མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཆར་ལོའི་ཕྱི་ཟླ་ ༣ ཚེས་ ༣༡ ནས་ཉིན་ལྔ་རིང་ལྡི་ལིར་རྒྱ་གར་གཞུང་མང་གཉིས་ལ་བཀྲིན་རྗེས་དྲན་ཞུ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༧/༡༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་གྲོས་ཚོགས་འོག་མའི་འཐུས་མི་རམ་སོ་ཝ་རུབ་ཤར་མ་ལགས་ཀྱིས་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་བྷ་རཱ་ཊི་རཱ་ནཱ་༧གོང་ས་མཆོག་ལ་འབུལ་ལམ་ཞུ་དགོས་པའི་རེ་འདུན་གདོན་རྒྱུ་ཡིན་སྐོར་གསུངས་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་༡༠ ཐོག་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་ ༢༨ འཁོར་བའི་དུས་ཆེན་གྱི་གཞུང་འབྲེལ་མཛད་སྒོ་ཚོགས་སོང་བ་དང་། མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་རམ་ས་ཝ་རུབ་ (Ram Swaroop) ལགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་ཆེ་ཕྲ། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པ། གཞན་ཡང་། བཞུགས་སྒར་ཁུལ་གྱི་དགོན་སྡེ་ཁག་གི་གྲྭ་བཙུན་དང་སློབ་གྲྭ་ཁག་གི་སློབ་ཕྲུག ཕྱི་རྒྱལ་བ། དྷ་སའི་སེར་སྐྱ་མི་མང་བཅས་འཛོམས་འདུག

མཛད་སྒོ་དང་བསྟུན་འཕྲོད་བསྟེན་ལས་ཁུངས་ནས་བོད་མིའི་སྤྱི་ཚོགས་ནང་འཕྲོད་བསྟེན་དང་འབྲེལ་བའི་སྲི་ཞུ་གནང་མཁན་ལས་བྱེད་ལྔ་ལ་ཞབས་ཞུའི་ལོ་ ༢༥ ཧྲིལ་པོ་འཁོར་བའི་གཟེངས་བསྟོད་ལེགས་སྐྱེས་དང་། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་སྲི་ཞུ་བ་ལུགས་མཐུན་བགྲེས་ཡོལ་དང་བགྲེས་ཡོལ་སྔ་བསྣུར་ཕེབས་མཁན་གཉིས་ལ་རྗེས་དྲན་ལེགས་གསོའི་ཕྱག་འཁྱེར་དང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་བརྙན་བྱིན་ཅན་རེ་གནང་སོང་། གཞན་ཡང་། བོད་ཀྱི་ཟློས་གར་གྱི་འདི་ལོའི་དབྱར་སྐྱིད་༼བྱམས་བརྩེའི་རིན་ཐང་།༽ཞེས་པའི་འོད་སྡེར་དབུ་འབྱེད་བཅས་གནང་སོང་།

མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་ངོ་ ༢༨ འཁོར་བར་བཀའ་དྲིན་རྗེས་དྲན་དང་བཅས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་སྦྲགས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོག་སྦྱངས་གནང་བའི་ནང་། ཕྱི་ལོ་ ༢༠༡༧ ཟླ་ ༡༠ པའི་ནང་རྒྱ་ནག་དམར་ཤོག་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ཟེར་བའི་སྐབས་ ༡༩ པའི་ཚང་འཛོམས་གྲོས་ཚོགས་དེས་རྒྱ་ནག་དམར་ཤོག་དབུས་ཆབ་སྲིད་ཅུས་ཟེར་བའི་ཨུ་ཡོན་དང་། དབུས་ཆབ་སྲིད་ཚན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་དྲུང་ཆེ་བཅས་འདེམས་བསྐོ་བྱས་པ་དང་། སྲིད་འཛིན་ཞི་ཅིན་ཕིན་གྱི་མིང་དང་བསམ་ཚུལ་ཏང་གི་སྒྲིག་ཡིག་ནང་དུ་བཀོད་ཆོག་པར་བྱས་པ་ནི། འདས་པའི་ལོ་རབས་ནང་མར་ལེ་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ་ཟེར་བ་ནང་བཞིན་ཚོགས་ཆེན་འདི་བརྒྱུད་དེ། སྲིད་འཛིན་ཞི་ཅིན་ཕིན་གྱི་གོ་གནས་དང་དབང་ཚད་བླ་ན་མེད་པ་ཆགས་ཡོད། སྐབས་དེར་མཐའ་འཁྱོངས་བཅུ་བཞི་དྲངས་པའི་ནང་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་ཟེར་བ་དང་། མི་དམངས་ཀྱི་རང་ཐག་རང་གཅོད་མཐའ་འཁྱོངས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་མཐའ་འཁྱོངས། འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་དང་ལེགས་བཅོས་མཐའ་འཁྱོངས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་མཐའ་འཁྱོངས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཟེར་བ་སོགས་ཀྱིས་བཟང་ཕྱོགས་ཀྱི་ཟུར་ཞིག་མངོན་ཡོད་པས། རྒྱ་ནག་ནང་དང་ལྷག་པར་བོད་རྒྱའི་གནད་དོན་ཐད་ལའང་དེའི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་འབྱུང་རྒྱུར་རེ་བ་རྒྱག་མི་ཆོག་པ་མིན་སྟབས། སྲིད་འཛིན་ཞི་ཅིན་ཕིན་གྱི་གུ་ཡངས་ཀྱི་སྲིད་བྱུས་བཟུང་སྟེ་རྒྱལ་སྤྱིའི་ནང་རྒྱ་ནག་ལ་ཆེ་མཐོང་འབྱུང་ཐབས་དང་། ལྷག་པར་བོད་མི་རིགས་ཀྱི་མངོན་འདོད་ལ་བདག་བཟུང་གིས་དཀའ་རྙོག་སེལ་ཐབས་གནང་དགོས་པ་གལ་ཆེ་བའི་གནད་དོན་ཆགས་ཡོད། ཅེས་འགོད་འདུག

འདི་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་(ICAN)ཐོབ་ཡོད་པ་དེའི་སྐོར་ལ། ཕྱི་ལོ་ ༢༠༡༧ ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་རྒྱལ་སྤྱིའི་རྡུལ་ཕྲན་མཚོན་ཆ་ཉེན་སྲུང་ཚོགས་པ་ ICAN ཞེས་པར་ཐོབ་ཡོད་ལ་འཛམ་གླིང་ཁྱོན་དུ་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་ཆེད་ད་བར་མུ་མཐུད་ལས་འགུལ་ཤུགས་ཆེ་སྤེལ་ཡོད་པ་དང་། དེང་སྐབས་འཛམ་གླིང་གི་གནས་སྟངས་ཇི་འདྲ་ཞིག་ཏུ་འགྱུར་མིན་ཐད་ངེས་གཏན་གང་ཡང་མེད་པ་མ་ཟད། ས་ཕྱོགས་གང་སར་ལྷིང་འཇགས་མེད་པའི་གནས་སྟངས་འདིའི་འོག་ཁོང་རྣམ་པའི་ལས་འགན་ནི་ཛ་དྲག་གི་དགོས་མཁོ་ཆེན་པོ་ཞིག་ཏུ་ཆགས་ཡོད་ལ། དེ་བཞིན་ཆོད་སེམས་བརྟན་པོས་འབད་བརྩོན་གནང་བའི་སྙིང་སྟོབས་བཅས་ལ་ངོས་འཛིན་གསལ་པོ་གནང་སྟེ་གཟེངས་རྟགས་གནང་བ་ཞིག་ཡིན་སྟབས། ང་ཚོས་ཀྱང་ཚོགས་པ་དེའི་མཛད་བཟང་ལ་རྗེས་སུ་ཡི་རངས་ཀྱིས་བསྔགས་བརྗོད་དང་འཚམས་འདྲི་ཞུ་རྒྱུ་ཡིན། ཞེས་འགོད་འདུག

རྒྱ་ཆེའི་བོད་རིགས་རྣམས་ལ་འབོད་སྐུལ་གནང་བའི་ནང་དུ། གཞིས་བཞུགས་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་རྣམས་ཀྱི་ལྷག་བསམ་དང་། དཔའ་མཛངས་སྙིང་སྟོབས། བླ་ན་མེད་པའི་མཛད་རྗེས་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱིས་མངོན་པར་བསྟོད་རྒྱུ་དང་། བཙན་བྱོལ་བོད་མི་ཡོངས་ནས་ཀྱང་རང་མི་རིགས་ཀྱི་ཁྱད་ཆོས་སྲུང་སྐྱོབ་དང་། བོད་མིའི་འཐབ་རྩོད་ཐད་དངོས་ཤུགས་བརྒྱུད་གསུམ་ནས་འགན་ཁུར་བཞེས་དང་བཞེས་བཞིན་པར་བསྔགས་བརྗོད་དང་སྦྲགས་རང་ཅག་བོད་མི་རྣམས་ཀྱིས་བོད་དོན་བདེན་མཐའ་མྱུར་དུ་གསལ་ཐབས་དང། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་ལྷུན་གྱིས་འགྲུབ་ཐབས་སུ་རྣམ་དཀར་བསོད་ནམས་གསོག་བསྒྲུབ་དང་། བོད་མིའི་མཐུན་ལམ་དང་ཆིག་སྒྲིལ་རྒྱུན་གནས་ཡོང་ཐབས་སུ་བོད་མི་ཚང་མས་ཡིད་གཟབ་ཀྱིས་དུས་རྟག་ཏུ་འབད་བརྩོན་ལྷོད་མེད་བྱ་དགོས་རྒྱུ་ལས། དེ་མིན་སྤྱི་ཚོགས་དྲ་ལམ་ཁག་ཏུ་དགྲ་དགའ་གཉེན་སྡུག་གིས་བོད་མིའི་མཐུན་སྒྲིལ་ལ་གཏོར་སྐྱོན་འགྲོ་གཞིའི་ཐལ་སྐྱོན་རིགས་རྩ་བ་ནས་མ་ཤོར་བ་དགོས་པའི་གཞེན་སྐུལ་ནན་པོ་ཞུ་རྒྱུ་ཡིན་ལ། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་མེད་ཞི་བའི་ལམ་སྟོན་མཛད་པ་ཁག་སྙིང་དབུས་སུ་བཅངས་ཏེ་འཛམ་གླིང་སྤྱི་དང་། བྱེ་བྲག་བོད་སྤྱིའི་འཕྲལ་ཕུགས་བདེ་དོན་ལ་སྨན་པའི་འགན་ཁུར་ཞུ་དགོས་རྣམས་རང་གཅེས་འཛིན་གྱི་བསམ་མནོ་ཁོ་ན་མིན་པར་སྤྱི་པའི་ལས་དོན་ལ་དོ་ཁུར་ཧུར་བསྐྱེད་གནང་དགོས་རྒྱུ་ནི་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་། དུས་དྲན་ཉིན་མོ་སྲུང་བརྩི་ཞུ་བའི་དགོས་དོན་སྙིང་པོ་དེ་ཡིན་པས། ཚང་མའི་ཐུགས་ལ་ཉར་ཏེ་ཉིན་རེའི་འཚོ་བའི་ནང་ལག་བསྟར་གནང་དགོས་པའི་བསྐུལ་མ་ནན་ཏན་ཞུ་རྒྱུ་ཡིན། ཞེས་འཁོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་མི་ལོ་ ༢༨ འཁོར་བར་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ་འཚམས་འདྲི་ཞུས་པ་དང་སྦྲགས་བཀའ་ཤག་གི་བསྒྲགས་གཏམ་སྒྲོག་སྦྱངས་གནང་བའི་ནང་དུ། དེ་རིང་གི་ཉིན་མོ་འདི་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ཡང་སྲུང་བརྩི་ཞུ་ཡི་ཡོད། འོན་ཀྱང་བོད་ཀྱིས་གཙོས་འཛམ་གླིང་ཡུལ་གྲུ་མང་པོའི་ནང་དབང་འཛིན་པ་ཚོས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཚབས་ཆེ་གཏོང་བཞིན་ཡོད་པ་དེ་དག་ལས་སྐྱོབ་ཐབས་གནང་དགོས་པ་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། དེ་བཞིན་རྒྱལ་སྤྱིའི་ནང་དྲང་བདེན་དང་རང་དབང་ལ་དགའ་བའི་གཞུང་མང་ཡོངས་ལ་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་དང་། སྤྱི་ནོར་༧གོང་ས་མགོན་ཆེན་པོ་མཆོག་ནས་རྡུལ་ཕྲན་མཚོན་ཆ་མེད་པའི་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཕྱིར་འབད་བརྩོན་དང་བཀའ་སློབ་ལམ་སྟོན་རྒྱུན་མར་གནང་དང་གནང་བཞིན་ཡོད། འདི་ལོ་རྡུལ་མཚོན་བེད་སྤྱོད་བྱས་རྐྱེན་གོ་ལའི་སྣོད་བཅུད་གཉིས་ཀར་གནོད་སྐྱོན་ཚབས་ཆེ་ཕོགས་ཡོད་པའི་དཔེ་མཚོན་དང་ལྷག་དོན་ཁྲིམས་ཐོག་ནས་མཚོན་ཆ་དེ་རིགས་བཟོ་འདོན་དང་བེད་སྤྱོད་རྩ་འགོག་ཡོང་ཆེད་ཀྱིས་འབད་བརྩོན་ལ་རྒྱལ་སྤྱིའི་ལས་འགུལ་ཁང་ (International Campaign to Abolish Nuclear Weapons – ICAN) ལ་ཞི་བདེའི་གཟེངས་རྟགས་འབུལ་ཐོབ་བྱུང་བར་གོ་སྐབས་འདི་བརྒྱུད་འཚམས་འདྲི་ཞུ་རྒྱུ་ཡིན། ཞེས་འཁོད་འདུག

ཡང་བསྒྲགས་གཏམ་ནང་རྒྱལ་སྤྱིའི་སྟེང་ནས་བོད་མིའི་བདེན་དོན་ལ་རྒྱབ་སྐྱོར་གང་ཆེ་འཐོབ་བཞིན་པའི་སྐོར་ལ། བོད་དང་བོད་མིའི་ཐོག་འབྱུང་བཞིན་པའི་གནས་ཚུལ་དེ་དག་ལ་གཞིགས་ན་ཡིད་ཞུམ་བྱེད་དགོས་པའི་གནས་སྟངས་ཤིག་ཡིན་ན་ཡང་། ཕྱོགས་གཞན་ཞིག་ནས་རྒྱལ་སྤྱི་ཁྱོན་ཡོངས་ནང་དྲང་བདེན་དང་རང་དབང་ལ་དགའ་བའི་གཞུང་དང་མི་མང་མང་པོས་བོད་དང་བོད་མིའི་བདེན་དོན་ལ་རྒྱབ་སྐྱོར་གང་ཆེ་འཐོབ་བཞིན་ཡོད། དེ་ཡང་ཉེ་ཆར་རང་ཨ་རིའི་གྲོས་ཚོགས་གོང་འོག་གི་ཆབ་སྲིད་ཚོགས་པ་ཐུན་མོང་གིས་༸གོང་ས་མཆོག་དང་བོད་དོན་རྒྱབ་སྐྱོར་གྱི་གྲོས་འཆར་བཏོན་ཡོད་པ་དང་། ཐའེ་ཝན་གྲོས་ཚོགས་ནང་ཚད་མཐོའི་མང་མོས་གྲོས་ཆོད་བཞག་སྟེ་སྔ་ཕྱིར་བོད་མིའི་སྤྱི་ཚོགས་ནང་འཁྲུག་རྐྱེན་དང་བརྒལ་ཟླ་བཟོ་མཁན་གྱི་བོད་སོག་ལས་ཁུངས་ཟེར་བ་དེ་སྒོ་བརྒྱབ་འདུག་པར་དམིགས་བསལ་དགའ་བསུ་ཞུ་རྒྱུ་ཡིན། དེ་བཞིན་ཡོ་རོབ་སྤྱི་མཐུན་ཚོགས་པ་དང་། ཁེ་ན་ཌ། ཨོ་སི་ཀྲོ་ལི་ཡ། ནོར་ཝེ། སུཝེ་ཌན། ཌན་མཀ་བཅས་ཐེ་བའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་མང་པོས་ཀྱང་བོད་དོན་གླེང་སློང་དང་། བོད་དང་བོད་མིར་རྒྱབ་སྐྱོར་ཤུགས་ཆེ་ཡོད་པའི་རྣམ་པ་དངོས་ཤུགས་བརྒྱུད་གསུམ་ནས་བསྟན་ཡོད་པ་བཅས་ནི་དགའ་སྤོབས་བྱེད་འོས་པ་ཞིག་ཡིན། ཞེས་གསུངས་འདུག

རྒྱ་གཞུང་གིས་༧གོང་ས་མཆོག་གི་སྐུ་ཚབ་དང་གྲོས་མོལ་བསྐྱར་དུ་དབུ་འཛུགས་དགོས་པའི་འབོད་སྐུལ་ཞུ་དོན། རྒྱ་དམར་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་ད་བར་བོད་མིའི་ཐོག་དྲག་གནོན་དང་གཡོན་ཐལ་གྱི་སྲིད་བྱུས་རིམ་པ་ལག་བསྟར་དང་། ཕྱོགས་གཞན་ནས་དཔལ་འབྱོར་ལྷུག་གཏོང་གི་སྲིད་བྱུས་ཤིག་ཀྱང་འཛིན་ཁུལ་བྱེད་ཀྱི་ཡོད་ནའང་བོད་མི་ཚོའི་བློ་སེམས་ནམ་ཡང་འགུག་ཐབས་བྲལ་བ་ཞིག་ཡིན། དེས་ན་རྒྱ་གཞུང་གིས་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་༧གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་མཐུད་དགོས་པའི་འབོད་སྐུལ་ཞུ་རྒྱུ་དང་ཆབས་ཅིག ང་ཚོས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ལས་རང་བཙན་རྩོད་སྒྲུབ་བྱེད་ཀྱི་མེད་པ་ནན་བརྗོད་བྱེད་རྒྱུ་ཡིན། ཞེས་བསྒྲགས་གཏམ་ནང་འཁོད་འདུག

སྐུ་མགྲོན་གཙོ་བོ་རམ་ས་ཝ་རུབ་ལགས་ཀྱིས། ༧གོང་ས་མཆོག་དབུས་པའི་བོད་མི་རྣམས་ཀྱིས་སོ་སོའི་མི་རིགས་ཀྱི་རྩ་དོན་ཆེད་ལས་དོན་ཧུར་ཐག་སྒྲུབ་ཀྱི་ཡོད་སྟབས། ད་ལྟ་འཛམ་གླིང་མི་མང་གིས་བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་བྱེད་ཀྱིན་ཡོད། དམིགས་བསལ་ང་ཚོ་རྒྱ་གར་མི་མང་གིས་བོད་མི་རྣམས་ཀྱི་མངོན་འདོད་དང་བདེན་མཐའ་མྱུར་དུ་སེལ་བའི་སྨོན་འདུན་དང་ཡིད་ཆེས་ཡོད། ཧིན་བོད་མཛའ་འབྲེལ་ཚོགས་པས་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་དང་རྒྱ་གར་གྲོས་ཚོགས་ནང་བོད་དོན་གླེང་སློང་བྱེད་ཀྱི་ཡོད་ལ། འབྱུང་འགྱུར་ང་ཚོས་རྒྱ་གར་སྲིད་འཛིན་མཆོག་ནས་(Bharat Ratna)གཟེངས་རྟགས་དེ་༧གོང་ས་མཆོག་ལ་འབུལ་བར་འབོད་སྐུལ་ཞུ་རྒྱུ་དང་། སྲིད་བློན་མོ་ཌི་མཆོག་ནས་༧གོས་ས་མཆོག་རྒྱ་གར་གྲོས་ཚོགས་ནང་གདན་འདྲེན་ཞུ་རྒྱུར་འབོད་སྐུལ་ཞུ་རྒྱུ་བཅས་རེ་འདོད་གཉིས་ཡོད། དེ་སྔོན་༧གོང་ས་མཆོག་དྷ་རམ་ས་ལར་བཞུགས་རྒྱུར་གཏན་འཁེལ་བྱུང་བ་ནས་བཟུང་། དྷ་རམ་ས་ལའི་མིང་དེ་རྒྱལ་སྤྱིའི་སྒང་ཁྱབ་བརྡལ་དུ་ཕྱིན་ཏེ། ད་ལྟ་དྷ་རམ་ས་ལ་འཛམ་གླིང་ནང་གི་ས་ཆ་གྲགས་ཅན་ཞིག་ཆགས་ཡོད་པ་མ་ཟད། ༧གོང་ས་མཆོག་གི་བཀའ་དྲིན་བྱིན་རླབས་ཉག་གཅིག་ལ་བརྟེན་ནས་རྒྱ་གར་ཡང་འཛམ་གླིང་ས་ཕྱོགས་མང་པོའི་ཐོག་སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་ཅིག་ཆགས་ཡོད། དེར་བརྟེན་ང་ཚོས་ཁོང་ལ་བཀའ་དྲིན་ཆེ་ཞུ་རྒྱུ་དང་། ༧གོང་ས་མཆོག་འདིར་བཞུགས་པ་ཙམ་གྱིས་ཧི་མ་ཅལ་མི་མང་ལ་ཁོང་གི་བྱིན་རླབས་ཐོབ་ཀྱི་ཡོད། མཐའ་དོན་དེ་རིང་མཛད་སྒོ་འདི་འདྲ་ཞིག་གི་ཐོག་ང་སྐད་བཏང་སྟེ་གཏམ་བཤད་ཀྱི་གོ་སྐབས་ཕུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ངའི་རེ་བར་བོད་མི་ཚོས་སོ་སོའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་མུ་མཐུད་གནང་བའི་ཐོག་བོད་མིའི་བདེན་མཐའ་མགྱོགས་མྱུར་སེལ་བའི་སྨོན་འདུན་ཡོད། ཅེས་གསུངས་སོང་།

གཞན་ཡང་། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱ་གར་གྱི་གྲོང་ཁྱེར་༡༥༠ ནང་བོད་དོན་གསལ་བཤད་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་པ་ལྟར། དེ་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བསྟུན། རྒྱ་གར་བྱང་ཕྱོགས་ཁུལ་གྱི་ལས་འགུལ་དེ་རིང་སྔ་དྲོའི་ཆུ་ཚོད་ ༩ པའི་ཐོག་བཞུགས་སྒར་དྷ་རམ་ས་ལ་ནས་མགོ་འཛུགས་གནང་ཡོད་པ་དང་། བོད་ཀྱི་བུད་མེད་ལྷན་ཚོགས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ནོར་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་ནས་ལོ་ངོ་ ༢༨ འཁོར་བར་འཚམས་འདྲི་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་བསྒྲགས་གཏམ་སྤེལ་འདུག ཡང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བསྟུན། ཐེག་ཆེན་གཙུག་ལག་ཁང་གི་ཉེ་འཁྲིས་སུ་བོད་རང་བཙན་སློབ་ཕྲུག་ཚོགས་པས་རྒྱ་གཞུང་གིས་བོད་ནང་བཀག་སྡོམ་བྱས་པའི་པར་རིས་ཕྱིར་བསྒྲགས་དང་། དེ་བཞིན་ཉིན་གུང་ཆུ་ཚོད་༢ པའི་སྟེང་རླངས་འཁོར་ས་ཚིགས་སུ་རྒྱལ་སྤྱིའི་ཧི་མ་ལ་ཡའི་དུས་སྟོན་མགོ་འཛུགས་བྱས་སོང་།

གསར་འགོད་པ། ཉི་མ་ཚེ་རིང་། སྐལ་བཟང་སྤྱིན་པ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༨ སྔོན་ལ།
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦

མཆན། 5

  1. ཨ་ཌྷབར་འཇིགས་དབང། says:
    ལོ་ 8 སྔོན།

    ༄༅། མཛད་གཙོ་རྣམ་པ་གཙོས་རྒྱ་ཆེའི་མང་ཚོགས་ལ་རྣམས་ལ་
    གཟི་བརྗིད་ཅན་གྱི་མཛད་སྒོར་ཆེད་བཅར་གནང་བར་བཀྲིས་བདེ་ལེགས་ཞུ།

    Reply
  2. བོད། says:
    ལོ་ 8 སྔོན།

    སྔོན་མ་སྲིད་སྐྱོང་གི་བསྒྲགས་གཏམ་རེད། ད་ཡང་བཀའ་ཤག་གི་བསྒྲགས་གཏམ་ཆགས་འདུག

    Reply
  3. ghangchu says:
    ལོ་ 8 སྔོན།

    ཉེ་ལམ་ནས་ང་ཚོའི་བོད་མིའི་མང་ཚོགས་ཁྲོད་མཐུན་སྒྲིལ་གྱི་གོད་ཆགས་ཤིན་ཏུ་ཉེན་ཚབ་ཏུ་གྱུར་ཡོད་པ་དེ་ནི་དེ་སྔ་བྱུང་མྱོང་མེད་པའི་བློ་ཚབ་ཀྱི་གནས་སྟངས་སུ་གྱར་ཡོད། མཐུན་སྒྲིལ་ནི་རྒྱལ་ཁབ་ཅིག་དང་། སྒྲིག་འཛུགས་ཤིག་གི་སྟོབས་ཤུགས་དང་གདེང་སྤོབས་ཀྱི་འོད་སྣང་ཡིན་པས་དེ་ཉམས་ན་སྒྲིག་འཛུགས་དག་རང་བཞིན་གྱིས་ཞུམ་འགྲོ་བ་ནི་ཆོས་ཉིད་རེད། མི་རིགས་ཀྱི་ལ་ཞེན་ལས་ཆོལ་ཞེན་དང་ཆོས་ལུགས་ཀྱི་ཞེན་ཁོག་མེ་ལྕེ་སྤར་བ་པོ་དེ་ནི་ལས་ཀྱི་སྣེ་ཁྲིད་པ་དག་གིས་དམངས་ལ་བརྒྱུད་སྟོན་བྱེད་ཀྱི་ཡོད་པ་ནི་ཉེ་སྔོན་སྤྱི་ནོར་༧རྒྱལ་དབང་ཐམས་ཅད་མཁྱེན་པས་སྲིད་སྐྱོང་འོས་འདེམས་ཀྱི་མཐའ་མཇུག་འཛོགས་སྐབས་ཤིན་ཏུ་གཟབ་དགོས་པའི་ཉེན་བརྡའི་བཀའ་སློབ་ཟབ་ནན་གནང་ཟིན་དྲོད་མ་ཡལ་བར་ལྷག་མོད། སྟབས་མ་ལེགས་པ་ཞིག་ལ་སླར་ཡང་ད་ལམ་ཨ་རིའི་དོན་གནས་ཀྱི་རྐྱེན་པས་དེ་བས་དམངས་ཁྲོད་དུ་འཛིན་སྐྱོངས་རྣམ་པར་གཏན་ནས་ཞེ་ལོག་དང་ཆོལ་ཁའི་ཞེ་ཁོན་ཧ་ཅང་ཉེན་ཚབ་ཀྱི་གནས་སུ་བསྐྱུར་བ་དེ་ལས་མྱུར་སྐྱོབས་ཀྱི་ལས་འགུལ་གནས་འཁེལ་ཞིག་འཛིན་སྐྱོང་ནས་མ་གནང་ཚེ་ཧད་དེ་ལྷག་དགོས་པའི་གནས་སྟངས་ཤིག་ཏུ་མི་འགྱུར་བའི་ངེས་པ་གཏན་ནས་མེད་ན་ཕྱི་མཛེས་ནང་རུལ་དུ་མ་སོང་བ་ཚང་མས་ཐུགས་སྣང་མཛད་དགོས་པ་མཐོང་ངོ།།

    Reply
    • མཐུན་བཞི་ཚང་། says:
      ལོ་ 8 སྔོན།

      དངོས་ལྡན་ཡིན་པ་ཞུ།

      Reply
  4. གཞུངཔ་ཚེ་དབང་བསོད་ནམས་ says:
    ལོ་ 8 སྔོན།

    བཀའ་སྤྱི་གཉིས་ཀྱི་གཏམ་བཤད་ཆ་ཚང་ཉན་ཀློག་བྱ་རྒྱུའི་དུས་ཚོད་བཏང་བ་ཡིན་ཐུགས་རྗེ་བཀྲིན་ཆེ་གལ་ཆེ་ཤོས་དེ་ད་ལྟའི་ཆ་ལ་ཨ་དོན་འཕོ་འགྱུར་དང་འབྲེལ་སྐོར་བཙན་བྱོལ་བོད་མིའི་མཐུན་སྒྲིལ་ལ་གས་ཆག་གཏོང་བའི་ཉེན་ཁའི་ནང་ལྷག་པ་འདི་དག་དུས་ཐོག་གཙང་མ་མ་བཟོས་ན་འ་འུབ་མི་འདུས་པའི་དུས་ཚོད་ངན་པ་ཤར་ཚེ་དེའི་འགན་དེ་བཀའ་སྤྱི་གཉིས་ལ་ཡོད་པ་ནི་མང་གཙོ་དང་དྲང་བདེན་འདྲ་མཉམ་ཁྲིམས་ཀྱི་དབང་བསྒྱུར་ཟེར་བའི་གོ་དོན་ངོ་ཡིན་པའི་ངོས་འཛིན་ཞུ་གི་ཡོད་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese