མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

བོད་ཀྱི་དུས་བབ།
༢༠༢༦/༠༣/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཨོ་གླིང་གྲོས་ཚོགས་ནང་བོད་རྒྱའི་དཀའ་རྙོག་སེལ་སླད་རྒྱ་ནག་གཞུང་གིས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ཞི་བའི་གྲོས་མོལ་ཞུ་དགོས་པའི་འབོད་སྐུལ་གནང་འདུག

ཨོ་གླིང་གྲོས་ཚོགས་གོང་མའི་ནང་གྲོས་ཚོགས་འཐུས་མི་ལྕམ་ཌེ་བྷོ་རཱ་ཨོ་ནིལ་ལགས་ཀྱིས་བོད་དོན་གྲོས་འཆར་བཏོན། བོད་མིའི་སྒྲིག་འཛུགས་ཀྱི་པར།

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༦༧ པ་དང་བསྟུན། ཨོ་གླིང་གྲོས་ཚོགས་གོང་མའི་ནང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་མཉམ་འབྲེལ་ཚོགས་པའི་(Inter-Parliamentary Alliance on China) ཚོགས་གཙོ་གཞོན་པ་ལྕམ་ཌེ་བྷོ་རཱ་ཨོ་ནིལ་ (Deborah O’Neill) ལགས་ཀྱིས།ཆབ་སྲིད་ཚོགས་པ་ཁག་གི་གྲོས་ཚོགས་འཐུས་མི་རྣམས་མཉམ་འབྲེལ་ཐོག་བོད་ནང་གི་འགྲོ་བ་མིའི་གནས་སྟངས་དང་། བོད་ཀྱི་ཆོས་དང་རིག་གཞུང་། ངོ་བོ་བཅས་སྲུང་སྐྱོབ་བྱེད་པར་རྒྱལ་སྤྱིའི་ཐོག་ཐུགས་འཚབ་གསལ་སྟོན་ གནང་བའི་གྲོས་འཆར་དོན་ཚན་བཞི་ཅན་ཞིག་བཏོན་ཡོད་འདུག

གྲོས་ཆོད་དེའི་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐུ་ཚེ་གང་བོར་འགྲོ་བ་མི་གཅིག་མཚུངས་དང་། འཚེ་མེད་ཞི་བ། འགྲོ་བ་མིའི་ཐོབ་ཐང་། ཆོས་ལུགས་མཐུན་སྒྲིལ། ཁོར་ཡུག་སྲུང་སྐྱོབ་དང་དམངས་གཙོ་གོང་འཕེལ་བཅས་ཀྱི་སླད་བླ་ན་མེད་པའི་མཛད་རྗེས་བསྐྱངས་གནང་མཛད་པར་ཆེ་བསྟོད་ཞུས་ཡོད་ཅིང་། འཛམ་གླིང་སྲིད་གཞུང་ཁག་གིས་ཆོས་ལུགས་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་དང་། ལྷག་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ངོས་འཛིན་ཐོག་ཐེ་བྱུས་བྱེད་པའི་དབང་ཆ་མེད་པ་བསྐྱར་ནན་གནང་། རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བརྒྱུད་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། ངོ་བོ་དང་བཅས་རྩ་མེད་གཏོང་བཞིན་ཡོད་པ་མ་ཟད། བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་རིག་གཞུང་ལའང་ཐེ་བྱུས་བྱེད་བཞིན་པའི་ཐོག་ཐུགས་འཚབ་བསྟན་ཡོད། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱེད་དགོས་པ་དང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་སླད་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ལྷན་དུ་ཞི་བའི་གྲོས་མོལ་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

ཐེངས་འདིའི་གྲོས་འཆར་ནི་འདས་ལོར་སྦེལ་ཇེམ་གྱི་རྒྱལ་ས་སྦར་སིལ་དུ་འཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པའི་ལྷན་ཚོགས་ཐོག་གྲོས་ཚོགས་འཐུས་མི་ཕན་ཚུན་མཉམ་ལས་ཀྱིས་བོད་དོན་དང་འབྲེལ་བའི་ལས་འགུལ་སྤེལ་རྒྱུར་སྤྱི་མོས་བྱུང་བ་ལྟར། ད་ལན་ཨོ་གླིང་གྲོས་ཚོགས་གོང་མའི་ནང་གྲོས་འཆར་འདོན་སྤེལ་གནང་བ་ཞིག་ཡིན་འདུག་ལ། དེ་ནི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་མཉམ་འབྲེལ་ཚོགས་པའི་ཁྲོད་ནས་བོད་དོན་ཐོག་གྲོས་ཚོགས་ནང་གྲོས་འཆར་འདོན་མཁན་གྱི་རྒྱལ་ཁབ་ཐོག་མ་དེ་ཆགས་ཡོད་པ་མ་ཟད། ཨོ་གླིང་གྲོས་ཚོགས་ཀྱི་སྲིད་དོན་ཚོགས་པ་ཁག་གི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད་འདུག

གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།

དེ་བཞིན་གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་གྲོས་ཚོགས་ཐོག་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ (Divid Smith) ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་ཡོད་པའི་ནང་། དེ་རིང་ནི་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༦༧ འཁོར་བའི་དུས་དྲན་ཡིན། ཕྱི་ལོ་ ༡༩༥༩ ལོར་རང་དབང་ཆེད་སྒེར་ལངས་བྱེད་མཁན་རྣམས་དང་ད་ལྟ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཆེད་འཐབ་རྩོད་བྱེད་མཁན་རྣམས་ལ་དྲན་གསོ་ཞུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ཕེབས་པ་དང་བསྟུན། ང་ཚོས་འཛམ་གླིང་ཡོངས་སུ་བྱམས་བརྩེའི་ལོ་ཞིག་ལ་སྲུང་གཙི་ཞུ་བཞིན་ཡོད། ཁོང་གིས་མི་ཚེ་གང་བོར་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་ལུགས་མཐུན་སྒྲིལ། དམངས་གཙོ། མི་ཚང་མའི་ཆེ་མཐོང་བཅས་ལ་བཅངས་པའི་ལྷག་བསམ་ལ་ཆེ་མཐོང་ཞུ་བཞིན་ཡོད། བོད་མི་རྣམས་ཀྱིས་རིག་གཞུང་དང་ཆོས་ལུགས་ཀྱི་ངོ་བོར་དྲག་གནོན་བྱེད་བཞིན་པའི་སྲིད་ཇུས་ལ་གདོང་ལེན་བྱེད་བཞིན་ཡོད། རྒྱ་ནག་གཞུང་གི་ཐེ་བྱུས་མེད་པའི་ཐོག་ནས་༧གོང་ས་མཆོག་གི་༧སྐུའི་ཡང་སྲིད་དེ་བོད་མིའི་རིག་གཞུང་གི་ཉམས་ལེན་བརྒྱུད་ནས་ཐག་གཅོད་བྱ་རྒྱུ་གལ་ཆེན་པོ་ཆགས་ཡོད། རྒྱ་གཞུང་གིས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་ཆེ་མཐོང་ངོས་འཛིན་བྱེད་དགོས་པ་མ་ཟད། ༧གོང་ས་མཆོག་དང་ལྷན་དུ་དྲང་བདེན་གྱི་ཐོག་ནས་གྲོས་མོལ་ཞུ་དགོས། ཅེས་བརྗོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

ཆུ་ཚོད་ ༡༨ སྔོན་ལ།
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

རང་བཙན་གོམ་བགྲོད་གནང་མཁན་ཚེ་རིང་མཐར་ཕྱིན་ལགས་ཅན་དྷི་སྒར་དུ་འབྱོར་འདུག

༢༠༢༦/༠༩/༠༩
བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་འདུ་ཐེངས་ ༢༤ པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

 བྱང་ཨ་རིའི་བོད་རིགས་ཚོགས་པ་ཁག་གིས་ཚོགས་ཆེན་འཚོགས།

༢༠༢༦/༠༩/༠༩
Mobile App

རྒྱ་ནག་གི་དྲ་ལམ་དུ་མངོན་པའི་གཞོན་སྐྱེས་ལས་ཤོར་བའི་དཀའ་ངལ།

༢༠༢༦/༠༩/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese