འགྱིག་བཟོས་བུད་མེད་ཀྱིས་སྐྱེས་པ་མང་པོའི་ཁེར་རྐྱང་གི་དཀའ་སྡུག་སེལ།

རྒྱ་ནག་ནང་ཕོ་མང་མོ་ཉུང་གི་དཀའ་ངལ་ཆེན་པོ་ཡོད་པས་འགྱིག་གི་བུད་མེད་བཟོ་མཁན་ཚོང་གཉེར་ཁང་དག་ལ་ལོ་རེ་བཞིན་ཚོང་བྲིན་རྒྱུག་ཆེ་རུ་འགྲོ་བཞིན་ཡོད་འདུག

རྒྱ་ནག་གཞུང་གིས་ལོ་ངོ་ ༤༠ མ་ཟིན་ཙམ་རིང་འཆར་ལྡན་བུ་སྐྱེས་ཀྱི་སྲིད་བྱུས་ལག་བསྟར་བྱས་པ་དང་། ཁྱིམ་ཚང་གཅིག་ལ་ངེས་པར་དུ་བུ་གཅིག་སྐྱེས་དགོས་པའི་ཁྱིམ་རྒྱུད་སྲོལ་རྒྱུན་གྱིས་མངལ་གྱི་ཕྲུ་གུ་བུ་མོ་རྣམས་མེད་པ་བཟོས་པར་བརྟེན། འདི་ལོའི་བསྡོམས་རྩིས་ལྟར་ན། རྒྱ་ནག་ནང་སྐྱེས་པ་ ༧༢༤༡༣༧༩༣༠ ཡོད་པ་དང་། བུད་མེད་༦༧༠༦༢༨༤༨༣ ལས་མེད་སྟབས། སྐྱེས་པ་མང་པོར་བཟའ་ཟླ་མ་རག་པའི་དཀའ་ངལ་འཕྲད་དེ་འགྱིག་གིས་བཟོས་པའི་བུད་མེད་ལ་འཁྲིག་སྤྱོད་བྱེད་པ་སོགས་ཁེར་རྐྱང་གི་དཀའ་སྡུག་སེལ་ཐབས་བྱེད་ཀྱི་ཡོད་འདུག

ན་ནིང་ད་ལོར་རྒྱ་ནག་གི་བཟོ་གྲྭ་མང་པོས་འཁྲིག་སྤྱོད་ཡོ་ཆས་(Smart Sex Doll) ཞེས་པ་ཡོངས་ཁྱབ་ཀྱིས་ཚོང་འགྲེམས་ཤུགས་ཆེན་བྱེད་ཀྱི་ཡོད་པ་དང་། ཧ་ཅང་ཚོང་བྲིན་ཆེན་པོ་ཆགས་པའི་འགྱིག་བཟོས་བུད་མེད་ཀྱིས་སྐད་ཆ་བཤད་པ་དང་། གླུ་གཞས་གཏོང་ཐུབ་པ་མ་ཟད། ཕར་ལ་སྐད་ཆ་དྲིས་ན་ལན་རྒྱག་ཐུབ་པ་དང་། མིའི་ཤ་མདོག་དང་འདྲ་ཞིང་འཇམ་མཉེན་ལྡན་པ། གཟུགས་བྱད་ཧ་ཅང་ལེགས་པ་སོགས་འགྲོ་བ་མིར་ལྷན་སྐྱེས་ཀྱིས་ཚང་དཀའ་བའི་ཁྱད་ཆོས་མང་པོ་ཞིག་ལྡན་ཡོད་པ་དང་། གོང་ཚད་ཨ་སྒོར་ ༢༠༠༠ ཡས་མས་ཡིན་འདུག

ད་ལོ་ནས་(EXDOLL)ཞེས་པའི་མིའི་སྐྱེས་གཟུགས་ཐོན་སྐྱེད་བཟོ་གྲྭ་ཁང་ཞིག་གིས་(3D)གློག་ཆས་ཀྱི་མ་ལག་བཀོལ་ཏེ་སྔར་ལས་འཐུས་སྒོ་ཚང་བའི་མི་གཟུགས་ཤིག་བཟོ་ཐབས་བྱེད་ཀྱི་ཡོད་པ་དང་། གལ་ཏེ་ལེགས་འགྲུབ་བྱུང་བ་ཡིན་ན་ཀུ་ཤུ་ཁ་པར་གྱི་(Siri)མ་ལག་བཀོལ་བ་ལྟར་སྐད་ཆ་དྲིས་པར་ལན་རྒྱག་པ་དང་སྒྲ་གཏོང་བ་ཙམ་མ་ཡིན་པར། འཁྲིག་སྤྱོད་སྐབས་སུ་ཚོར་བ་སྟོན་ཐུབ་པ་དང་ལུས་ལ་འགུལ་སྐྱོད་ལྡན་པ། མིག་གིས་འགུལ་སྐྱོད་ཀྱི་རྗེས་སུ་སྙེག་ཐུབ་པ་དང་། བཀོལ་སྤྱོད་པའི་སྐད་སྒྲ་ངོས་འཛིན་ཐུབ་ཀྱི་ཡོད་འདུག

ཨེག་སི་ཌོལ་ (EXDOLL)བཟོ་གྲྭ་ཁང་ལ་ཟླ་རེར་འགྱིག་བཟོས་མི་ཉོ་མཁན་ ༤༠༠ ལྷག་ཡོང་གི་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ལོ་ནས་ཚོང་འགྲེམས་མགོ་བཙུགས་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོ་ནས་ཉོ་མཁན་གྱི་གྲངས་འབོར་སྔར་ལས་མང་དུ་ཕྱིན་ཡོད་འདུག ཚོང་གཉེར་ཁང་དེར་སྲོལ་རྒྱུན་འཁྲིག་སྤྱོད་ཡོ་ཆས་དང་དེང་རབས་འཁྲིག་སྤྱོད་ཡོ་ཆས་ཚང་མ་འཚོང་རྒྱུ་ཡོད་པ་དང་། བཟོ་གྲྭ་དེའི་སྦྱིན་བདག་ཆའོ་ཝུའུ་ཡིས་ང་ཚོས་ཤེས་གསལ་ལ་འཛད་སྤྱོད་པ་མང་ཆེ་བས་མི་གཟུགས་དེ་དག་གི་གཟུགས་པོའི་རིང་ཚད་དང་ནུ་མའི་ཆེ་ཆུང་། མིག་མདོག་དང་ལུས་ཀྱི་སྤུའི་མང་ཉུང་། སྐྲ་མདོག་སོགས་ལ་བལྟས་ཏེ་གདམ་གསེས་བྱེད་ཀྱི་འདུག་མོད། མི་ཚང་མ་དགའ་སའི་རིགས་དེ་ཤ་མདོག་སྐྱ་མདངས་ཅན་དང་ནུ་མའི་ཆེ་ཆུང་ཚད་གཞི་མི་ཊར་( ༡.༥༨ ནས་ ༡.༧༠ )་བར་ཡིན་པའི་སྐྱེས་གཟུགས་ལ་དགའ་མོས་བྱེད་ཀྱི་འདུག ཅེས་བརྗོད་ཡོད་པ་རེད།

རྒྱ་ནག་ནང་འཁྲིག་སྤྱོད་ཡོ་ཆས་སྐོར་ལ་དམིགས་བསལ་ཁྲིམས་སྒྲིག་གཏན་འབེབས་མེད་པར་བརྟེན། དེང་སང་རྒྱ་ནག་ནང་དུ་འཁྲིག་སྤྱོད་གཡོ་ཆས་རིགས་བེད་སྤྱོད་གཏོང་མཁན་མང་དུ་འགྲོ་བཞིན་ཡོད་པ་དང་བསྟུན། སྤྱི་ཚོགས་དྲ་རྒྱ་ཁག་ཏུ་འཛད་སྤྱོད་པས་རང་ཉིད་ཀྱི་ཚོར་སྣང་དང་བེད་སྤྱོད་བདེ་མིན་སོགས་ཡོངས་ཁྱབ་ཀྱིས་བཤད་དེ་བགྲོ་གླེང་ཡང་ཡང་ཡོང་གི་ཡོད་པ་དང་། མི་ཞིག་གིས་པོད་འཕྲིན་དྲ་བའི་སྟེང་མི་ཁ་ཤས་ཀྱིས་མི་གཟུགས་འཁྲིག་སྤྱོད་ཡོ་ཆས་དེ་དག་ཡག་པོ་མེད་པར་བརྗོད་ཀྱི་ཡོད་ན་ཡང་། དེ་ནི་ཧ་ཅང་སྐྱིད་པོ་དང་ལུས་ལ་ཐུག་ན་འཇམ་ཞིང་ཧ་ཅང་བདེ་བའི་ཚོར་བ་ཞིག་སྟེར་ཐུབ་ཀྱི་འདུག ཅེས་བྲིས་འདུག

རྒྱ་ནག་གི་བུད་མེད་ཐོབ་ཐང་འཐབ་རྩོད་པ་ཞའོ་མེ་ལི་(XiaoMeili)ཡིས་སྐྱེས་པ་མང་པོས་བུད་མེད་ནི་མི་ཞིག་ཏུ་མི་སེམས་པར་འཁྲིག་སྤྱོད་ཀྱི་གཡོ་ཆས་དང་། ཁྱིམ་ལས་གཉེར་ཞིང་བྱིས་པ་སྐྱེས་མཁན་ཁོ་ན་ཞིག་ཏུ་ངོས་འཛིན་བྱེད་པ་ལྟར། མི་གཟུགས་འཁྲིག་སྤྱོད་གཡོ་ཆས་བེད་སྤྱོད་བྱེད་བཞིན་པ་དེས་བུད་མེད་མང་པོའི་ཁུར་བོ་ཇེ་ཡང་དུ་འགྲོ་བར་ཕན་སྲིད་པ་རེད། ཅེས་བརྗོད་ཡོད་འདུག

རྒྱ་ནག་གི་ཁྲོམ་རའི་དོ་དམ་འགན་འཛིན་ཝུ་ཤིན་ཉིང་(Wu Xingliang)གིས། རྒྱ་ནག་ནི་བུད་མེད་ཧ་ཅང་ཉུང་བའི་རྒྱལ་ཁབ་ཅིག་ཡིན་སྟབས། འགྱིག་བཟོས་བུད་མེད་ནི་ཚོང་རའི་ཅ་དངོས་བྲིན་ཤོས་ཤིག་ཆགས་ཀྱི་ཡོད་པ་རེད། ཡིན་ན་ཡང་། དེ་དག་ནི་འཁྲིག་སྤྱོད་གཅིག་པུ་ཙམ་ཞིག་གི་ཆེད་དུ་མིན་པས་ཉོ་མཁན་ནང་ན་གཞོན་དང་རྒན་འཁོགས་གཉིས་ཀ་ཡོད་པ་མ་ཟད། གཉེན་སྒྲིག་བྱས་ཟིན་པའི་མི་ཡང་མང་པོ་འདུག ཚོང་གཉེར་ཁང་དེ་དག་གིས་སྤྱི་ཚོགས་ཀྱི་སྟོང་ཆ་ཆེན་པོ་ཞིག་སྐོང་ཐུབ་ཀྱི་ཡོད་སྟབས། ང་ཚོས་མུ་མཐུད་མི་གཟུགས་དེ་དག་གི་བྱེད་ནུས་ཡར་རྒྱས་གཏང་སྟེ་མི་དང་མཉམ་དུ་ཕན་ཚུན་སྐད་ཆ་བཤད་ཐུབ་པ་དང་ཁྱིམ་ལས་སོགས་ལས་ཐུབ་པ་ཞིག་བྱ་རྒྱུ་ཡིན། ཞེས་བརྗོད་འདུགཧོང་ཀོང་རང་དབང་གསར་ཁང་གིས་བརྗོད་པ་ལྟར་ན། དེང་སང་རྒྱ་ནག་ནི་འཛམ་གླིང་ཐོག་མིའི་སྐྱེས་གཟུགས་ཐོན་སྐྱེད་ཀྱི་བཟོ་གྲྭ་ཆེས་མང་པའི་རྒྱལ་ཁབ་ཅིག་ཆགས་ཡོད་པ་མ་ཟད། འཛམ་གླིང་གི་འཁྲིག་སྤྱོད་ཡོ་ཆས་བརྒྱ་ཆ་ ༨༠ རྒྱ་ནག་ནས་བཟོ་བཞིན་ཡོད་པས། བཟོ་གྲྭ་དེ་ཚོས་བཟོ་ལས་ཡོང་འབབ་ཨ་སྒོར་དུང་ཕྱུར་ ༦༦ ལ་ལས་མི་ས་ཡ་གཅིག་ལྷག་གླས་ཡོད་འདུག

ཕྱི་ལོ་༢༠༡༧ ལོར་རྒྱལ་སྤྱིའི་ཐོག་འཁྲིག་སྤྱོད་གཡོ་ཆས་སྐོར་ལ་ཞིབ་འཇུག་བྱས་པ་ལྟར་ན། མིའི་བདེ་ཐང་དང་ཕན་གནོད་སོགས་ཀྱི་སྐོར་ལ་ཉམས་ཞིབ་བྱེད་མཁན་ཆེས་ཡག་ཤོས་ཀྱི་རྒྱལ་ཁབ་ ༡༠ གདམ་པ་ལས་ཨང་དང་པོ་དེ་ཌན་མག་(Denmark)དང་ཨང་གཉིས་པ་སི་ཝེ་ཌན(Sweden)། ཨང་གསུམ་པ་གྷུ་རིན་ལན་(Greenland)བཅས་ཆགས་ཡོད་པ་དང་།  རྒྱ་ནག་ཨང་རིམ་ ༨༨ པ་དེ་ཡིན་འདུག

གསར་འགོད་པ་སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༢/༠༧

Leave a Reply

10 thoughts on “འགྱིག་བཟོས་བུད་མེད་ཀྱིས་སྐྱེས་པ་མང་པོའི་ཁེར་རྐྱང་གི་དཀའ་སྡུག་སེལ།

  1. རྩིས་དགེ་བཟང་པོ།

    ” རྒྱ་ནག་ནང་སྐྱེས་པ་ས་ཡ་ ༧༢༤༡༣༧༩༣༠ ཡོད་པ་དང་། བུད་མེད་ས་ཡ་ ༦༧༠༦༢༨༤༨༣ ” ཡོད་ཟེར། འཛམ་གླིང་ཡོངས་ལ་མི་ཐེར་འབུམ་༧༠ ཙམ་ལས་མེད་པས་རྒྱ་ནག་ནང་དེ་འདྲའི་མི་མང་པོ་ཞིག་ག་ལ་ཡོད། གལ་ཏེ་ས་ཡ་ཞེས་བྲིས་ན་ས་ཡའི་གྲངས་གནས་དང་དེ་ཡན་མ་གཏོགས་ཁྲི་གནས་དང་སྟོང་གནས་སོགས་ཀྱི་གྲངས་འབྲི་མི་རུང་། གལ་ཏེ་གྲངས་ཇི་བཞིན་བཀོད་ན་གོང་དུ་ས་ཡ་ཞེས་འབྲི་མི་རུང་། གྲངས་གནས་དང་གྲངས་འབྲི་ཚུལ་འདི་ལྟར་རེད།

  2. དུས་བབ་ཚང་གིས་ང་ཚོར་དུས་ལ་བབ་པའི་གསར་འགྱུར་རྐྱང་མཁོ་སྤྲོད་བྱེད་ཀྱི་འདུག ཐུགས་རྗེ་ཆེ།

  3. བསྟན་འཛིན་རྣམ་ལོ།

    འགྱིག་གི་འཁྲིག་སྤྱོད་གཡོ་ཆས་འདི་ག་འདྲ་བྱས་ཉོ་དགོས་འདུག དུས་བབ་ཚང་གིས་ང་ལ་ལན་ཞིག་ཡོད་པར་ཞུ། དཀའ་ངལ་འཕྲད་ནས་བསྡད་ཡོད།

    1. གྲོགས་པོ་ལགས། དཀའ་ངལ་ཡོད་ན་ཁག་མེད། བཟོ་མཁན་ཨ་ཕ་གོན་རྒྱ་ཚང་ཡིན་པས། གཟབ་གཟབ་བྱས་ན་མ་གཏོགས་གཏུབ་གི་རེད་ད། ཧཧཧ།