མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

བོད་ཀྱི་དུས་བབ།
༢༠༢༦/༠༨/༠༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་རྒྱ་གར་ནང་གི་གསར་འགོད་རང་དབང་ལ་ཐེ་གཏོགས་བྱས་ཏེ། རྒྱ་ནག་གི་རྫུན་རྐུབ་བརྡོལ་མཁན་གྱི་བོད་པ་དང་རྒྱལ་སྤྱིའི་གསར་འགོད་པའི་ལས་དོན་འགོག་ཐབས་བྱེད་བཞིན་འདུག

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI

འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༢ དང་ ༡༣ ཉིན་གཉིས་རིང་རྒྱ་དཀར་ནག་གཉིས་དང་། ལྷོ་ཨ་ཧྥི་རི་ཀ་དང་བྷིར་ཛལ། ཨུ་རུ་སུ་བཅས་མཐུན་ཕྱོགས་རྒྱལ་ཁབ་ཁག་ལྔ་ཡི་བྷི་རིག་(BRICS Summit) ལྷན་ཚོགས་ཐེངས་བཅོ་བརྒྱད་པ་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་འཚོག་རྒྱུ་ཡིན་པ་ལྟར། དེ་རིང་རྒྱ་གར་གྱི་གསར་ཁང་ (ThePrint) གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གིས། བཙན་བྱོལ་བོད་མིའི་གསར་ཁང་ཁག་གི་གསར་འགོད་པ་རྣམས་དང་བོད་ཀྱི་བདེན་པའི་གནས་ཚུལ་ལ་རྒྱབ་སྐྱོར་གནང་མཁན་གྱི་གསར་འགོད་པ་གཞན། དེ་བཞིན་རྒྱ་ནག་གི་རྩ་རླུང་སྒོམ་སྒྲུབ་ཉམས་ལེན་ཚོགས་པ་(Falun Gong) སོགས་ཀྱི་གསར་འགོད་པ་དང་འབྲེལ་ཡོད་མི་སྣ་རྣམས་ལྷན་ཚོགས་དེའི་ནང་མཉམ་ཞུགས་བྱ་རྒྱུ་བཀག་སྡོམ་དགོས་པ་དང་ལྷག་པར་དུ་སྐབས་དེར་རྒྱ་ནག་གི་སྐུ་ཚབ་མི་སྣར་བོད་དོན་དང་འབྲེལ་བའི་དྲི་བ་འདྲི་བ་སོགས་ཀྱི་གོ་སྐབས་རྩ་བ་ནས་སྤྲོད་མི་ཆོག་པའི་སྐོར་རྒྱ་གར་ཕྱི་སྲིད་ལྷན་ཁང་ལ་ནན་བརྗོད་བྱས་ཡོད་འདུག

རྒྱ་ནག་གཞུང་གིས་རྒྱ་ནག་ནང་བཀག་སྡོམ་བྱས་པའི་རྩ་རླུང་སྒོམ་སྒྲུབ་ཉམས་ལེན་ཚོགས་པ་དང་འབྲེལ་བའི་ཨེ་ཕོག་དུས་བབ་ (Epoch Times) དང་ཤིན་ཐང་རིན་རྒྱ་ཡིག་དྲ་བ (NTD)། རེ་བའི་འབོད་སྒྲ་ (Sound of Hope)། རྒྱ་ནག་ལ་ལྟ་བ་ (Secret China) ཞེས་པ་སོགས་ཀྱི་གསར་འགོད་པ་རྣམས་དང་། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་པའི་གསར་ཁང་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་དང་ཕ་ཡུལ། བོད་ཀྱི་བང་ཆེན་དང་བོད་ཀྱི་དུས་བབ། བོད་ཀྱི་ཆ་འཕྲིན་དང་བོད་ཀྱི་རླུང་འཕྲིན། དེ་བཞིན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་སོགས་ཀྱི་གསར་འགོད་པ་རྣམས་བྷི་རིག་ལྷན་ཚོགས་ནང་མཉམ་ཞུགས་བྱས་ཏེ་གནས་ཚུལ་བསྡུ་འགོད་དང་དྲི་བ་དྲི་ལན་བྱ་རྒྱུ་བཀག་འགོག་བྱེད་རྩིས་འདུག་ལ། ཟླ་ ༧ ཚེས་ ༢༧ ཉིན་ནས་རྒྱ་གར་ཕྱི་སྲིད་ལྷན་ཁང་གིས་ལྷན་ཚོགས་དེའི་སྟེང་མཉམ་ཞུགས་བྱེད་མཁན་གྱི་གསར་འགོད་པ་རྣམས་ལ་ཆོག་མཆན་དང་ཐོ་འགོད་མགོ་བཙུགས་འདུག

རྒྱ་ནག་གཞུང་གིས་རྒྱ་ནག་གི་རྫུན་རྐུབ་བརྡོལ་མཁན་གྱི་བོད་པའི་གསར་ཁང་ཁག་དང་། རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་དང་རྩ་རླུང་སྒོམ་སྒྲུབ་ཚོགས་པ་སོགས་ཀྱི་གནས་ཚུལ་བོད་ནང་དང་རྒྱ་ནག་ནང་བཀག་སྡོམ་ནན་མོ་བྱས་དང་བྱེད་མུས་ཡིན་ལ། ད་ལྟ་བོད་ནང་དུ་བཙན་བྱོལ་བོད་མིའི་གསར་ཁང་ཁག་གི་གནས་ཚུལ་ལ་ལྟ་ཉན་བྱེད་པ་དང་བརྒྱུད་སྐུར་བྱས་པ་ཤེས་རྟོགས་བྱུང་ཚེ། འཕྲལ་དུ་འཛིན་བཟུང་བཀག་ཉར་བྱེད་བཞིན་ཡོད་པའི་དཔེ་མཚོན་གསར་ཤོས་ཤིག་ནི། ཕྱི་ལོ་ ༢༠༢༣ ལོར་རྒྱ་ནག་གཞུང་གིས་བླ་བྲང་དང་དེའི་གཡས་གཡོན་གྱི་དགེ་འདུན་པ་བཅུ་སྐོར་ཞིག་ལ་ཕྱི་ཕྱོགས་ཀྱི་གནས་ཚུལ་བརྒྱུད་སྤེལ་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ་ཁ་པར་ལ་སྔོག་བཤེར་དང་། ཟླ་གཉིས་ཡས་མས་ལ་ཆབ་སྲིད་ཀྱི་སློབ་གསོ་ཟེར་བ་བཏང་ཡོད། འདས་ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྱང་། རྒྱ་ནག་གཞུང་གིས་ཕྱི་ཕྱོགས་ཀྱི་གནས་ཚུལ་ལ་ལྟ་ཉན་དང་བརྒྱུད་སྐུར་བྱས་པའི་ཉེས་མིང་འོག་བོད་ནང་གི་བོད་མི་ཁྱོན་ ༦༠ ལྷག་འཛིན་བཟུང་བྱས་པའི་སྙན་ཐོ་བཏོན་ཡོད།

གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་ད་ལྟ་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ག་གཏད་གཅོག་མཁན་བོད་པ་དང་རྩ་རླུང་སྒོམ་སྒྲུབ་ཚོགས་པ་སོགས་ཀྱི་འབྲེལ་ཡོད་གསར་འགོད་པ་བཀག་འགོག་བྱེད་དོན་ནི། འཚོག་ལ་ཉེ་བའི་བྷི་རིག་ལྷན་ཚོགས་སྟེང་རྒྱ་ནག་གི་གཙོ་འཛིན་ཞི་ཅིན་ཕིན་མཉམ་ཞུགས་བྱ་སྲིད་པས་ཡིན་སྐོར་བརྗོད་འདུག་ནའང་། ད་ལྟ་ཞི་ཅིན་ཕིན་དང་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གཉིས་ལྷན་ཚོགས་དེར་མཉམ་ཞུགས་བྱེད་སྲིད་སྐོར་བརྗོད་པ་ལས་གཞུང་འབྲེལ་གྱི་ཐོག་ནས་གཏན་འཁེལ་བྱུང་བའི་གནས་ཚུལ་གང་ཡང་མི་འདུག

ཕྱི་ལོ་ ༢༠༢༣ ལོར་རྒྱ་ནག་གཞུང་གིས་རྒྱ་ནག་ནང་དང་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་ཤུགས་རྐྱེན་རྒྱ་ཁྱབ་གཏོང་བར་ཆེས་ཆེ་བའི་འགོག་རྐྱེན་ནམ་ཉེན་ཁ་དུག་ལྔ་ཞེས་པ་ཐེར་འདོན་བྱས་པའི་ཁྲོད། བོད་རང་བཙན་འཐབ་རྩོད་དང་ཐའེ་ཝན་རང་བཙན། ཤར་ཊུ་ཀི་སི་ཐན་ནམ་ཡུ་གུར་མི་མང་གི་ལས་འགུལ། རྩ་རླུང་སྒོམ་སྒྲུབ་ཉམས་ལེན་ཚོགས་པ་དང་རྒྱ་ནག་གི་དམངས་གཙོའི་ལས་འགུལ་བཅས་ཚུད་ཡོད་ལ། ཐེངས་འདིར་ཡང་རྒྱ་ནག་གཞུང་བོད་ཀྱི་བདེན་པའི་འཐབ་རྩོད་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ། ཆོས་དད་རང་དབང་སོགས་ཀྱི་དངོས་ཡོད་གནས་ཚུལ་ལ་གཡོལ་ཆེད་བོད་པ་དང་རྩ་རླུང་སྒོམ་སྒྲུབ་ཉམས་ལེན་ཚོགས་པ་དང་འབྲེལ་བའི་གསར་འགོད་པ་རྣམས་བཀག་འགོག་བྱེད་ཐབས་ཀྱི་འབད་བརྩོན་བྱེད་མུས་རེད་འདུག

PM in a family photograph with Members, Partners and Outreach invitees on the sidelines of 17th BRICS Summit at Rio de Janeiro, in Brazil on July 07, 2025.

གོ་ལའི་དཔལ་འབྱོར་དང་རྒྱལ་ཁབ་སོ་སོའི་དཔལ་འབྱོར་འཕེལ་རྒྱས་སུ་དམིགས་པའི་བྷི་རིག་ལྷན་ཚོགས་དེ་ཕྱི་ལོ་ ༢༠༠༦ ལོར་ཐོག་མར་གྲོས་མགོ་བཏོན་པ་དང་ ༢༠༠༩ ལོར་དངོས་སུ་རྒྱ་དཀར་ནག་གཉིས་དང་བྷར་ཛིལ། ཨུ་རུ་སུ། ལྷོ་ཨ་ཧྥི་རི་ཀ་བཅས་ཀྱིས་གསར་འཛུགས་བྱས་ཡོད། ད་ལྟ་ལྷན་ཚོགས་དེར་ཚོགས་མི་འཛམ་གླིང་རྒྱལ་ཁབ་ཁྱོན་ ༡༡ ཡོད་ཅིང་། འདི་ལོའི་ལྷན་ཚོགས་དེའི་མགོ་ཁྲིད་རྒྱ་གར་ཡིན་འདུག་ལ། ད་ལོ་རྒྱ་གར་ནང་བྷི་རིག་ལྷན་ཚོགས་ཐེངས་བཞི་པ་དེ་འཚོག་གི་འདུག དེ་སྔ་ཕྱི་ལོ་ ༢༠༡༢ དང་ ༢༠༡༦། ༢༠༢༡ བཅས་སུ་རྒྱ་གར་ནང་བྷི་རིག་ལྷན་ཚོགས་འཚོགས་མྱོང་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

ཆུ་ཚོད་ ༢༡ སྔོན་ལ།
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

ཆུ་ཚོད་ ༢༡ སྔོན་ལ།
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese