མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཅིང་ཕིང་དང་༧གོང་ས་ཏཱ་ལའི་བླ་མ་རྣམ་གཉིས་བར་འགྲིག་འཇགས་ཡོང་རྒྱུར་ཨ་རིའི་སྲིད་ཟུར་ཨོ་སྦ་མ་བར་འདུམ་གནང་མཁན་ཡིན་ནམ།

བོད་ཀྱི་དུས་བབ།
༢༠༡༧/༡༢/༢༧
Share on FacebookShare on TwitterShare on EmailShare on Whatsapp
                                                                             རྩོམ་པ་པོ།  གྲན་ཕོ་ཁུང་ Chen Pokong
རྒྱ་ཡིག་ནས་བོད་ཡིག་ཏུ་སྒྱུར་མཁན།  བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་
རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས།

[སྒྱུར་མཁན་གྱི་མཆན།] རྒྱ་ཡིག་ཐོག་གི་རྩོམ་དེ་བོད་ཡིག་ཏུ་སྒྱུར་བའི་དགོས་དམིགས་གཙོ་བོ་གང་ཡིན་ཟེར་ན། གཅིག དྲྭ་གྲོགས་ཚོས་ངེས་པར་དུ་བོད་སྒྱུར་བྱེད་རོགས་ཞེས་རེ་སྐུལ་བྱས་པ་དང་། གཉིས། རྩོམ་ཡིག་འབྲི་མཁན་རྒྱ་རིགས་རྩོམ་པ་པོ་ཁོང་བོད་དོན་ལ་དོ་སྣང་ཆེ་ཞིང་དབྱེ་ཞིབ་ཀྱི་རྣམ་དཔྱོད་ཡག་པོ་ཡོད་མཁན་ཞིག་ཡིན་པར་བརྟེན། ཁོང་གིས་༧གོང་ས་མཆོག་དང་ཞི་ཅིན་ཕིང་དབར་འབྲེལ་བ་ཡག་པོ་བྱུང་བ་དང་། བོད་ཀྱི་གནད་དོན་ཐག་གཅོད་བྱུང་བ་ཡིན་ན། བོད་ཙམ་མ་ཟད་རྒྱ་ནག་ལ་ཡང་ཁེ་ཕན་ཆེན་པོ་ཡོད་པའི་བསམ་ཚུལ་རྣམས་བོད་ཡིག་ཀློག་མཁན་ཚོས་མཁྱེན་ན་བསམ་སྟེ་བོད་སྒྱུར་བྱས་པ་ཡིན། རྩོམ་ཡིག་འདི་ RFA རྒྱ་སྐད་རླུང་འཕྲིན་ཁང་གི་དྲྭ་རྒྱའི་ཐོག་ ༢༠༡༧ ཟླ་བ་ ༡༢ ཚེས་ ༧ ཉིན་འགོད་སྤེལ་བྱས་འདུག

ཞི་ཅིང་ཕིང་དང་༧གོང་ས་ཏཱ་ལའི་བླ་མ་རྣམ་གཉིས་བར་འགྲིག་འཇགས་ཡོང་རྒྱུར་ཨ་རིའི་སྲིད་ཟུར་ཨོ་སྦ་མ་བར་འདུམ་
གནང་མཁན་ཡིན་ནམ།
༄༅། ལོ་གཅིག་རིང་གོ་རྒྱུ་ཐོས་རྒྱུ་དེ་ཙམ་མེད་པའི་ཨ་རིའི་སྲིད་འཛིན་ཟུར་པ་ཨོ་སྦ་མས་ཉེ་ཆར་སྔ་རྗེས་སུ་རྒྱ་ནག་དང་། རྒྱ་གར། ཕ་རན་སི་བཅས་ལ་འཚམ་འདྲི་ཕེབས། སྟབས་ཟླ་བ་ ༡༡ ཟླ་མཇུག་དང་། ཟླ་བ་ ༡༢ ཟླ་འགོར་ཁོང་སླར་ཡང་རྒྱལ་སྤྱིའི་གར་སྟེགས་ཐོག་ཕེབས་པ་དང་མཚུངས་ཤིང་། རྒྱ་ནག་དང་རྒྱ་གར་དུ་ཕེབས་པར་མི་ཚོས་དམིགས་བསལ་དོ་སྣང་བྱས་ཡོད།

ཟླ་བ་ ༡༡ ཚེས་ ༢༩ ཉིན་ཨོ་སྦ་མས་པེ་ཅིང་དུ་རྒྱ་ནག་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིང་ཕིང་མཇལ་བ་དང་། ཉིན་གཉིས་རྗེས་ཏེ། ཟླ་བ་ ༡༢ ཚེས་ ༡ ཉིན་ཨོ་སྦ་མས་ལྡི་ལི་གསར་པར་བོད་ཀྱི་ཆེས་མཐོའི་བསམ་པའི་གཙོ་འཛིན་༧གོང་ས་ཏཱ་ལའི་བླ་མ་མཇལ། རྒྱ་ནག་རྒྱལ་ནང་གི་དྲྭ་རྒྱའི་ནང་ཨོ་སྦ་མས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ཞི་ཅིང་ཕིང་དབར་གྱི་ “བང་ཆེན་” བྱས་པའི་གནས་ཚུལ་ཐོན་པ་ནི། མི་རྣམས་བསམ་བློ་ཞིབ་ཏུ་གཏོང་དགོས་པ་ཞིག་རེད།

ཨོ་སྦ་མས་སྲིད་འཛིན་གྱི་ལས་རྒྱུན་རིང་༧གོང་ས་ཏཱ་ལའི་བླ་མ་ཐེངས་བཞི་མཇལ་ཡོད་པས་ཁོང་རྣམ་གཉིས་ནི་འབྲེལ་བ་ཧ་ཅང་ཟབ་པའི་གྲོགས་པོ་རེད། ཨ་མེ་རི་ཀའི་སྲིད་འཛིན་ཟུར་པའི་མཚན་གནས་ཡོད་པ་དང་། ༧གོང་ས་ཏཱ་ལའི་བླ་མཆོག་དང་མཚུངས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་མཚན་སྙན་ལྡན་པའི་ཨོ་སྦ་མས་ཞི་ཅིང་ཕིང་དང་༧གོང་ས་ཏཱ་ལའི་བླ་མའི་དབར་གྱི་བང་ཆེན་ནམ་ཡང་ན་བར་གནས་མི་སྣ་གནང་བ་ནི་ཧ་ཅང་གི་འོས་ཤིང་འཚམས་པ་ཡིན། ཨ་མེ་རི་ཀའི་སྲིད་འཛིན་ཟུར་པ་ཀ་ཌར་གྱིས་དེ་སྔ་བར་གནས་མི་སྣ་བྱས་ཏེ་རྒྱལ་སྤྱིའི་ཐོག་གི་རྩོད་རྙོག་ཞི་བར་བྱས་པའི་སྙན་གྲགས་བྱུང་སྟེ། ༢༠༠༢ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ། སྲིད་འཛིན་གྱི་ལས་གནས་ལས་འཁྱུར་ཞིང་དགུང་ལོ་ ༥༦ ཡིན་པའི་ཨོ་སྦ་མ་ནི་ད་ལྟ་ཧ་ཅང་གཞོན་གཞོན་ཡིན་ཞིང་། འཛམ་གླིང་ཞི་བདེའི་སླད་གང་སར་ཕེབས་པ་ནི་དུས་ཀྱི་ཆར་པ་རང་རེད།

༧གོང་ས་མཆོག་དང་ཞི་ཅིང་ཕིང་འཆམ་མཐུན་ཡོང་རྒྱུར། ༧གོང་ས་ཏཱ་ལའི་བླ་མའི་ཕྱོགས་ལ་སྐུ་ངལ་གང་ཡང་མེད། ཟླ་བ་ ༡༡ ཚེས་ ༡༧ ཉིན་༧གོང་ས་ཏཱ་ལའི་བླ་མ་མཆོག་ནས་བོད་ནས་འབྱོར་བ་བཞི་བཅུ་ཙམ་ལ་མཇལ་ཁ་བཀའ་སློབ་གནང་སྐབས། “ངས་ཁྱེད་རང་ཚོ་ནམ་ཡང་བརྗེད་ཀྱི་མ་རེད། རྒྱ་ནག་གཞུང་གིས་མོས་མཐུན་བྱས་པ་ཡིན་ན། ང་བོད་ལ་ལམ་སེང་ཡོང་གི་ཡིན།” ཅེས་གསུང་པའི་བཀའ་མོལ་དུམ་བུ་གསུམ་པོ་དེར་དམིགས་གསལ་གྱི་གོ་རྒྱུ་ཡོད། “ངས་ཁྱེད་རང་ཚོ་ནམ་ཡང་བརྗེད་ཀྱི་མ་རེད།” ཅེས་གསུང་པ་ནི། གཞིས་ལུས་མི་མང་ནམ་ཡང་མ་བརྗེད་པར། སྐུ་ཚེའི་རིང་བོད་ལ་ཕྱིར་ལོག་གནང་རྒྱུའི་ཐུགས་རེ་ཡོད་པའི་དོན་ཡིན། “རྒྱ་ནག་གཞུང་གིས་མོས་མཐུན་བྱས་པ་ཡིན་ན། ”ཞེས་གསུང་པ་ནི། མོས་མཐུན་བྱེད་མིན་རྒྱ་ནག་གཞུང་གི་ལག་ཏུ་ཡོད་པ་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱ་གཞུང་གི་ཐག་གཅོད་ལ་བརྩི་བཀུར་གནང་བཞེད་ཡོད་པ་གསལ་གནང་སྟེ། མགོན་པོ་གང་གི་འགྱུར་བ་མེད་པའི་ཐུགས་སེམས་བཟང་པོ་དང་། ཐུགས་བག་ཡངས་ཤིང་འཁོན་འཛིན་མེད་པ། ངན་ལན་བཟང་འཇལ་དང་ཆུ་ལན་ཆང་འཇལ་གྱི་མཛད་སྤྱོད་མཚོན་པ་གནང་བའི་དོན་ཡིན་ཞིང་། “བོད་ལ་ལམ་སེང་ཡོང་གི་ཡིན། ”ཅེས་གསུང་པ་ནི། བཙན་བྱོལ་གྱི་འཚོ་བ་མཇུག་སྒྲིལ་སྟེ་རང་ཡུལ་བོད་ལ་ཕྱིར་ཕེབས་གནང་རྒྱུའི་དོན་ཡིན།

ཞི་ཅིང་ཕིང་དང་༧གོང་ས་མཆོག་དབར་འཆམ་མཐུན་བྱུང་ན། ཞི་ཅིང་ཕིང་གི་ཕྱོགས་ལ་ཆ་རྐྱེན་འཛོམས་ ཡོད། གལ་སྲིད་ཏང་གི་ཚོགས་ཚེན་ ༡༨ པའི་སྔ་ནུབ་(ཕྱི་ལོ་ ༢༠༡༢)ཏུ་ཡིན་ན། ཞི་ཅིང་ཕིང་གིས་ལས་འགན་བླངས་རྒྱུར་དབང་ཆའི་འཐབ་རྩོད་ཀྱི་རྙོག་ཁྲ་དང་ཉེན་ཁ་ཆེ་པོ་ཡོད་པ་ནི་གཡང་ས་ཟབ་མོར་བསྡད་པ་དང་འདྲ་ཞིང་། གལ་སྲིད་ཞི་ཅིང་ཕིང་གི་ལས་རྒྱུན་དང་པོའི་སྐབས་ཀྱི་དབང་ཆའི་འཐབ་རྩོད་འདི་འཁྱག་རོམ་སྲབ་མོ་ཞིག་དང་འདྲ་པོ་ཡིན་ན། ཁོང་གིས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུར་ནུས་པ་མེད་པ་ནི་ཁག་མེད་པ་ཞིག་རེད། འོན་ཀྱང་ཏང་གི་ཚོགས་ཆེན་ ༡༩ ཚར་རྗེས་ཀྱི་དེང་གི་དུས་འདིར། ཞི་ཅིང་ཕིང་ལ་དབང་ཆེ་ཆེན་པོ་ཐོབ་ཡོད་པ་དང་། དེ་སྔ་ལྟར་སྲིད་དོན་པ་རྒས་པོ་ཚོའི་འཆིང་ཐག་གིས་བསྡམས་མེད་ལ། ཏང་ནང་གི་སྟོབས་ཤུགས་གཞན་དག་གི་འགོག་རྐྱེན་ཡང་སྔོན་མ་ནང་བཞིན་འཕྲད་མེད་པར་ནང་སྲིད་དང་། ཕྱི་སྲིད་གང་ཐད་ནས་རང་ཐག་རང་གིས་གཅོད་ཐུབ་པའི་གནས་སྟངས་ཤིག་ཆགས་ཡོད་པས། བོད་ཐོག་འཛིན་པའི་ནོར་འཁྲུལ་གྱི་སྲིད་བྱུས་རྣམས་བྱང་ཀོ་རི་ཡར་འཛིན་པའི་ནོར་འཁྲུལ་གྱི་སྲིད་བྱུས་ལ་འགྱུར་བ་བཏང་བ་བཞིན་བོད་ལ་འཛིན་པའི་སྲིད་བྱུས་ཀྱང་འགྱུར་བ་གཏོང་ཐུབ་པའི་གནས་སྟངས་ཤིག་ཆགས་ཡོད།

འདས་པའི་ལོ་གཅིག་གཉིས་ནང་རང་སྲེག་བྱེད་མཁན་བོད་མིའི་གྲངས་འབོར་ཉུང་དུ་ཕྱིན་ཡོད་པ་དེ་ནི་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་བསླབ་བྱ་དང་འབྲེལ་བ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། བོད་རིགས་ས་ཁུལ་ཁ་ཤས་ལ་སླར་ཡང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་པར་བཀལ་ཡང་རྒྱ་ནག་དམར་པོའི་གཞུང་གིས་བཙན་དབང་གིས་བཀག་འགོག་དང་། གང་ཡང་མ་བཤད་པ་དེ་ཡང་ཞི་ཅིང་ཕིང་གི་བརྡ་གཏོང་དང་འབྲེལ་བ་ཡོད་སྲིད། དེ་དག་ཚང་མ་ཕན་ཚུན་གཅིག་གིས་གཅིག་ལ་བཟང་ཕྱོགས་ཀྱི་བརྡ་སྟོན་བྱེད་ཀྱི་ཡོད་པའི་རྟགས་མཚན་རེད།

རྟགས་མཁན་གལ་ཆེ་ཤོས་ནི། རྒྱ་གར་གྱི་བརྒྱུད་ལམ་ནང་བཙན་བྱོལ་བོད་གཞུང་གི་སྲིད་བློན་ཟུར་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཟླ་བ་སྔོན་མའི་ནང་གདན་ཞུས་ལྟར་རྒྱ་ནག་ཡུན་ནན་ཞིང་ཆེན་གྱི་ཁུན་མིང་གྲོང་ཁྱེར་དུ་ཕེབས་ཡོད་པ་དང་། མངོན་ཆུང་ཟབ་ནན་གྱིས་རྒྱ་ནག་གཞུང་ཕྱོགས་དང་འབྲེལ་བ་བྱུང་ཡོད་པ་རེད། ཅེས་གནས་ཚུལ་ཐོན་པ་དེ་རེད། གནས་ཚུལ་དེ་ད་བར་ར་སྤྲོད་གསལ་པོ་ཞིག་བྱུང་མེད་ན་ཡང་། པེ་ཅིང་དང་རྡ་རམ་ས་ལ་དབར་གྱི་གྲོས་མོལ་དང་། འགྲིག་འཇགས་ཀྱི་འབྲེལ་བའི་ཐད་ནས་བཤད་ན་དེ་ནི་དགའ་འོས་པ་ཞིག་རེད།

གཞན་གྱིས་བཤད་སྲོལ་ལྟར་ན། ཞི་ཅིན་ཕིང་གི་ཁྱིམ་ཚང་ནི་བོད་དང་ནང་ཆོས་དང་འབྲེལ་བ་ཟབ་མོ་ཡོད་པ་དང་། ཞི་ཅིན་ཕིང་གི་པཱ་ལགས་ཞི་ཀྲུང་ཤུན་ Xi Zhongxun གྱིས་དེ་སྔ་ནུབ་བྱང་ཁུལ་དུ་ཕྱག་ལས་གནང་སྐབས་བོད་ཀྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་གཉིས་པ་པན་ཆེན་རིན་པོ་ཆེ་དང་ལྷན་དུ་མི་ལོ་བཞི་བཅུ་ཙམ་གཤིབ་མྱོང་བའི་འབྲེལ་བ་ཡོད་པ། མའོ་ཙེ་ཏུང་གི་དུས་སྐབས་སུ་ཞི་ཀྲུང་ཤུན་དང་པན་ཆེན་རིན་པོ་ཆེ་གཉིས་ཀ་ཉེས་མིང་ཕོགས་ནས་བཙོན་དུ་ཚུད་མྱོང་ཡང་། མའོ་ཤི་རྗེས་ཁོང་རྣམ་གཉིས་དཀར་འདོན་བྱུང་སྟེ་མུ་མཐུད་མཉམ་ལས་གནང་ཡོད་པ་བཅས། ཁོང་གཉིས་ནི་གཅིག་སེམས་གཅིག་གཏད་དང་། སྐྱིད་སྡུག་མཉམ་མྱོང་གི་གྲོགས་པོ་རྙིང་པ་རེད་བརྗོད་ཆོག་པ་དང་། ཞི་ཅིན་ཕིང་གི་ཨ་མལ་ཇི་ཤིན་ Qi Xin ཡང་ཟེར་སྐད་ལ་དད་གུས་ཆེ་བའི་ནང་པ་རེད་ཟེར།

ཞི་ཅིན་ཕིང་གི་བཟའ་ཟླ་ཕང་ལི་ཡོན་ Peng Liyuan ནང་ཆོས་ལ་དད་གུས་བྱེད་མཁན་ཞིག་ཡིན་པ་དང་། ལོ་གཉིས་སྔོན་ད་དུང་ཤི་ཨན་ཚི་ཨན་དགོན་པར་ཆོས་མཇལ་དུ་ཕེབས་པའི་གནས་ཚུལ་དེ་རེ་ཞིག་སྐད་གྲགས་ཆེན་པོ་ཆགས། ཁོང་སྐད་གྲགས་ཆེ་བའི་གཞས་མ་ཞིག་ཡིན་པ་ལྟར་དེ་སྔ་བོད་སྐོར་གྱི་གཞས་བཏང་མྱོང་ཡོད། ཞི་ཅིན་ཕིང་ཁོ་རང་ལ་ཆ་བཞག་ན་ཡང་། ཧ་སྦའེ་ He Bei ཞིང་ཆེན་ཀྲིང་ཏིང་ Zheng Ding རྗོང་གི་དམར་ཤོག་ཚོགས་པའི་དྲུང་ཆེ་བྱེད་སྐབས་རྩོམ་པ་པོ་ཁ་ཡུལ་ལུའུ་ Ke Yunlu གི་ཤུགས་རྐྱེན་ཐེབས་ཏེ་དེ་སྔ་ནང་ཆོས་སྦྱང་མྱོང་ཡོད། ཕྱི་ལོ་ ༢༠༡༤ ལོར་ཞི་ཅིན་ཕིང་ཕ་རན་སིར་ནང་ཆོས་དང་རྒྱ་ནག་རིག་གཞུང་གི་འབྲེལ་བའི་སྐོར་གསུང་སྐབས། ནང་ཆོས་ཀྱིས་རྒྱ་ནག་གི་རིག་གཞུང་བསྐྱར་གསོའི་ཁྲོད་གལ་ཆེའི་ནུས་པ་འདོན་སྤེལ་བྱེད་ཐུབ་ཅེས་གསུང་ཡོད།

༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་མཐའ་འཁྱོངས་གནང་བཞིན་པའི་དབུ་མའི་ལམ་དང་། ཞི་བདེ། ཁུངས་ལུང་རྒྱུ་མཚན། འཚེ་མེད་ཞི་བ་བཅས་ཀྱིས་བོད་རང་བཙན་གྱི་འདོད་ཚུལ་བཟུང་གི་མེད་པར་མིང་དོན་མཚུངས་པའི་རང་སྐྱོང་རྩོད་ལེན་གནང་གི་ཡོད་པ་མ་ཟད། དེ་ཡང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་གི་མིང་དོན་མཚུངས་པའི་རང་སྐྱོང་རྩོད་ལེན་གནང་གི་ཡོད། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཧམ་སེམས་མེད་པའི་ཐུགས་འདུན་ཆུང་ཆུང་ཞིག་ཡོད་པ་ནི། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་ཡུལ་གོམས་སྲུང་སྐྱོབ་གནང་རྒྱུ་དེ་ཡིན། དྲང་པོར་བཤད་ན། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཐུགས་འདུན་དང་། དགོངས་པ ལམ་ཕྱོགས་ནི་རྒྱ་ནག་ལ་ཁེ་ཕན་ཡོད་པ་ཞིག་ཡིན་པ་ལས་གནོད་སྐྱོན་ཡོད་པ་ཞིག་མིན་སྟབས་ཞི་ཅིང་ཕིང་གིས་ཁས་ལེན་མི་ཐུབ་པ་གང་ཡང་མེད།

༧གོང་ས་མཆོག་དགུང་གྲངས་མཐོ་པོར་ཕེབས་ཟིན་པ་དང་། གལ་སྲིད་ཁོང་གི་སྐུ་ཚེའི་རིང་བོད་དོན་ཐག་གཅོད་འོས་འཚམས་མ་བྱུང་པ་ཡིན་ན། ཀུན་གྱིས་རེ་བ་བཅོལ་སའི་ཏཱ་ལའི་བླ་མ་མཆོག་སྐུ་འཚོ་བཞུགས་མེད་པའི་དུས་སྐབས་སུ་བོད་ཕྱི་ནང་གཉིས་ཀྱི་མི་མང་རྣམས་ལམ་གང་འདྲ་ཞིག་ལ་བསྐྱོད་མིན་སུས་ཀྱང་ཚོད་དཔག་དཀའ་བ་ཞིག་རེད་ལ། དབུ་མའི་ལམ་ལ་མུ་མཐུད་ནས་བརྩི་འཇོག་ཐོབ་མིན་ཀྱང་ཤེས་རྟོགས་དཀའ་བ་ཞིག་རེད། ཀྲུའུ་ཝེ་ཇུན་ལྟ་བུའི་བོད་དང་འབྲེལ་བ་ཡོད་པའི་གཡོན་ཐལ་ཅན་གྱི་རྒྱ་ནག་གི་འགོ་ཁྲིད་ཚོས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུ་འདི་༧གོང་ས་ཏཱ་ལའི་བླ་མ་མཆོག་དགོངས་པ་མ་རྫོགས་བར་སྒུག་ནས་དུས་འགྱངས་བྱེད་རྒྱུའི་རེ་ངན་བཅངས་པ་ནི། སྒེར་གྱི་ཁེ་ཕན་ཆེད་དང་མཐོང་རྒྱ་ཆུང་དྲགས་པ་ཞིག་ཡིན་པས་དེ་ནི་རྒྱལ་འཕུངས་དམངས་གནོད་ཀྱི་བྱ་བ་རང་རེད།

གལ་སྲིད་ཞི་ཅིང་ཕིང་གིས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུའི་བསམ་བློ་ཡོད་པ་ཡིན་ན། ༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་འཆམ་པོ་དང་མཉམ་ལས་གནང་རྒྱུ་དེ་ནི་ལས་སླ་ཤོས་དང་། བརྟན་ཤོས་ཀྱི་ཐབས་ལམ་ཞིག་རེད། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་བླ་ན་མེད་པའི་མཚན་སྙན་གྲགས་ལ་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་གུས་བརྩི་ཆེན་པོ་ཞུ་གི་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་རྒྱབ་སྐྱོར་ཤུགས་ཆེན་པོ་དང་། མོས་མཐུན་ཆེན་པོ་གནང་གི་ཡོད། དེར་བརྟེན་༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་བོད་ཀྱི་བསམ་པའི་གཙོ་འཛིན་ཡིན་པ་མ་ཟད། འཛམ་གླིང་གི་བསམ་པའི་གཙོ་འཛིན་ཀྱང་ཡིན། ཁོང་ནི་བོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཞིག་ཡིན་པའི་ཆ་ནས་རྒྱལ་སྤྱིའི་ཐོག་མཚན་དང་སྙན་གྲགས་ཀྱང་ཧ་ཅང་ཆེན་པོ་ཡོད་པར་བརྟེན། ཞི་ཅིན་ཕིང་གིས་ཏཱ་ལའི་བླ་མ་མཆོག་ལ་ཡག་པོ་གནང་བ་ཡིན་ན། རྒྱལ་སྤྱིའི་ཐོག་རྒྱ་ནག་གི་གཟུགས་བརྙན་གོང་མཐོར་གཏོང་ཐུབ།

གལ་སྲིད་ཞི་ཅིང་ཕིང་དང་༧གོང་ས་ཏཱ་ལའི་བླ་མའི་དབར་འབྲེལ་ལམ་ཡག་པོ་ཆགས་ནས་བོད་ཀྱི་གནད་དོན་ཐག་གཅོད་བྱུང་བ་དང་། རྒྱ་བོད་འཆམ་མཐུན་བྱུང་བ་ཡིན་ན། དེ་ནི་ཡུ་གུར་མི་རིགས་སོགས་མི་རིགས་གཞན་དག་གི་གནད་དོན་ཐག་གཅོད་བྱེད་རྒྱུར་མིག་དཔེ་བཟང་པོ་ཞིག་སྟོན་ཐུབ། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་བྱམས་བརྩེའི་བདག་ཉིད་ཅན་ཞིག་ཡིན་པ་དང་། བཟང་པོའི་ཡོན་ཏན་གོང་འཕེལ་གཏོང་བ་གནང་རྒྱུར་ནུས་པ་ཆེན་པོ་ཡོད་མཁན་མཚན་སྙན་འཛམ་གླིང་ཡོངས་སུ་ཁྱབ་པ་ཞིག་ཡིན་སྟབས་ཁོང་ཕྱིར་ཕེབས་གནང་རྒྱུ་དེ་ནི། དེང་སྐབས་ཉམས་རྒུད་དུ་འགྲོ་བཞིན་པའི་རྒྱ་ནག་སྤྱི་ཚོགས་ཀྱི་བཟང་སྤྱོད་སླར་གསོ་བྱེད་རྒྱུ་དང་། དངུལ་ཁོ་ན་ཨང་དང་པོར་བརྩི་བ་དང་། ཀུན་སྤྱོད་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་པའི་རྒྱ་ནག་སྤྱི་ཚོགས་ཀྱི་གནས་སྟངས་སྒྱུར་བ་གཏོང་རྒྱུར་ཧ་ཅང་ཆེ་བའི་མྱུར་སྐྱོབ་ཀྱི་ནུས་པ་ཐོན་ཐུབ་རྒྱུ་རེད།། །།

མ་རྩོམ་གྱི་དྲྭ་བྱང་། http://www.rfa.org/mandarin/pinglun/chenpokong/chenpokon-12072017163112.html

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་སོག་པོའི་སྲིད་བློན་ཛན་དྷན་ཤ་ཏར་གོམ་བྷོ་ཇ་ཝི་མཆོག་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༦།༡༣
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སོག་པོའི་སྲིད་བློན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༦/༡༣
རྒྱ་ནག་གཞུང་གིས་བོད་དིང་རིའི་བསྐྱར་གསོའི་རྣམ་པ། དྲ་ལམ་གྱི་པར།
Mobile App

རྒྱ་གཞུང་གི་བསྐྱར་གསོ་འཛུགས་སྐྲུན་གྱིས་བོད་མི་རྣམས་ལ་གྱོང་གུད་ཆེན་པོ་ཐེབས་རྒྱུ་ཡིན་པ་ཉམས་ཞིབ་པས་བརྗོད།

༢༠༢༥/༠༦/༡༣
Mobile App

ཧི་མ་ཅལ་གྱི་འཕགས་བོད་ཚོང་ལམ་ཤིབ་ཀི་ལ་བསྐྱར་དུ་སྒོ་ཕྱེས་འདུག

༢༠༢༥/༠༦/༡༢
༧སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག ༢༠༢༥།༦།༡༢ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

 ཝེ་ཐི་ནམ་སོགས་ཀྱི་དད་ལྡན་དོན་གཉེར་བ་ ༣༠༠ ལྷག་གིས་མཇལ་བཅར་ཞུས།

༢༠༢༥/༠༦/༡༢
Mobile App

སྐུ་པར་རྙིང་བ་ཞིག

༢༠༢༥/༠༦/༡༢
མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་སླར་ཡང་འདི་ལོའི་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་རྟགས་མ་ཐོབ་སོང་། ༢༠༢༥།༠༦།༡༡ དུས་བབ་ཀྱི་པར།
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་སླར་ཡང་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་གཟེངས་རྟགས་ཐོབ། 

༢༠༢༥/༠༦/༡༢

མཆན། 4

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 7 སྔོན།

    བསམ་ཚུལ་ནི་བསམ་ཚུལ་རང་རེད་ཞི་ཅིང་ཕི་དང་གོང་ས་ཏཱ་ལའི་བླ་མ་འཆམ་མཐུན་ཟེར་བ་དེ་བོད་ཀྱི་གནད་དོན་རྩ་བ་ནས་མ་ཤེས་པའི་སྐད་ཆ་རེད་བོད་ཀྱི་གནད་དོན་བོད་མི་ས་ཡ་དྲུག་གི་གནད་དོན་ཡིན་པ་གོང་ས་ཏཱ་ལའི་བླ་མ་མཆོག་ནས་ཡང་ནས་ཡང་དུ་གསུང་ཡོད་ན་ཞི་ཅིང་ཕི་དང་གོང་ས་ཏཱ་ལའི་བླ་མཆོག་གཉིས་འཆམ་མཐུན་བྱུང་ན་བོད་ཀྱི་གནད་དོན་ཐག་གཅོད་ཐུབ་པའི་ངོས་འཛིན་གནང་མཁན་ཡོད་ན་བོད་རྒྱའི་དཀའ་སྙོགས་ཀྱི་ཆབ་སྲིད་ལ་རྒྱུསལོན་གང་ཡང་ཐུབ་མེད་པ་ནས་བསམ་ཚུལ་ནི་བསམ་ཚུལ་རང་ལ་ངོས་འཛིན་ཞུ་གི་ཡོད་།

    Reply
    • ཀུན་དགའ་བཀྲིསྲ says:
      ལོ་ 7 སྔོན།

      ཁོ་རང་གི་བསམ་ཚུལ་རང་རེད། རྒྱ་རིགས་ཤིག་གི་བསམ་ཚུལ་དེ་བོད་ཡིག་ཀློག་མཁན་ཚོས་ཤེས་ན་བསམ་སྟེ་སྒྱུར་བ་ཡིན། རྒྱ་རིགས་ཤེས་ཡོན་ཅན་གྱི་བསམ་ཚུལ་ཡོངས་རྫོགས་ལ་ང་ཚོས་མོས་མཐུན་བྱེད་དགོས་ཀྱི་མ་རེད་བསམ།

      Reply
  2. རིག་འཛིན་ says:
    ལོ་ 7 སྔོན།

    དཔྱད་རྩོམ་དེ་ཡག་པོ་དང་དགའ་འོས་པ་ཞིག་འདུག་ཀྱང་གོང་འཁོད་དཔྱད་རྩོམ་ནང་ཟམ་གདོང་རིན་པོ་ཆེ་བོད་ལ་ཕེབས་པའི་གནས་ཚུལ་དེ་རིན་པོ་ཆེར་གསར་འགོད་པ་གཅིག་གི་བཅར་འདྲི་ནང་ཁོད་དོན་དུ་གནས་ཚུལ་དེ་འུར་ཡིན་པ་དང་དངོས་ཡོད་མིན་པ་གསུངས་འདུག།

    Reply
    • ཀུན་དགའ་བཀྲིས/ says:
      ལོ་ 7 སྔོན།

      བོད་ཀྱི་གནད་དོན་ཐག་གཅོད་བྱུང་བ་ཡིན་ན། བོད་ཙམ་མ་ཟད་རྒྱ་ནག་ལ་ཡང་ཁེ་ཕན་ཆེན་པོ་ཡོད་པའི་བསམ་ཚུལ་དེ་གནད་འགག་མཐོང་སོང་།

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese