྒྱ་གར་གཞུང་གི་དཔོན་རིཊ་ཨ་རུ་ན་ཅལ་ནང་འགྲོ་མི་ཆོག

  1. གཞུང་པ་ཚེ་དབང་བསོད་ནམས་ཡ

    ད་ང་ཚོའི་ཆབ་སྲིད་ཡག་པོ་ཤེས་པ་གནང་རོགས་དེ་མིན་རྒྱ་མིའི་བོད་སྐད་ཡིག་བེད་སྤྱོད་བྱ་མཁན་གྱི་ས་འབྲེལ་མི་རིགས་ཚང་མ་བོད་པ་ལ་ངོས་འཛིན་བྱས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མི་རིགས་ས་གནས་རང་སྐྱོང་གི་ཐོབ་ཐང་གནང་རྒྱུའི་ཐབས་ཤེས་བྱེད་བཞིན་པ་མ་རེད་དམ་