མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

བོད་ཀྱི་དུས་བབ།
༢༠༢༦/༠༨/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིས་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་བྱས་ཏེ། བོད་སོགས་གྲངས་ཉུང་མི་རིགས་སྤྱི་དང་ལྷག་པར་དུ་ཡུ་གུར་བར་མི་ཆོས་ལས་བརྒལ་བའི་བཙན་བཀོལ་ངལ་རྩོལ་གྱི་ལས་ལ་བཀོལ་བཞིན་པ་མཚམས་འཇོག་བྱ་རྒྱུ་ཡིན་འདུག

UFLPA Entity List with 43 Additional Chinese Companies, By Scott E. Diamond

ཨ་རིའི་རྒྱལ་ནང་བདེ་སྲུང་ལྷན་ཁང་གིས། རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ གྱིས་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཁག་ལ་བཙན་གྱིས་ངལ་རྩོལ་བྱེད་དུ་བཅུག་སྟེ་ཐོན་སྐྱེད་བྱས་པའི་དངོས་ཟོག་དག་ཨ་རིར་ནང་འདྲེན་བྱ་རྒྱུ་བཀག་སྡོམ་དགོས་པའི་ཁྲིམས་གཏན་འབེབས་བྱས་འདུག་ཅིང་། རྒྱ་ནག་གི་བཟོ་ཚོང་ཁང་དེ་དག་གིས་ཡུ་གུར་གཙོས་གྲངས་ཉུང་མི་རིགས་ཁག་ལ་བཙན་ཤེད་དང་བྲན་གཡོག་གི་ངལ་རྩོལ་བྱེད་དུ་བཅུག་པ་དེས། ཨ་རིའི་ངལ་རྩོལ་མི་མང་ལ་འདྲ་མཉམ་མིན་པའི་ཁྲོམ་རའི་ཁོར་ཡུག་བསྐྲུན་ཡོད་པ་མ་ཟད། བྱ་སྤྱོད་དེ་ནི་མི་ཆོས་ལས་བརྒལ་ཞིང་འདྲ་མཉམ་དང་དྲང་བདེན་མིན་པས་སྐྱོན་བརྗོད་བྱས་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༣ ཉིན་ནས་ཁྲིམས་དེ་དངོས་སུ་ལག་བསྟར་བྱས་འདུག

ཨ་རིའི་རྒྱལ་ནང་བདེ་སྲུང་ལྷན་ཁང་གི་དྲུང་ཆེ་གཞོན་པ་ཨ་རེ་སི་ལགས་ཀྱིས། ཨ་རིས་གཞི་རྒྱ་ཆེ་བའི་ཐོག་ནས་ནང་འདྲེན་ལྐོག་ཚོང་མཇུག་བསྡུས་ཏེ། བཙན་བཀོལ་ངལ་རྩོལ་འོག་གི་མི་རྣམས་ཀྱི་དཀའ་སྡུག་སེལ་བར་ནུས་ཤུགས་ཡོད་རྒུ་འདོན་རྒྱུ་ཡིན་ཞེས་བརྗོད་འདུག་ལ། ད་སྔའི་བར་ཨ་རིའི་རྒྱལ་ནང་བདེ་སྲུང་ལྷན་ཁང་དང་ཁྲིམས་སྲུང་ལས་ཁུངས་གཉིས་ཀྱིས་། ཡུ་གུར་མི་མང་ལ་བཙན་བཀོལ་ངལ་རྩོལ་བྱས་པའི་གནས་སྟངས་དང་འབྲེལ་ནས་རྒྱ་ནག་གི་ཚོང་ཟོག་སྐྱེལ་འདྲེན་བྱེད་པའི་གྲུ་གཟིངས་ཁྱོན་ ༢༤༣༠༠ བཀག་སྡོམ་བྱས་ཡོད་ཅིང་། རྒྱ་ནག་གི་ཁེ་ལས་བཟོ་ཚོང་ཁང་ ༡༨༧ ཁྲིམས་འགལ་གྱི་ཉེས་མིང་འོག་བཀག་སྡོམ་བྱས་འདུག

ཐེངས་འདིར་ཨ་རིས་བཀག་སྡོམ་བྱས་པའི་རྒྱ་ནག་གི་བཟོ་ཚོང་ཁང་དེ་དག་གིས་ལྕགས་རིགས་དང་ཟངས། བལ་དང་གྱོན་ཆས། ། དེ་བཞིན་སྨན་རྫས་དང་སྣུམ། གཏེར་རྫས་སོགས་ཨ་རིར་སྐྱེལ་འདྲེན་བྱེད་བཞིན་འདུག་ལ། ཨ་རིས་བཟོ་ཚོང་ཁང་དེ་དག་གིས་ཤར་ཊུ་ཀི་སི་ཐན་ནམ་ཡུ་གུར་བའི་ས་ཆ་ནས་ཐོན་སྐྱེད་ཀྱི་རྒྱུ་ཆ་འཚོལ་སྡུད་བྱས་པའམ་ཡང་ན་གཞུང་གི་བཀོད་འདོམ་འོག་མི་མང་ལ་བཙན་གྱིས་ངལ་རྩོལ་བྱེད་དུ་བཅུག་པར་ངོས་འཛིན་གྱིས་བཀག་སྡོམ་བྱས་འདུག་ཅིང་། ཐེངས་འདིའི་བཟོ་ཚོང་ཁང་ ༤༣ གྱི་ཁྲོད་དུ་བོད་དུ་ཁེ་ལས་གཉེར་མཁན་གྱི་བོད་རང་སྐྱོང་ལྗོངས་ཟེར་བའི་ནུས་ཤུགས་ཀྱི་ཡན་ལག་ཁང་དང་མཚོ་སྔོན་གྱི་ཉི་གློག་དང་རླུང་གློག གསོག་གློག་སོགས་ཀྱི་ཁེ་ལས་བཟོ་ཚོང་ཁང་གཉིས་ཚུད་འདུག

གནད་དོན་དེའི་ཐད་རྒྱ་ནག་གཞུང་གིས། ཨ་རིས་ཡུན་རིང་ལ་འགྲོ་བ་མིའི་ཐོབ་ཐང་དང་བཙན་བཀོལ་ངལ་རྩོལ་བསྒྱུར་བཀོད་ཟེར་བའི་མིང་འོག་ནས། རྒྱ་ནག་གི་བཟོ་ཚོང་ཁང་དག་ལ་གང་འདོད་ཉེས་ཆད་གཅོད་ཀྱི་ཡོད། ཨ་རིའི་ཐག་གཅོད་དེར་གཞི་རྩ་གང་ཡང་མེད་ལ། དེས་གོ་ལའི་བཟོ་བསྐྲུན་དང་ཐོན་སྐྱེད་ཀྱི་འཕེལ་རྒྱས་གཏོར་བརླག་གཏོང་གི་ཡོད་ལུགས་ལན་འདེབས་བྱས་འདུག

ཐེངས་འདིའི་རྒྱ་ནག་གི་བཟོ་ཚོང་ཁང་བཀག་སྡོམ་བྱས་པའི་གནད་དོན་དེ་ཨ་རིས་(UFLPA) ཞེས་ཡུ་གུར་བར་བཙན་བཀོལ་ངལ་རྩོལ་འགོག་ཐབས་ཀྱི་ཁྲིམས་ཡིག་ཏུ་གཏན་འབེབས་ལག་བསྟར་བྱེད་མུས་ཡིན་པ་དང་། ཁྲིམས་ཡིག་དེ་ཐོག་མར་ཕྱི་ལོ་ ༢༠༢༡ ལོར་ངོ་སྤྲོད་བྱས་ཤིང་།  ཕྱི་ལོ་ ༢༠༢༢ ལོར་དངོས་སུ་ལག་བསྟར་བྱེད་མགོ་བཙུགས། ཁྲིམས་ཡིག་དེས། རྒྱ་ནག་ནང་ནས་བཙན་བཀོལ་ངལ་རྩོལ་གྱིས་བཟོ་སྐྲུན་བྱས་པའི་ཐོན་སྐྱེད་ཡོད་ཚད་ཨ་རིར་ནང་འདྲེན་བྱ་རྒྱུ་མཚམས་འཇོག་རྒྱུ་ཡིན་པ་དང་ལྷག་པར་དུ་ཤར་ཊུ་ཀི་སི་ཐན་ནས་ནང་འདྲེན་བྱས་པའི་ཐོན་སྐྱེད་དག་བཀག་སྡོམ་བྱེད་དགོས་ཀྱི་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༦༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༦/༡༠/༢༣
ས་ཡོམ་ཁྲོད་གས་ཆག་ཤོར་བའི་ཁང་པ་ཞིག པར་དྲ་ལམ་ནས་བླངས།
Mobile App

བོད་ནག་ཆུ་ཁུལ་དུ་ཚད་རིམ་ ༧.༠ ཅན་གྱི་ས་ཡོམ་བྱུང་འདུག

༢༠༢༦/༡༠/༢༣
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཤེས་རིག་བཀའ་བློན་མཆོག་གིས་ལྷོ་བྱང་གི་བོད་མིའི་གཞིས་ཆགས་དང་སློབ་གྲྭ་ཁག་ཅིག་ཏུ་འཚམས་གཟིགས་གནང་།

༢༠༢༦/༡༠/༢༢
Mobile App

སྐུ་ཚབ་དོན་གཅོད་གཉིས་བསྐོ་གཞག་གནང་། 

༢༠༢༦/༡༠/༢༢
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༣ པའི་མཐའ་མའི་བཅད་ཁྲ་བཏང་སོང་། 

༢༠༢༦/༡༠/༢༡
Photos: Official portraits, U.S. House of Representatives
Mobile App

ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེར་མཇལ་བཅར་ཞུས།

༢༠༢༦/༡༠/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese