མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་ངོ་བོ་ཟེར་ན་རྡོ་ཆག་བཙན་སྒྲིག་འདྲ་བོ་ཞིག་འདུག

བོད་ཀྱི་དུས་བབ།
༢༠༡༧/༡༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་ངོ་བོ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་སྐབས་ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་དགེ་རྒན་གཙང་ཕྲུག་སྟོབས་ལགས་ཀྱིས་བོད་མིའི་ངོ་བོ་ཟེར་དུས་དབྱིན་སྐད་ནས་བོད་པའི་ཐ་སྙད་དུ་རྡོ་ཆག་བཙན་སྒྲིག་བྱས་པ་ལྟ་བུ་ཞིག་ཏུ་མཐོང་ཡོད་སྐོར་བརྗོད་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ པའི་སྟེང་དྷ་སའི་ཉེ་འཁྲིས་སུ་ཡོད་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་དང་ས་རཱ་མཐོ་སློབ་གཉིས་ཀྱི་གོ་སྒྲིག་འོག བོད་མིའི་ངོ་བོ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་ཚོགས་སོང་བ་དང་། བགྲོ་གླེང་ཐོག་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དེང་རབས་དང་སྲོལ་རྒྱུན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་དང་། ས་རཱའི་སློབ་སྤྱི་པ་སངས་ཚེ་རིང་ལགས་དང་། ལོ་རྒྱུས་དགེ་རྒན་གཙང་ཕྲུག་སྟོབས་ལགས། དེ་བཞིན། དྷ་སའི་ཉེ་འགྲམ་ནོར་གླིང་མཐོ་སློབ་དང་། ཤེས་རབ་དགའ་ཚལ་སློབ་གླིང་། སྨན་རྩིས་ཁང་མཐོ་སློབ། བཙུན་དགོན་སྒྲོལ་མ་གླིང་། དེ་བཞིན་ས་རཱ་བཅས་ནས་ཕེབས་པའི་གཏམ་བཤད་པ་དང་སློབ་ཕྲུག་བཅས་འཛོམས་འདུག

ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་དགེ་རྒན་གཙང་ཕྲུག་སྟོབས་ལགས་ཀྱིས།  ང་ལ་མཚོན་ན་བོད་མིའི་ངོ་བོ་བཤད་རོགས་ལབ་དུས་བོད་མིའི་ངོ་བོ་ཞེས་པ་དེ་འདི་འདྲ་ཞིག་རེད་བསམ་པ་ཀླད་པའི་ནང་མེད་སྟབས་ཚིག་གསར་པ་ཞིག་ཆགས་འདུག  ང་ཚོས་བོད་མིའི་ངོ་བོ་ཞེས་པ་དེ་ནུབ་ཕྱོགས་པའི་སྐད་ཆ་ཞིག་བོད་པའི་ཐ་སྙད་ནང་རྡོ་ཆག་བཙན་སྒྲིག་བྱས་པ་ལྟ་བུ་ཞིག་ཏུ་མཐོང་གི་འདུག་སྟབས། བོད་པ་རང་གི་ཐ་སྙད་དུ་ངོ་བོ་ཟེར་བ་དེ་བོད་མིའི་ཁྱད་ཆོས་སམ་རྣམ་པ་ལ་ཟེར་གྱི་ཡོད། མི་རིགས་གཞན་དང་ལོགས་སུ་ཐོན་པའི་བོད་མིའི་ཐུན་མོང་མ་ཡིན་པའི་རྣམ་པའམ་ཁྱད་ཆོས་ལ་གོ་ཡི་ཡོད། དེ་ཡང་ནུབ་ཕྱོགས་སུ་ཡོད་པའི་བོད་ཕྲུག་ཅིག་དྷ་སར་འབྱོར་སྐབས། ང་ཚོས་ཁོ་ལ་བོད་མིའི་གཡའ་མི་འདུག་ཟེར་བའམ་ཡང་ན་བོད་པའི་ཁྱད་ཆོས་མི་འདུག་ཟེར་བ་ལས་ངོ་བོ་མི་འདུག་ཟེར་གྱི་མེད།  ངོ་བོ་ཟེར་དུས་རང་བཞིན་དང་གནས་ལུགས་ལ་འགྲོ་ཡི་ཡོད། དེ་ལས་ཁྱད་ཆོས་ལབ་པ་ཡིན་ན་ཁྱད་པར་གྱི་ཆོས་དེ་གཞན་དང་མི་འདྲ་བའམ་གཞན་ལས་ལྷག་པའི་ཡོན་ཏན་ལ་གོ་ཡི་ཡོད་པ་དང་། རྣམ་པ་ཟེར་དུས་ཡང་རྒྱ་གར་ལས་བོད་པ་ལོགས་སུ་དབྱེ་ལྟ་བུ་རིགས་སམ་དབྱེ་བ་ལ་གོ་ཡི་ཡོད། དེར་བརྟེན། ང་ཚོའི་བོད་པའི་ཐ་སྙད་ནང་ངོ་བོ་ཞེས་པའི་ཚིག་འདི་བེད་སྤྱོད་གཏོང་སྟངས་ནུབ་ཕྱོགས་ནས་འཁྱེར་ཡོང་བའམ་ཤེས་རིག་ལས་ཁུངས་ཀྱིས་དེབ་ཡང་བཏོན་ཟིན་འདུག གང་ལྟར་ཀྱང་། ང་ཚོ་བོད་པ་རང་ལ་ཡོད་པའི་ཐ་སྙད་དེ་བེད་སྤྱོད་ཡག་པོ་ཞིག་མ་བཏང་བའམ་གོ་བ་ཡག་པོ་ཞིག་མ་ལོན་པར་གློ་བུར་དུ་དབྱིན་ཡིག་ཐ་སྙད་ཞིག་འཁྱེར་ཡོང་སྟེ། བརྗོད་བདེ་དང་འཇུག་མིན་ལ་མ་བལྟས་པར་བོད་ཡིག་ནང་རྡོ་ཆག་བཙན་སྒྲིག་བྱས་པ་ཞིག་ཏུ་མཐོང་གི་འདུག་སྟབས། ང་ཚོས་མ་འོངས་པར་འདིའི་རིགས་ལ་གཟབ་གཟབ་བྱ་དགོས་པ་གལ་གནད་དུ་མཐོང་། བོད་མིའི་ངོ་བོ་བམ་ཡང་ན་བོད་མིའི་ཁྱད་ཆོས་དང་རྣམ་པ་ཟེར་དུས་གོ་བ་ལེན་དགོས་ས་གཙོ་བོ་ནི་རིགས་དང་རུས། སྐད་དང་རིག་གཞུང་།  སྲོལ་རྒྱུན་དང་གོམས་གཤིས་བཅས་ལ་གོ་དགོས་རེད་བསམ། དེ་ཡང་བོད་པའི་སྤྱི་ཚོགས་ནང་ལས་ཀ་ཆུང་གྲས་ནས་ནམ་རྒྱུན་རྒན་བཀུར་གཞོན་གཅེས་དང་། མགྲོན་ལ་ཕྱག་དང་ཞེ་ས། ཡ་རབས་བཟང་སྤྱོད་སོགས་མི་རིགས་གཞན་དང་མི་འདྲ་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པ་རེད། ཅེས་སོགས་བརྗོད་སོང་།

དེའི་རྗེས་ཤེས་རིག་ལས་ཁུངས་ཀྱི་དེང་རབས་དང་སྲོལ་རྒྱུན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་བགྲོ་གླེང་གི་དགོས་དམིགས་སྐོར་ལ། ལས་གཞི་འདི་ཐོག་མར་ཨ་རིར་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་བ་དང་དམིགས་བསལ་བྱིས་པ་ཚོར་ལྟ་སྐྱོང་གནང་མཁན་ཉི་ཧོང་གི་རཱེ་མ་ཧྥི་ཇི་ཏ་ཟེར་བའི་བུད་མེད་ཅིག་གིས་ལོ་ཤས་གོང་༧ གོང་ས་མཆོག་ལ་མཇལ་འཕྲད་ཞུས་ཏེ། མོས་སེམས་འཚབ་ཆེན་པོས་བོད་པའི་གཞོན་སྐྱེས་ཚོར་བོད་པའི་ངོ་བོ་ངོ་སྤྲོད་བྱ་རྒྱུ་གལ་ཆེན་དུ་རྩིས་ཏེ་མཐུན་རྐྱེན་མཁོ་སྒྲུབ་བྱ་རྒྱུའི་ཁས་བླངས་ཡོད་པ་ཤེས་རིག་ལས་ཁུངས་ཀྱིས་ཀྱང་གལ་གནད་དུ་རྩིས་ཏེ། ཤེས་རིག་ལས་ཁུངས་ཀྱི་ནང་གསེས་སྡེ་ཚན་རྩོམ་རིག་དང་ཐ་སྙད་སྡེ་ཚན་གྱིས་འགན་འཁུར་ཏེ། བོད་པའི་སློབ་གྲྭ་ཁག་གཙོས་པའི་སྤྱི་ཚོགས་ནང་བོད་མིའི་ངོ་བོ་བམ་བོད་མི་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་དང་འབྲེལ་ཏེ། བོད་མིའི་ངོ་བོ་སྲུང་སྐྱོབ་དང་མི་ཉམས་རྒྱུན་འཛིན་ཡོང་ཆེད་དུ་ལས་འགུལ་སྤེལ་དགོས་སྐོར་གྱི་གསལ་བསྒྲགས་སྤེལ་ཏེ། འཛམ་གླིང་རྒྱལ་ཁབ་ཁག་ལྔའི་ནང་གྲོས་འཛོམས་བྱུང་ཡོད་སྐོར་ཤེས་རིག་ལས་ཁུངས་སུ་འབྱོར་འདུག་ལ།  དེའི་ནང་ཆ་ཤས་ལེན་མཁན་ལོ་ ༡༦ ནས་ ༣༥ བར་ཤ་སྟག་ཡིན་པ་དང་། ད་བར་བོད་མིའི་ངོ་བོ་དང་འབྲེལ་བའི་གྲོས་འཛོམས་ཐོག་བོད་རྩོམ་ ༡༩ དང་དབྱིན་རྩོམ་ ༢༨ ཁྱོན་བསྡོམས་རྩོམ་ཡིག་ ༤༧ འབྱོར་ཡོད་པའི་གྲས་ནས་རྩོམ་ཡིག་རྩེ་ཕུད་ ༢༤ དཔྱད་འདེམས་བྱས་ཏེ་དེབ་ཅིག་པར་སྐྲུན་ཞུས་ཡོད་ལ། དཔེ་དེབ་དེ་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་རིགས་འདུས་སྡོད་ཀྱི་ས་ཁུལ་དགོན་སྡེ་ཁག་དང་སློབ་གྲྭ་ཁག  དེ་བཞིན་མི་མང་ནང་འགྲེམས་སྤེལ་ཞུས་ཡོད། མདོར་དེད་ན། ལས་གཞི་འདིའི་དམིགས་ཡུལ་གཙོ་བོ་ནི་བཙན་བྱོལ་སྤྱི་ཚོགས་ནང་བོད་མིའི་ངོ་བོ་བམ་བོད་མིའི་རང་གཤིས་ལབ་ན་ག་འདྲ་ཞིག་ལ་ངོས་འཛིན་བྱ་དགོས་མིན་ཐད་གོ་རྟོགས་སྤེལ་ཏེ་ཁྱབ་རྒྱ་ཆེ་རུ་གཏོང་ཐབས་དང་།  ལྷག་པར་དུ་གཞོན་སྐྱེས་ཚོ་བཙན་བྱོལ་གྱི་མི་ཐོག་གསུམ་པ་ཆགས་བསྡད་ཡོད་དུས། ཁོ་ཚོར་ཆེད་དམིགས་ཀྱིས་གོ་རྟོགས་སྤེལ་ཆེད་བགྲོ་གླེང་ཚོགས་པ་དང་གཏམ་བཤད་སྤེལ་བ་སོགས་ལ་ཤེས་རིག་ལས་ཁུངས་ནས་བཀོད་ཁྱབ་བཏང་བསྡད་ཡོད་པ་རེད། དེ་རིང་འདིར་ནོར་གླིང་མཐོ་སློབ་དང་། ཤེས་རབ་དགའ་ཚལ་སློབ་གླིང་། སྨན་རྩིས་ཁང་མཐོ་སློབ་། བཙུན་དགོན་སྒྲོལ་མ་གླིང་། དེ་བཞིན་ས་རཱ་མཐོ་སློབ་བཅས་ནས་བགྲོ་གླེང་ནང་མཉམ་ཞུགས་གནང་ཡོད་པ་དང་། མ་འོངས་པར་ང་ཚོས་ལས་གཞི་འདི་རྒྱ་ཆེ་རུ་བཏང་སྟེ་བོད་པའི་སློབ་གྲྭ་ཁག་ཚང་མའི་ནང་སྤེལ་རྒྱུའི་དམིགས་ཡུལ་ཡོད། ཅེས་སོགས་བརྗོད་སོང་།

གསར་འགོད་པ། སྐལ་བཟང་སྤྱིན་པ།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༡༦ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

མཆན། 1

  1. རྒྱུད་གྲྭ་བློ་བཟང་དབང་འདུས། says:
    ལོ་ 9 སྔོན།

    ཨ། ཡ་མཚན། བོད་མི་ངོ་བོ་དང་། རིགས་གཞུང་ལ་སེམས་ཚབ་དང་ཐུགས་འཁུར་ཞེས་གནང་མཁན་ཕྱིའི་མི། ཁོང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེད། བོད་པ་ཚང་་་ ངོ་ཚ། ངོ་ཚ། How Shameful

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese