མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་བོད་ཀྱི་དགེ་རྒན་ཟབ་སྦྱོང་གོ་སྒྲིག་གནང་སྟངས་ལ་བཏོན་པའི་བསམ་འཆར་ཟུར་གསུམ་མ།

བོད་ཀྱི་དུས་བབ།
༢༠༡༧/༡༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྡོ་མེ་འབུད།

དེ་ཡང་སྟེས་དབང་ཞིག་གི་གྲུ་ག་ནས་འུ་ཚོ་བཙན་བྱོལ་བ་ཆགས་ནས་ལོ་རྒན་དྲུག་བཅུ་འགྲོ་ལ་ཉེ་བའི་ལོ་ཟླ་ནག་པོ་འདི་དག་གི་རིང་ལ། བཀུར་འོས་ལས་ཀྱི་སྣེར་མོ་བ་རྣམས་ཀྱིས་རང་དོན་རྒྱབ་ཏུ་བསྐྱུར་ཞིང་སྤྱི་དོན་ཁུར་དུ་བླངས་ནས་བོད་དང་བོད་ཀྱི་སྐད་ཡིག་སོགས་ཀྱི་ཆེད་དུ་ཧུར་ཐག་མ་གནང་བའི་བློ་ཕམ་མེད་མོད། འོན་ཏེ་ཞྭ་དཔེ་ལྷམ་འགེབས་ཀྱི་དཔེ་ལྟར་འུ་ཚོས་སློབ་གསོ་གང་ཞིག་གླེང་རུང་སྐད་ཆ་ཅི་ཞིག་འཆད་རུང་མགོ་སེར་པོ་ཚོའི་བསམ་བློ་དང་རྐང་རྗེས་སུ་ཤི་འཐམ་རོ་འཐམ་གྱིས་འུ་ཚོའི་དགེ་རྒན་ཚོ་དང་སློབ་ཕྲུག་ཚོ་ནི་ཕྱི་བོད་མི་དང་ནང་མགོ་སེར་ཡིན་པའི་བསམ་བློའི་འདུ་ཤེས་ཤིག་གི་སྟེང་ནས་འཆི་ལ་ཉེ་བའི་སློབ་གསོ་འདི་རེད། སློབ་གསོ་འདི་ནི་གཞན་མ་ཡིན་པར་འུ་ཚོས་ལོ་རྒན་དྲུག་བཅུའི་ནང་གི་མིག་ཟུང་ཕྱི་ལ་ཧབ་ནས་བསམ་བློ་རི་ལ་ཤོར་བའི་སློབ་གསོའི་གྱོང་གུད་ཅིག་ཡིན་པར་མ་ཟད། མགོ་སེར་པོ་ཚོའི་སྐད་ཆ་སངས་རྒྱས་རློན་པའི་གསུངས་སྐད་དུ་རློན་པའི་བསམ་བློ་ཨ་མཚར་བ་འདི་རེད།

སྤྱིར་སློབ་གསོ་ཟེར་བ་འདི་ཐབས་ལམ་ཞིག་ཡིན་པས། ཐབས་ཀྱི་ལམ་འདི་མི་དང་མིའི་བར་དང་སྤྱི་ཚོགས་དང་སྤྱི་ཚོགས་ཀྱི་བར། མི་རིགས་དང་མི་རིགས་ཀྱི་བར་ལ་བེད་སྤྱོད་བྱེད་སྟངས་ཆ་སྙོམ་ཞིག་ཡོང་དཀའ་བས་ན། བཀྲ་ཤིས་ལ་བེད་སྤྱོད་བཏང་བའི་ཐབས་ལམ་དེ་དོན་འགྲུབ་ལ་འོས་འཚམ་མིན་པ་ཤེས་བཞིན་དུ་སྐད་དང་ཡི་གེ གོམས་གཤིས་དང་ཁོར་ཡུག བསམ་བློ་དང་འདུ་ཤེས་སོགས་འདྲ་མཉམ་མིན་པའི་མགོ་སེར་བོའི་སློབ་གསོ་དག་བསྲེག་བཅད་བརྡར་གསུམ་ཅི་ཡང་མི་བྱ་བར་བོད་པའི་སྤྱི་ཚོགས་དང་ཁོར་ཡུག་ཏུ་ཅི་སྒར་བརླན་རྐྱང་བྱས་པ་འདིས་བོད་དང་བོད་ཀྱི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་ལ་རྔོ་ཞིག་ཨེ་ཐོགས་སམ་སྙམ་པའི་སེམས་ཚོར་ཞིག་བཅོས་མིན་དུ་སྐྱེས་སུ་བཅུག་གོ། དེ་ལས་བསམ་བློ་ནང་དུ་འཁོར་ནས་མིག་ཟུང་ནང་ལ་ཕྱོགས་ཏེ་སྔོན་མེས་བོད་ཀྱི་ལོ་ཙཱ་བ་ཆེན་པོ་སྐ་ཅོག་ཞང་གསུམ་གྱི་སློབ་གསོའི་ལམ་བཟང་དུ་ཞུགས་ནས་འབྲི་རྩོམ་འཆད་གསུམ་གྱི་དགེ་རྒན་ཚོར་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཐུབ་ཚེ་རྔོ་ཐོགས་པའི་འབྲས་བུ་ཞིག་འབྱུང་བར་གདོན་མི་ཟའོ།། དེ་མ་གཏོགས་ཟབ་སྦྱོང་ཅི་ཙམ་སྤྲད་ཅིང་གོ་སྒྲིག་ཇི་ལྟར་གནང་ཡང་བླ་མའི་མདུན་ནས་གསུང་ཆོས་ཞུས་བ་ལྟར་ཡིད་ཆེས་དབེན་པའི་བྱིན་རླབས་ལྡོམ་པོ་ཞིག་རིམ་ནས་བུད་འགྲོ་བའི་ན། འགྲོ་སོང་དང་དུས་ཚོད། ལུས་ཤུགས་དང་སྐུ་ངལ་བཅས་ཀྱི་གྱོང་གུད་ཡིན་པས། ཟབ་སྦྱོང་གནང་ཕྱོགས་ལ་འཕོ་འགྱུར་ཞིག་བྱུང་ན་མི་བཟང་ངམ་སྙམ་པའི་སེམས་ཚོར་འདིའོ།། ཡང་ལ་ལས་ཟབ་སྦྱོང་ཟེར་བ་འདི་དགོས་མཁོ་མི་འདུག དེས་ཁེ་ཕན་མེད་པར་མ་ཟད་དུས་ཚོད་འཕྲོ་བརླག་གཏོང་བའི་གཏེ་བོ་ཞིག་རེད་ཟེར་མོད། བསམ་བློ་ཞིབ་ཚགས་ཀྱིས་བཏང་ཚེ་ཟབ་སྦྱོང་ཟེར་བ་འདི་གལ་ཆེན་པོ་ཡིན་པར་མ་ཟད། ལྷག་པར་དུ་བཙན་བྱོལ་བོད་ཀྱི་དགེ་རྒན་ཚོར་ངེས་པར་དུ་དགོས་པའི་ཁ་ཚ་དགོས་གཏུག་གི་དོན་དག་ཅིག་རེད་བསམ། རྒྱུ་མཚན་ནི་ཟབ་སྦྱོང་གི་ཁོར་ཡུག་འདི་ནི་ཤེས་རྨོངས་བ་ཞིག་ཤེས་ཡོན་ཅན་དུ་བསྒྱུར་བའི་ཁོར་ཡུག་ཅིག་དང་བསམ་མེད་ཅིག་བསམ་ཡོད་དུ་བསྒྱུར་བའི་ཁོར་ཡུག་ཅིག དགེ་རྒན་ཞིག་ཆེད་ལས་དགེ་རྒན་དུ་བསྒྱུར་བའི་ཁོར་ཡུག་ཅིག་ཡིན་པས་ན། ཁྱོད་ཀྱིས་བསམ་ན་ད་དུང་ཡང་ཟབ་སྦྱོང་འདི་གལ་ཆེན་པོ་མ་རེད་དམ་སེམས་སམ།

སྐད་ཆ་དྲང་བོ་བཤད་ན། སྤྱི་ཚོགས་ཀྱི་ཡར་རྒྱས་ནི་སློབ་གྲྭའི་སློབ་གསོ་ལ་རག་ལས་ཡོད་ལ། སློབ་གྲྭའི་སློབ་གསོ་ནི་སློབ་གྲྭ་དེའི་དགེ་རྒན་གྱི་ཤེས་ཡོན་ལ་རག་ལས་བས་ན། དགེ་རྒན་ཚོར་ཟབ་སྦྱོང་མཁོ་བ་ནི་ནམ་ལངས་ཉི་ཤར་གྱི་དཔེ་ཡིན་ནོ།། ལྷག་པར་དུ་འུ་ཚོའི་ཚོགས་སྡེ་འདི་ལ་ཆེད་ལས་དགེ་རྒན་ནི་ཉིན་དཀར་གྱི་སྐར་མ་ལྟར་སྣང་བར་མ་ཟད། ད་ཡོད་དགེ་རྒན་ཚོའང་སློབ་ཚན་(ལྕོགས་མི་ལྕོགས་ཀྱི་ཉེན་ཁ་རུ་ལྷུང་བའི)ཁྲིད་མཁན་ཁོ་ན་ཡི་དགེ་རྒན་མིང་ཅན་པ་ཤ་སྟག་ཡིན་པས་ན། ལས་ཀྱི་སྣེར་མོར་བཞུགས་པའི་སྐུ་ངོ་ཚོས་དང་པོ་དགེ་རྒན་ཤེས་ཡོན་ཅན་ཞིག་གསོ་སྐྱོང་བྱ་རྒྱུ་ནི་གལ་ཆེ་ནང་གི་དོན་ཆེན་ཡིན་པས། ཕྲན་གྱིས་ལག་ཟུང་ཐལ་མོ་སྦྱར་ནས་ཟབ་སྦྱོང་གནང་ཕྱོགས་ལ་བཏོན་པའི་བསམ་འཆར་འདི་ལ། བཀུར་འོས་སྐུ་ངོ་ཚོ་སྐུ་བྲེལ་གྱི་བར་གླགས་ནས་སྤྱན་ཟུང་འཁྱུག་ཙམ་གཡོ་བར་མཁྱེན་མཁྱེན་ནོ།།

དང་པོ། ཟབ་སྦྱོང་གང་འདྲ་ཞིག་གོ་སྒྲིག་གནང་གི་ཡོད་ནའང། བརྗོད་གཞི་དེ་དང་འབྲེལ་བའི་དཔེ་དེབ་དང་དཔྱད་རྩོམ་གྱི་དེབ། ཚགས་ཤོག་དང་དུས་དེབ་གང་མང་མང་ཞིག་གོ་སྒྲིག་གནང་དགོས་པ།

གཉིས་པ། ཟབ་སྦྱོང་གི་དུས་ཡུན་ཅི་ཙམ་ཡོད་རུང་ཚང་མ་ཟབ་སྦྱོང་ཞུགས་མཁན་གྱི་དགེ་རྒན་ཚོའི་ལག་ཏུ་བཞག་ནས་གོང་གི་དེབ་དེ་དག་ལས་གཅིག་བཀླག་དགོས་པ།

གསུམ་པ། དེབ་གང་འདྲ་ཞིག་བཀླགས་ཚར་རྗེས་དེ་ལ་དཔྱད་བརྗོད་དམ་མྱོང་ཚོར་གྱི་རྩོམ་ཡིག་ཅིག་ངེས་པར་དུ་བྲི་དགོས་པ།

བཞི་བ། སོ་སོས་བྲིས་པའི་དཔྱད་རྩོམ་ལ་འཆད་ཁྲིད་ཀྱི་གར་སྟེགས་ཤིག་བསྐྲུན་པ(ཟབ་སྦྱོང་གི་ཉིན་མཐའ་མར)།

ལྔ་བ། ལས་ཀྱི་སྣེ་མོ་བ་ཚོས་དགེ་རྒན་དེ་དག་གིས་བྲིས་གནང་བའི་རྩོམ་ཡིག་དེ་དག་རབ་བྱུང་ན་དེབ་གཟུགས་སུ་བཀོད་དགོས་པ་དང་མ་བྱུང་ཚེ་གཞུང་གི་དྲྭ་རྒྱ་དང་ཚགས་ཤོག་དང་དུས་དེབ་གང་རུང་དུ་བཀོད་པའི་ཐབས་ཤེས་གནང་དགོས་པའོ།།

(གོང་གི་བསམ་འཆར་འདི་དག་སྐད་ཡིག་ཟབ་སྦྱོང་ཁོ་ན་མ་ཡིན་པར་སློབ་ཚན་གཞན་དག་ལ་ཡང་བེད་སྤྱོད་གཏོང་བར་འོས་བ་ཞིག་རེད་སེམས་པས། དེ་མ་གཏོགས་མཁས་པ་ཅི་ཙམ་གདན་འདྲེན་ཞུས་ཀྱང་སྣོད་རུང་བ་མིན་ཚེ་ཆུད་ཟོས་སུ་འགྲོ་བར་གདོན་མི་ཟའོ།།)

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༢༣ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 5

  1. བསྟན་འཛིན says:
    ལོ་ 9 སྔོན།

    I find your condescending remarks on following Western (མགོ་སེར) approaches to education rather sad. Your exiled society’s only hope for surviving in modern times (and now thriving) was due a heavy focus on modern education from the beginning. Like you said, though, a teacher’s ability to effectively educate children is based on their depth of knowledge on pedagogy. This does not exclude keeping up with modern methods–rather, it implies that your teachers who seem to be following a Western approach, yet failing, haven’t been trained well enough in those methods either. The quality of education and pedagogic approach can always be improved.

    Reply
  2. བོད་དགའ་ says:
    ལོ་ 9 སྔོན།

    ཡ་ཡ་

    Reply
  3. དགེ་འདུན says:
    ལོ་ 9 སྔོན།

    དགེ་རྒན་ཟབ་སྦྱོང་ནི་དགེ་རྒན་གྱི་ཤེས་ཡོན་གོང་མཐོར་གཏོང་ཆེད་དང་། ཉིན་རེའི་སློབ་གྲྭའི་སློབ་ཚན་གྱི་འཁྲིད་ཐབས་དང་ཉམས་མྱོང་བརྒྱུད་སྤེལ། བྱིས་པའི་སེམས་ཁམས་དང་མཐུན་པའི་སློབ་གསོའི་ཐབས་ལམ་འཚོལ་སྒྲུབ་བྱེད་རྒྱུ་དེ་རེད། དེ་སང་གི་ཟབ་སྦྱོང་ནི་ཟབ་སྦྱོང་མ་རེད། ཟ་སྦྱོང་རེད་ཟེར་སྲོལ་ཡོད། དངོས་གནས་དེ་འདྲ་ཞིག་མིན་པར་སྨོན། 
    གཙོ་བོ་དགེ་རྒན་ཚད་ལྡན་གསོ་སྐྱོང་བྱེད་དགོས་པ་གལ་ཆེན་པོ་རེད། དགེ་རྒན་
    ཟབ་སྦྱོང་ཡང་དེའི་ཆ་ཤས་ཞིག་རེད་ཅེས་བཤད་ཀྱང་མི་ཆོག་པ་མེད་སྙམ། དགེ་རྒན་ལ་དགེ་རྒན་གྱི་ལག་འཁྱེར་ཡོད་པ་ཙམ་གྱིས་མི་ཆོག་པར་སློབ་ཁྲིད་ཀྱི་ཐབས་ལམ་སྣ་ཚོགས་ལ་སྦྱང་མྱོང་པའི་ཤེས་ཡོན་དང་། ཡུན་རིང་སློབ་འཁྲིད་བྱས་པའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་དགོས་ངེས་ཡིན། 
    དགེ་རྒན་ཡིན་ན་མཁས་པ་ཡིན་མི་དགོས། མཁས་པས་སྟོང་བཤད་མང་བོ་བརྒྱབ་ནས་སློབ་ཕྲུག་གི་མགོ་བོ་རྨོངས་པར་བྱེད་སྲིད་པས་གཟབ་དགོས། 
    ༡༽རང་ཉིད་ཀྱི་གང་བསླབ་རྒྱུའི་སློབ་ཚན་དེ་བྱང་ཆུབ་པ་དགོས། 
    ༢༽སློབ་ཚན་གྱི་བརྗོད་དོན་མ་ནོར་བར་སྨྲ་དག་གསལ་གསུམ་གྱིས་འཆད་པ་མཁས་པ་དགོས
    ། ༣༽རང་ཉིད་ཀྱིས་གང་བཤད་པ་དེ་སློབ་ཕྲུག་གི་སེམས་འཛིན་དུ་འཅུག་ཐུབ་པ་དགོས། དེ་གསུམ་མེད་པའི་དགེ་རྒན་ནི་དགེ་མཚན་ཉིད་པ་ཞིག་མིན། 
    ནུབ་ཕྱོགས་པའི་སློབ་འཁྲིད་ཐབས་ལམ་ལས་ང་ཚོ་ལ་བསླབ་བྱ་ལེན་རྒྱུ་མང་བོ་ཡོད།
    ང་ཚོ་ལ་སློབ་འཁྲིད་ཐབས་ལམ་དང་། སློབ་འཁྲིད་ཐབས་ལམ་གྱི་གཞུང་ཡིག་གཏན་འབབ་མེད་པས་ཞེན་ཆ་ཆེན་པོ་ཡོད།
     

    Reply
  4. ཟླ་བ་བཀྲ་ཤིས། says:
    ལོ་ 9 སྔོན།

    ཟབ་སྦྱོང་སྐོར་ལ་སྔོན་མ་ནས་བསམ་འཆར་ཡོད། བོད་པའི་མི་ལ་བོད་པས་ཟབ་སྦྱོང་སྤྲད་ན་ཡུལ་དུས་གནས་སྐབས་གང་གི་ཆ་ནས་གོ་བརྡ་ཡག་ཤོས་འཕྲོད་ཀྱི་འདུག འོན་ཀྱང་ག་དུས་ཡིན་ནའང་འགྲོ་སོང་ཆེན་པོ་བཏང་སྟེ་མི་རིགས་གཞན་གྱི་མི་སྐད་གཏོང་གི་འདུག་པས་དེའི་དགོས་དོན་ག་རེ་ཡིན་མིན་མི་ཤེས། ལར་ནས་ཟབ་སྦྱོང་སྤྲོད་མཁན་བོད་པ་ཡིན་ན་སྣེ་ལེན་དེ་ཙམ་མི་ཞུ་བར་སྣང་མེད་དུ་འཇོག་པ་དང་། གལ་ཏེ་ཕྱི་མི་ཞིག་ཡིན་ན་སྣེ་ལེན་གཟབ་རྒྱས་ཞུ་གི་འདུག བྱེད་སྟངས་འདི་སོ་སོའི་མི་ལ་མཐོང་ཆུང་དང་རིན་ཐང་མེད་པ་ལྟ་བུར་སྣང་གི་འདུག་པས་སྐུ་ངོ་ཚོས་ངེས་པར་དུ་དགོངས་པ་བཞེས་དགོས་འདུག

    རང་ཁ་རང་གསོ་ལབ་ན་གྲོད་ཁོག་གཅིག་པུའི་གནད་དོན་མ་རེད། ཤེས་ཡོན་ཐོག་ནས་ཀྱང་རང་ཁ་རང་གསོ་དགོས་རེད། བོད་པའི་མིས་བོད་པའི་མི་ལ་སྣེ་འཁྲིད་དང་ལམ་སྟོན་བྱ་ཐུབ་པ་དགོས་རེད། ཤེས་རིག་ལས་ཁུངས་དང་སློབ་གྲྭའི་སྡེ་ཚན་ཁག་ནང་དེ་འདྲའི་དགོངས་པ་བཞེས་མཁན་མི་ག་ཚོད་ཡོད་དམ།

    Reply
  5. ཉང་ངེས་འཁྱམ་པོས། says:
    ལོ་ 9 སྔོན།

    ཕྲན་ནི་བློ་རྒྱ་ཆུང་ནའང་མིག་མཐོང་ལག་འཛིན་གྱི་མྱོང་ཚོར་དང་ཉམས་མྱོང་ཞིག་ཞུ་འདོད་ཆེན་པོ་བྱུང་། དེ་ཡང་ང་ཅག་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་རིགས་སྤུན་ཟླ་རྣམས་ནས་༧རྒྱལ་བའི་བཀའ་དགོངས་བཞིན་བོད་མི་རིགས་ཤི་སོན་གང་ཡིན་དང་བོད་ཀྱི་རྩ་ཆེན་སྐད་ཡིག་དང་རིག་གཞུང་། གོམས་གཤིས་བཟང་པོ་སོགས་ནི་བོད་མི་མི་རེ་ངོ་རེར་འགན་འཁུར་ཆེན་པོ་ཡོད་པ་ཞིག་རེད་མ་གཏོགས་སློབ་གྲྭ་དང་ གཞུང་གི་ལས་བྱེད་རྣམས་ལ་འགན་གཅིག་པུ་མེད་པ་དེ་ཤེས་དགོས་པ་ནི་ཧ་ཅང་གལ་འགངས་ཆེ་བར་མངོན། དེས་ན། བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲ་བརྟན་ཡོང་ཆེད་སྤྱི་ཚོགས་དང་། ཁྱིམ་ཚང་། སློབ་གྲྭ་ དགོན་སྡེ་བཅས་ནས་ཕྱ་བ་གྲུ་འདེགས་ཀྱི་ཐོག་ནས་དོ་སྣང་དང་འབད་བརྩོན། ལྷག་བསམ། ཤུགས་སྣོན་བཅས་བརྒྱབ་ཐུབ་ན་ངེད་ཚོའི་རེ་བ་དེ་ནི་བསྒྲུབ་ཐུབ་པ་དང་རྩ་དོན་བརྟན་པོ་ཡོང་ངེས་རེད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese