འཛམ་གླིང་ནང་ཤུགས་རྐྱེན་ཆེ་བའི་བུད་མེད་དབུ་འཁྲིད་བཅུ།

དུས་རབས་ ༢༠ དང་ ༢༡ པའི་ནང་འཛམ་གླིང་ཡོངས་སུ་སྲིད་སྐྱོང་གི་དུས་ཡུན་རིང་ཐུང་ཅི་རིགས་ཀྱི་བུད་མེད་སྲིད་འཛིན་དང་། སྲིད་བློན་ ༧༣ ཙམ་བྱུང་ཡོད་པ་དང་། དེ་དག་ལས་ཝེ་ཁེ་རིག་མཛོད་ཀྱི་ལོ་རྒྱུས་ཡིག་ཚགས་གཞིར་བཟུང་སུ་ཤུགས་རྐྱེན་ཆེས་ཆེ་ཤོས་ཀྱི་བུད་མེད་བཅུ་བདམས་ཡོད།

༡ ལྕམ་སི་རི་མཱ་ཝོ་བྷན་དྷ་རཱ་ནེག
འཛམ་གླིང་གི་སྲིད་བློན་བུད་མེད་ཐོག་མ་ལྕམ་སི་རི་མཱ་ཝོ་བྷན་དྷ་རཱ་ནེག་(Sirimavo Bandaranaike) ནི་ཕྱི་ལོ་ ༡༩༡༦ ལོར་སངྒལའི་(Sri Lanka)དཔོན་རིགས་ཤིག་གི་ཁྱིམ་རྒྱུད་དུ་སྐྱེས་པ་དང་། སངྒ་ལའི་བུད་མེད་མཐོ་སློབ་(St Bridget’s Convent དུ་སློབ་གཉེར་གནང་པ་མ་ཟད། དབྱིན་ཡུལ་གྱི་(Oxford University)ནས་སློབ་སྦྱོང་གནང་མྱོང་ཡོད་འདུག ལྕམ་སི་རི་བྷན་དྷ་རཱ་ནེག་ལགས་ཀྱིས་ཕྱི་ལོ་ ༡༩༦༠ ནས་ ༡༩༦༥ དང་། ཕྱི་ལོ་ ༡༩༧༠་ནས་ ༡༩༧༧། ཕྱི་ལོ་ ༡༩༩༤ ནས་ ༢༠༠༠ བར་བཅས་སྔ་གཞུག་ཏུ་ཁྱོན་ལོ་ངོ་ ༡༨ རིང་སྲིད་བློན་གྱི་ལས་གནས་བཟུང་ཡོད་འདུག སྐབས་དེར་མོའི་པ་ལགས་ཡུལ་དེའི་གྲོས་ཚོགས་ཀྱི་འཐུས་མི་ཡིན་པ་དང་། རང་ལོ་ ༢༤ སྟེང་མོས་སོ་ལོ་མོན་ (Solomon)ཞེས་པའི་སྐྱེས་པ་ཞིག་དང་གཉེན་སྒྲིག་བྱས། ཁོང་ནི་སངྒལའི་རྒྱལ་ཡོངས་ཆིག་སྒྲིལ་ཚོགས་པ་གསར་འཛུགས་གནང་མཁན་ཡིན་འདུག ཕྱི་ལོ་ ༡༩༤༦ ལོར་སི་རི་མཱ་ཝོ་བྷན་རཱ་ནེག་ལགས་སངྒ་ལའི་གྲོས་ཚོགས་འོག་མའི་འཐུས་མིར་བདམས་ཐོན་བྱུང་བ་དང་། ཕྱི་ལོ་ ༡༩༦༠ ལོའི་ཟླ་ ༧ པའི་ནང་སངྒལའི་སྲིད་བློན་དུ་འོས་འཕེན་གྱི་ལམ་ནས་རྒྱལ་ཁ་ཐོབ། མོའི་དུས་ཡུན་རིང་སངྒལའི་ཆབ་སྲིད་ཀྱི་གནས་བབ་ཟིང་འཁྲུག་ཆེན་པོ་ཆགས་ཤིང་། རྒྱ་གར་གྱི་ཏ་མེལ་ནཱ་ཏུས་མཐའ་མཚམས་སུ་ཡུལ་གཉིས་བར་རྩོད་རྙོག་བྱུང་ཡོད་ན་ཡང་། མོས་ཧུར་བརྩོན་ཆེན་པོས་ནང་ཁུལ་ཆབ་སྲིད་ཞི་འཇགས་དང་ས་མཚམས་རྩོད་རྙོག་ཞི་འགྲིག་ཏུ་བཏང་ཡོད་འདུག ཕྱི་ལོ་ ༢༠༠༠ ལོའི་ཟླ་ ༡༠ ཚེས་ ༡༠ ཉིན་ཁོ་མོ་སངྒལའི་(Colombo)གྲོང་ཁྱེར་དུ་སྐུ་གྲོངས་ཡོད་པ་དང་སྐབས་དེར་ཁོ་མོ་དགུང་ལོ་ ༨༤ ཡིན་པ་རེད།

༢ ཨེན་དྷི་རཱ་གན་དྷི།
རྒྱ་གར་གྱི་བུད་མེད་སྲིད་བློན་ཐོག་མ་ཨེན་དྷི་རཱ་གན་དྷི་(Indira Gandhi) ལགས་ནི་ཕྱི་ལོ་ ༡༩༡༧ ཟླ་ ༡༢ ཚེས་ ༡༩ ཉིན་སྐྱེས་ཡོད་པ་དང་། མོའི་པ་ལགས་ནི་རྒྱ་གར་རང་བཙན་ཐོབ་རྗེས་ཀྱི་སྲིད་བློན་དང་པོ་ནཱེ་རོ་མཆོག་ཡིན་པ་རེད། ཨེན་དྷི་རཱ་གན་དྷི་ལགས་ཀྱིས་ཕྱི་ལོ་ ༡༩༥༩ ནས་ ༡༩༦༠ བར་སྲིད་བློན་གྱི་འགན་བཞེས་ཡོད་པ་དང་། ཕྱི་ལོ་ ༡༩༦༦ ནས་ ༡༩༧༧ ་བར་ཀོང་རི་སི་ཚོགས་པའི་འགོ་འཁྲིད་བྱས། ཕྱི་ལོ་ ༡༩༦༤ ནས་ ༡༩༨༤ བར་རྒྱ་གར་དྲིལ་བསྒྲགས་བློན་ཆེན་དུ་བསྡད། ༡༩༦༤ ནས་ ༡༩༦༧ བར་རྒྱ་གར་གྲོས་ཚོགས་གོང་མའི་ཚོགས་མི་དང་། ༡༩༦༧ ནས་ ༡༩༧༨ དང་། ༡༩༨༠ ནས་ ༡༩༨༤ བར་གྲོས་ཚོགས་འོག་མའི་འཐུས་མི། ཁོ་མོས་རྒྱ་གར་ནང་སྲིད་བློན་ཆེན་དང་ཕྱི་སྲིད་བློན་ཆེན་དཔལ་འབྱོར་བློན་ཆེན་སོགས་ཀྱི་འགན་འཁུར་མྱོང་ཡོད་པ་དང་། ༡༩༧༥ ལོར་རྒྱ་གར་སྲིད་བློན་ཡིན་སྐབས་སྲིད་གཞུང་གི་དབང་ཚད་ཕྱིར་བསྡུ་བྱས་ཏེ་སྲིད་དབང་གཅིག་སྡུད་བྱས་པས། ༡༩༧༧ ལོར་ཁོ་མོས་འོས་ཤོག་ཤོར་བ་མ་ཟད་བཟང་བཙོན་དུ་བཅུག་པ་དང་བཙོན་ལས་གློད་གྲོལ་བཏང་རྗེས་སྔར་བཞིན་ཀོང་རི་སི་ཚོགས་པའི་འགོ་འཁྲིད་བྱས། ཁོ་མོ་ནི་འཛམ་གླིང་གི་བུད་མེད་སྲིད་དབང་བཟུང་མྱོང་མཁན་ཁྲོད་ཀྱི་དུས་ཡུན་ཆེས་རིང་ཤོས་དེ་ཡིན་པ་དང་། མཐར་ ༡༩༨༤ ལོའི་ཟླ་ ༡༠ ཚེས་ ༣༠ ཉིན་མོ་རང་གི་སྐུ་སྲུང་ཡིན་པའི་སིག་ཆོས་ལུགས་ཀྱི་རྗེས་འབྲངས་པ་ཞིག་གིས་མེ་མདས་བརྒྱབ་སྟེ་བསད། སྐབས་དེར་ཁོ་མོ་དགུང་ལོ་ ༦༦ ལ་སོན་ཡོད་པ་རེད།

༣ མཱ་རེ་ཨེ་གྷི་ནཱ་ཆཱར་ལེ་སི།
ཏོ་མཱེ་ནེ་ཁཱན་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་སྲིད་བློན་མཱ་རེ་ཨེ་གྷི་ནཱ་ཆཱར་ལེ་སི་(Mary Eugenia Charles)ལགས་ནི། ཕྱི་ལོ་ ༡༩༡༩ ལོའི་ཟླ་ ༥ ཚེས ༡༥ ཉིན་ཏོ་མཱེ་ནེ་ཁཱན་སྤྱི་མཐུན་རྒྱལ་ཁབ་ཀྱི་(Dominican Republic) ཉ་བའི་ཁྱིམ་རྒྱུད་ཅིག་ཏུ་སྐྱེས་ཤིང་། ཡུལ་དེའི་གྲོང་ཚོ་སློབ་གྲྭའི་ནང་གི་བུད་མེད་སློབ་མ་གཅིག་པོ་དེ་ཡིན་པ་དང་། རྗེས་སུ་སློབ་སྦྱོང་མཐར་ཕྱིན་རྗེས་ཡུལ་དེའི་ཁྲིམས་རྩོད་ཁང་ཞིག་ཏུ་ལས་གཉེར་བྱས། ཁོ་མོ་ནི་ཏོ་མཱེ་ནེ་ཁཱན་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་དབང་ཚོགས་པ་གསར་འཛུགས་མཁན་ཡིན་པ་མ་ཟད། ༡༩༨༠ ནས་ ༡༩༩༥ བར་ཡུལ་དེའི་སྲིད་བློན་གྱི་འགན་དབང་བཞེས་ཡོད། ཁོ་མོ་ནི་ཡུལ་དེའི་བུད་མེད་སྲིད་བློན་གཉིས་པ་དེ་ཡིན་པ་མ་ཟད་ཡུལ་དེའི་བུད་མེད་སྲིད་བློན་དུས་ཡུན་ཆེས་རིང་ཤོས་དང་བུད་མེད་ཁྲིམས་རྩོད་པ་ཐོག་མ་ཡིན་པ་རེད། ཕྱི་ལོ་༡༩༩༥ ལོ་ནས་ཁོ་མོས་ལས་ཀ་ནས་རྒས་ཡོལ་བྱས། ༢༠༠༥ ལོའི་ཟླ་ ༩ ཚེས་ ༦ ཉིན་ཧྥ་རན་སིའི་སྨན་ཁང་ཞིག་ཏུ་དྲག་སྐྱེད་དཀའ་བའི་ནད་གཞི་ཞིག་གིས་རྐྱེན་བྱས་ཏེ་སྐུ་གྲོངས་ཡོད་པ་དང་སྐབས་དེར་དགུང་ལོ་༨༦ ཡིན་པ་རེད།

༤ གྷོལ་ཏཱ་མཱེར།
ཨེ་ཟི་རལ་གྱི་སྲིད་བློན་ཐོག་མ་གྷོལ་ཏཱ་མཱེར་(Golda Meir) ལགས་ནི། ཕྱི་ལོ་ ༡༨༩༨ ལོའི་ཟླ ༥ ཚེས་༣ ཉིན། ཨེ་ཟི་རལ(Israel)རྒྱལ་ཁབ་ནས་སྐྱེས་ཤིང་། ཁོ་མོའི་དུས་སྐབས་སུ་ཨེ་ཟི་རལ་པར་ཤི་ཡ་མཉམ་དུ་ཡོད་པ་དང་། སྐབས་དེར་པར་ཤི་ཡ་དབྱིན་ཇིས་དབང་བསྒྱུར་བྱས་ཡོད་པ་རེད། གནས་བབ་དེའི་འོག་ཁོ་མོ་ཡུན་རིང་ལ་ཨ་རིར་སྐབས་བཅོལ་དུ་འགྲོ་དགོས་བྱུང་ཡོད་པ་རེད། ཕྱི་ལོ་ ༡༩༣༤ ལོར་ཁོ་མོ་ཨ་རི་ནས་ཕྱིར་ལོག་སྟེ་སྐབས་དེའི་ཨེ་ཟི་རལ་མགོ་འཁྲིད་ཚོགས་པའི་ཁུངས་སུ་ཞུགས་ཏེ་ཚོགས་པ་དེའི་སྣེ་འཁྲིད་མཁན་བྱས། ཕྱི་ལོ་ ༡༩༤༦ ལོར་དབྱིན་ཇིའི་དམག་གིས་པར་ཤི་ཡའི་ངོ་རྒོལ་ལས་འགུལ་བ་སྟོང་ཕྲག་མང་པོ་འཛིན་བཟུང་བཙོན་བཅུག་བྱས། སྐབས་དེར་ཁོ་མོས་རྗེའུ་ཤི་ཆབ་སྲིད་ཚོགས་པའི་འགན་འཁུར་དེ་དབྱིན་ཇི་མཉམ་དུ་གྲོས་མོལ་བྱས། ཕྱི་ལོ་༡༩༤༨ ལོའི་ཟླ་ ༤ ཚེས་ ༡༤ ཉིན་ཁོ་མོས་ཨེ་ཟི་རལ་དབྱིན་ཇིའི་དབང་བསྒྱུར་འོག་ནས་རང་བཙན་ཐོབ་པའི་བསྒྲགས་གཏམ་སྤེལ་ཏེ་ས་རྟགས་བཀོད། ༡༩༦༩ ལོར་ཁོ་མོར་ཨེ་ཟི་རལ་རྒྱལ་ཡོངས་འོས་བསྡུའི་སྐབས་སྲིད་བློན་རྒྱལ་ཁ་ཐོབ། མོ་ནི་འཇོན་ནུས་ཧ་ཅང་ཆེ་བའི་བུད་མེད་ཅིག་ཡིན་པ་དང་འཛམ་གླིང་གི་ཆབ་སྲིད་དབུ་འཁྲིད་མང་པོའི་ཆེས་བཀུར་ཡུལ་ཞིག་ཡིན་པ་མ་ཟད། ཨེ་ཟི་རལ་མི་མང་གིས་ཁོ་མོར་ངར་ལྕགས་བུད་མེད་(Iron Lady) ཅེས་ཀྱང་འབོད། མོ་ནི་འཛམ་གླིང་གི་བུད་མེད་སྲིད་བློན་བཞི་པ་དང་ཨེ་ཟི་རལ་གྱི་བུད་མེད་སྲིད་བློན་ཆེས་ཐོག་མ་ཡིན་པ་རེད། ཕྱི་ལོ་ ༡༩༧༨ ལོའི་ཟླ་ ༡༢ ཚེས་ ༨ ཉིན་ཁོ་མོ་རང་ཁྱིམ་དུ་སྐུ་གྲོངས་ཡོད་པ་དང་སྐབས་དེར་ཁོ་མོ་དགུང་ལོ་༨༠ ཡིན་འདུག

༥ བྷེ་ནཱ་ཛར་བྷོ་ཊོ
པ་ཁི་སི་ཐན་གྱི་སྲིད་བློན་བུད་མེད་བྷེ་ནཱ་ཛར་བྷོ་ཊོ་(Benazir Bhutto)ནི། ཕྱི་ལོ་༡༩༥༣ ལོའི་ཟླ ༦ ཚེས ༢༡ ཉིན་པ་ཀི་སི་ཐན། (Pakistan)རྒྱལ་ཁབ་ཀྱི་འབྱོར་ཕྱུགས་ལྡན་པའི་ཁྱིམ་རྒྱུད་ཅིག་ཏུ་སྐྱེས་ཤིང་། ཁོ་མོའི་པ་ལགས་ནི་ཡུལ་དེའི་ཆབ་སྲིད་མི་སྣ་རླབས་ཆེན་ཞིག་ཡིན་པ་དང་། ཁོ་མོར་ཆུང་དུས་ནས་སློབ་སྦྱོང་གི་གོ་སྐབས་ཡག་པོ་ཐོབ་ཡོད་པ་མ་ཟད་ཨ་རིའི་ཧ་ཝར་ཌི་(Harvard University)སློབ་ཆེན་དང་ཨོག་སི་ཧྥོལ་ཌི་གཙུག་ལག་སློབ་ཆེན་(University of Oxford)སོགས་ནས་སློབ་སྦྱོང་བྱས་ཡོད་འདུག ༡༩༨༨ ལོར་ཁོ་མོར་པ་ཀི་སི་ཐན་གྱི་སྲིད་བློན་གྱི་རྒྱལ་ཁ་ཐོབ་པ་དང་༡༩༩༣ ལོར་བསྐྱར་དུ་འོས་ཤོག་ལམ་ནས་སྲིད་བློན་རྒྱལ་ཁ་ཐོབ་ནས་ ༡༩༩༦ བར་སྲིད་བློན་གོ་དབང་ཐོག་རྒྱལ་ཁབ་ལ་ཞབས་ཞུ་ཞུས་ཡོད་པ་རེད། ༡༩༩༦ ལོར་དཀྱིལ་ཤར་ཨེ་ཤ་ཡ་དང་ཨབ་གྷན་དང་པ་ཀི་སི་ཐན་ནང་ཁ་ཆེའི་དྲག་སྤྱོད་པ་དར་སྐབས་ནུས་ཤུགས་ཡོད་དགུས་གདོང་ལེན་བྱས་ཡོད་པ་རེད། ཁོ་མོས་ཆབ་སྲིད་ཀྱི་ལྟ་གྲུབ་མང་ཆེ་ཤོས་ཨ་ཕའི་ལྟ་གྲུབ་དང་མཐུན་པར་བྱས་ཡོད་པ་རེད། ཁོ་མོས་སྲིད་སྐྱོང་དུས་ཡུན་རིང་ཁ་ཆེའི་དྲག་སྤྱོད་པ་ཚོས་བུད་མེད་ཚོ་སློབ་གྲྭར་འགྲོ་མི་བཅུག་པར་ཁ་གཏད་དང་རྒོལ་བརྡུང་ཡང་ཡང་བྱས་ཡོད། ཁོ་མོ་ནི་འཛམ་གླིང་གི་སྲིད་དབང་དམངས་གཙོ་ཡིན་པའི་ཁ་ཆེའི་རྒྱལ་ཁབ་དག་ལས་བུད་མེད་སྲིད་བློན་ཆེས་ཐོག་མ་དེ་ཡིན་པ་རེད། ཕྱི་ལོ་ ༢༠༠༦ ལོར་པྰ་ནྰ་མྰདངུལ་ཤོག( Panama Papers)འབྲེལ་བའི་ལྐོག་ཟ་རུལ་སུངས་ཀྱི་ཉེས་འཛུགས་བྱས་ཏེ་དུས་ཡུན་རིང་བོར་བཟང་བཙོན་ལ་བཅུག་ཡོད་པ་རེད། ཕྱི་ལོ་༢༠༠༧ ལོའི་ཟླ་༡༢ པའི་ཚེས་༢༧ ཉིན་ཕ་ཀི་སི་ཐན་རྒྱལ་ཡོངས་འོས་བསྡུའི་ཉིན། ཁ་གཏད་ཚོགས་པའི་ལྐོག་ཇུས་ཀྱི་མི་ཞིག་གིས་ཁོ་མོར་མེ་མདས་བརྒྱབ་སྟེ་བསད། སྐབས་དེར་ཁོ་མོ་དགུང་ལོ་ ༥༤ ཡིན་འདུག

༦ མཱེལ་ཁཱ་པེ་ལེན་ནཱེ་ཁི།
ཡོ་གྷོ་སི་ལེ་ཝཱ་དམར་ཤོག་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་མཱེལ་ཁཱ་པེ་ལེན་ནཱེ་ཁི་(Milka Planinc)ལགས་ནི། ཕྱི་ལོ་༡༩༢༤ ལོའི་ཟླ་༡༢ པའི་ཚེས་ ༡༤ ཉིན་ཡོ་གྷོ་སི་ལེ་ཝཱ་(Yugoslavia)དམར་ཤོག་སྤྱི་མཐུན་རྒྱལ་ཁབ་ཀྱི(Milka Malada) ཞེས་པའི་མི་རིགས་འདྲེས་མའི་ཁྱིམ་རྒྱུད་ཅིག་ཏུ་སྐྱེས། ཁོ་མོས་སློབ་ཆུང་སློབ་སྦྱོང་ཚར་མ་ཐག་འཛམ་གླིང་འཁྲུག་ཆེན་གཉིས་པ་བྱུང་བས་སློབ་གྲྭར་འགྲོ་མཚམས་འཇོག་དགོས་བྱུང་། ཕྱི་ལོ་ ༡༩༤༡ ལོར་ཁོ་མོ་ཡུལ་དེའི་ན་གཞོན་དམར་ཤོག་མཐུན་ཚོགས་ནང་དུ་ཞུགས། སྐབས་དེར་ཡོ་གྷོ་སི་ལེ་ཝཱ་རྒྱལ་ཁབ་དེ་རྗར་མཱན་ནཱ་ཛིའི་སྲིད་དབང་འོག་ཏུ་ཤོར། སྐབས་དེར་ཁོ་མོ་ཡུལ་དེའི་ཧྥ་ཤི་སི་རིང་ལུགས་ངོ་ལོག་ཚོགས་པའི་ནང་དུ་ཞུགས་ཏེ་ནཱ་ཛིའི་གདུག་རྩུབ་སྲིད་དབང་ལ་འཐབ་རྩོད་བྱས། ༡༩༨༢ ནས་༡༩༨༦ བར་མོས་ཡོ་གྷོ་སི་ལེ་ཝཱ་རྒྱལ་ཁབ་ཀྱི་སྲིད་དབང་དམར་ཤོག་རིང་ལུགས་ཀྱི་ལམ་ནས་བསྐྱངས་བ་དང་། མོ་ནི་འཛམ་གླིང་གི་ཆེས་ཐོག་མའི་དམར་ཤོག་རྒྱལ་ཁབ་ཀྱི་བུད་མེད་དབུ་འཁྲིད་ཐོག་མ་ཡིན་པ་དང་། སྲིད་དབང་སྒེར་འཛིན་དང་ཕ་ཤུལ་བུ་འཛིན་གྱི་དམར་ཤོག་རྒྱལ་ཁབ་ཅིག་གི་དབུ་འཁྲིད་ཐོག་མ་ཡང་ཡིན་པ་རེད། ཡིན་ན་ཡང་ཁོ་མོའི་དམར་ཤོག་སྲིད་སྐྱོང་ལྟ་གྲུབ་ནི་མི་མང་ལ་ཆེས་ཁེ་ཕན་ཅན་ཞིག་ཆགས་ཡོད་པ་རེད། རྗེས་སུ་ཁོ་མོ་ལས་ཀ་ནས་རྒས་ཡོལ་བྱས་ཏེ་རང་ཁྱིམ་དུ་ངལ་གསོ་བྱས། ཕྱི་ལོ་༢༠༡༠ ལོའི་ཟླ་༡༡ ཚེས་༡༤་ཉིན་སྐུ་གྲོངས་ཡོད་པ་དང་སྐབས་དེར་ཁོ་མོ་ལོ་ན་༨༥ ཡིན་པ་རེད།

༧ གཱ་ལེ་དྷཱ་ཛེ།
བྷང་ལ་དྷེ་ཤི་ཡི་བུད་མེད་སྲིད་བློན་དང་པོ་གཱ་ལེ་དྷཱ་ཛེ་(Khaleda Zia)ལགས་ནི། ཕྱི་ལོ་ ༡༩༤༥ ལོའི་ཟླ་༡༡ ཚེས་༢༡ ཉིན་བྷང་ལ་དྷེ་ཤི(Bangladesh)ཚོང་བའི་ཁྱིམ་རྒྱུད་ཅིག་ཏུ་སྐྱེས་ཤིང་། ཕྱི་ལོ་༡༩༦༠ ལོར་ཡུལ་དེའི་ཛོར་རཱ་མཱན་(Ziaur Rahman) ཞེས་པའི་སྐྱེས་པ་ཞིག་དང་མཉེན་སྒྲིག་བྱས། རྗེས་སུ་ཛོར་རཱ་མཱན་བྷང་ལ་དྷེ་ཤི་རྒྱལ་ཁབ་ཀྱི་སྲིད་འཛིན་ཐེངས་ ༧ པར་འདེམས་ཐོན་བྱུང་སྟེ་ ༡༩༨༡ བར་དུ་སྲིད་དབང་བཟུང་ན་ཡང་། རྗེས་སུ་དྲག་ཆས་དམག་མི་ཞིག་གིས་ལྐོག་གསོད་བྱས། ཕྱི་ལོ་༡༩༩༡ ལོར་ཁོ་མོར་སྲིད་འཛིན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ་སྟེ་ཡུལ་དེའི་སྲིད་དབང་བཟུང་། ཁོ་མོའི་སྲིད་དབང་བསྐྱངས་བའི་རིང་ཡུལ་དེའི་མི་མང་གི་ཁ་ཟས་དང་ཤེས་ཡོན་སྨན་རིན་སོགས་ལ་འགྱུར་བ་ཆེན་པོ་བཏང་སྟེ་མི་མང་གི་འཚོ་བར་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་དང་། ལྷག་པར་དུ་བུད་མེད་སློབ་མ་ཚོར་དམིགས་བསལ་ལྟ་རྟོག་དགོས་པའི་ཤེས་ཡོན་ལམ་ལུགས་བཟོས་ཡོད་འདུག ཁོ་མོ་ནི་འཛམ་གླིང་ཡོངས་ཀྱི་ཁ་ཆེའི་རྒྱལ་ཁབ་ཁག་གི་བུད་མེད་སྲིད་བློན་གཉིས་པ་དང་། བྷང་ལ་དྷེ་ཤི་ཡི་བུད་མེད་སྲིད་བློན་དང་པོ་ཡིན་པ་རེད། ཕྱི་ལོ་༢༠༠༦ ལོ་བསྐྱར་དུ་རྒྱལ་ཡོངས་སྲིད་བློན་འོས་ཁོངས་སུ་ཞུགས་ན་ཡང་ཆབ་སྲིད་ཀྱི་རྩོད་རྙོག་དབང་གིས་ནང་འཁྲུག་བྱུང་སྟེ་དྲག་སྤྱོད་སོགས་སྤེལ་བས་རྒྱལ་ཡོངས་འོས་བསྡུ་དེ་ཕྱི་༢༠༠༧་བར་དུ་ཕྱིར་འགྱང་བྱ་དགོས་བྱུང་ཡོད་པ་དང་། རྗེས་སུ་ཁོ་མོར་ལྐོག་ཟ་རུལ་སུངས་ཀྱི་ཉེས་འཛུགས་བྱས་ཏེ་འོས་བསྡུའི་ནང་ཞུགས་ཐབས་མེད་པ་བཟོས་ཡོད་པ་རེད། ཁོ་མོ་ད་དུང་སྐུ་འཚོ་བཞུགས་ཐོག་ཡོད་པ་རེད།

༨ མཱར་གྷི་རེ་ཊི་ཋཱ་ཆིར།
དབྱིན་ཡུལ་གྱི་སྲིད་བློན་བུད་མེད་མཱར་གྷི་རེ་ཊི་ཋཱ་ཆིར་(Margaret Thatcher)ལགས་ནི། ཕྱི་ལོ་༡༩༢༥ ཟླ་༡༠ ཚེས་༡༣ ཉིན་དབྱིན་ཡུལ་དུ་སྐྱེས་ཤིང་། ཁོ་མོས་ ༡༩༧༩ ལོ་ནས་ ༡༩༩༠ བར་དུ་དབྱིན་ཇིའི་རྒྱལ་ཁབ་ཀྱི་སྲིད་བློན་བྱས་པ་དང་། དེ་སྔོན་ཡུལ་དེའི་རྙིང་ཞེན་ཚོགས་པའི་མགོ་འཁྲིད་བྱས། ཁོ་མོའི་སྲིད་དབང་སྐབས་དབྱིན་ཇིའི་སྟོབས་ཤུགས་ཉམས་རྒུད་དུ་འགྲོ་བཞིན་པའི་དུས་ཚོད་ཡིན་ན་ཡང་། མོས་ཕྱོགས་ཡོངས་ནས་བཅོས་བསྒྱུར་བྱས་ཏེ་དབྱིན་གཞུང་གི་དཔལ་འབྱོར་ཉམས་རྒུད་སླར་གསོ་བྱ་ཐུབ་ཡོད་པ་དང་། ཁོ་མོས་མངའ་འོག་གི་དཔོན་རིགས་ཁག་དང་ལས་བྱེད་ཚོར་སྣེ་འཁྲིད་བླ་ན་མེད་པ་བྱས་ཡོད་པས་རྒྱལ་སྤྱིའི་སྒང་ནས་ཁོ་མོར་ཆེ་མཐོང་ཆེན་པོ་ཐོབ་ཡོད། ཆབ་སྲིད་ཀྱི་ལྟ་ཚུལ་ནི་རྒྱལ་ཞེན་རིང་ལུགས་དང་ཀུན་སྤྱོད་གཙིགས་འཛིན་རིང་ལུགས་ཀྱི་ལམ་ནས་སྲིད་དབང་བསྐྱངས་པས། མི་མང་པོས་ཋཱ་ཆིར་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ཞེས་འབོད་སྲོལ་ཡོད་པ་དང་། ཡུལ་དེའི་མི་རྣམས་ཀྱིས་ཁོ་མོར་ངར་ལྕགས་བུད་མེད་ཅེས་འབོད་སྲོལ་ཡོད་པ་རེད། ཕྱི་ལོ་༢༠༡༣ ལོར་ཟླ་༤ ཚེས་༨ ཉིན་སྐུ་གྲོངས་ཡོད་པ་དང་སྐབས་དེར་ཁོ་མོ་དགུང་ལོ་༨༧ ཡིན་པ་རེད།

༩ ཧེ་ལིན་ཨ་ལེ་ཛཱ་བྷ་ཋི།
ནའེ་ཛི་ལན་ཊི་སྲིད་བློན་བུད་མེད་ཧེ་ལིན་ཨ་ལེ་ཛཱ་བྷ་ཋི་(Helen Elizabeth Clark)ལགས་ནི། ཕྱི་ལོ་༡༩༥༠ ལོའི་ཟླ ༢ ཚེས་༢༦ ཉིན་ནའེ་ཛི་ལན་ཊི(New Zealand)རྒྱལ་ཁབ་ཀྱི་ཞིང་པའི་ཁྱིམ་རྒྱུད་ཅིག་ཏུ་སྐྱེས་ཞིང་། ཁོ་མོའི་ཨ་མ་ལགས་ནི་སློབ་ཆུང་དགེ་རྒན་ཞིག་ཡིན་པ་དང་། ཧེ་ལིན་ལ་ཡང་ཆུང་དུས་ནས་སློབ་གྲྭ་རིམ་པ་བརྒྱུད་ནས་སློབ་སྦྱོང་བྱེད་པའི་གོ་སྐབས་ཐོབ་ཡོད། རྗེས་སུ་སློབ་མཐར་ཕྱིན་པ་དང་༡༩༨༡ ལོར་ཡུལ་དེའི་གུ་ཡངས་ཚོགས་པའི་ནང་དུ་ཞུགས་ཡོད་པ་དང་། ༡༩༩༨ ལོ་ནས་མོར་ཡུལ་དེའི་སྲིད་བློན་གྱི་རྒྱལ་ཁ་ཐོབ་སྟེ་བསྟུད་མར་ཕྱི་ལོ་ ༢༠༠༨ ལོའི་བར་སྲིད་བློན་གྱི་གོ་གནས་ཐེངས་གསུམ་ལ་བཟུང་ཡོད་པ་རེད། ཧེ་ལིན་ནི་རྒྱལ་སྤྱིའི་སྒང་ལ་ཤུགས་རྐྱེན་ཧ་ཅང་ཆེ་བའི་བུད་མེད་ཅིག་ཡིན་པ་མ་ཟད། མོ་ནི་བུད་མེད་ཐོབ་ཐང་འཐབ་རྩོད་པ་ཞིག་ཀྱང་ཡིན་པ་རེད། ཁོ་མོ་ཡུལ་དེའི་སྲིད་བློན་ ༣༧ པ་དང་དུས་ཡུན་ཆེས་རིང་ཤོས་དེ་ཡིན་པ་དང་། ཁོ་མོའི་དུས་སྐབས་སུ་ནའེ་ཛི་ལན་ཊི་དང་རྒྱལ་སྤྱིའི་རྒྱབ་ཁབ་ཁག་གི་ཕྱི་འབྲེལ་སྲིད་ཇུས་ཧ་ཅང་ཡག་པོ་བྱུང་ཡོད་པ་རེད། རྗེས་སུ་ཁོ་མོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ཡར་རྒྱས་ཚོགས་པའི་དྲུང་ཆེ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སོགས་ལ་གདམ་ཡོད་པ་རེད། ཁོ་མོ་ད་ལྟ་སྐུ་འཚོ་བཞུགས་བྱས་ཡོད་འདུག

༡༠ ཨེ་ཝེ་ཊཱ།
སོལ་ཝེ་ཁཱ་རྒྱལ་ཁབ་ཀྱི་སྲིད་བློན་བུད་མེད་ཐོག་མ་ཨེ་ཝེ་ཊཱ་(Iveta Radičová)ལགས་ནི། ཕྱི་ལོ་༡༩༥༦ ལོའི་ཟླ་༡༢ ཚེས་༧ ཉིན། སོལ་ཝེ་ཁཱ་(Slovakia)རྒྱལ་ཁབ་ཏུ་སྐྱེས་ཤིང་། ཁོ་མོས་མཐོ་རིམ་སློབ་གྲྭའི་སྐབས་སུ་སྤྱི་ཚོགས་རིག་པའི་སྐོར་ལ་སློབ་སྦྱོང་བྱས་ཡོད་པ་དང་། ཁོ་མོས་འཛམ་གླིང་གི་གྲགས་ཆེ་བའི་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་ཨོག་སོོ་ཧྥོལ་ཊི་ལྟ་བུ་མཐོ་རིམ་སློབ་གཉེར་ཁང་རིམ་པར་འགྲིམས་སྟེ། ༡༩༩༡ ལོར་ཕྱིར་རྒྱལ་ནང་དུ་ལོག་ནས་ཆབ་སྲིད་ནང་དུ་ཞུགས། སྔ་གཞུག་ཏུ་ཡུལ་དེའི་བདེ་སྲུང་བློན་ཆེན་གྱི་སྲི་ཞུ་ལོ་མང་རིང་ཞུས་ཡོད་པ་དང་། ༢༠༡༠ ལོ་ནས་ཁོ་མོར་ཡུལ་དེའི་སྲིད་བློན་གྱི་འོས་ཐོབ་ནས་ཕྱི་ལོ་ ༢༠༡༢ བར་དུ་སྲིད་དབང་བཟུང་། ཁོ་མོའི་དུས་སྐབས་སུ་སོལ་ཝེ་ཁཱ་རྒྱལ་ཁབ་དང་ཧཱན་གྷི་རེ་ཡ་གཉིས་བར་ཀྱི་རྩོད་རྙོག་ཞི་འགྲིག་བཏང་སྟེ། འབྲེལ་ལམ་ཡག་པོར་ཕྱིན་ཐུབ་པ་བྱུང་སྟབས་རྒྱལ་སྤྱིའི་སྟེང་མོ་ལ་ཆེ་མཐོང་ཆེན་པོ་ཐོབ། མོ་ནི་ཡུལ་དེའི་བུད་མེད་སྲིད་བློན་ཆེས་ཐོག་མ་དེ་ཡིན་པ་དང་། ཕྱི་ལོ་༢༠༡༢ ལོར་ཁོ་མོ་ཡུལ་དེའི་སྲིད་འཛིན་འོས་བསྡུའི་ཁོངས་སུ་ཞུགས་ན་ཡང་། ཁོ་མོར་འོས་ཐོབ་མེད་པ་དང་ལོ་དེ་ནས་ཁོ་མོས་ཆབ་སྲིད་ལས་དོན་ནས་རྒས་ཡོལ་བྱས་ཡོད་འདུག

གནས་ཚུལ་སྒྱུར་སྒྲིག་པ་སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༢/༡༦

Leave a Reply

3 thoughts on “འཛམ་གླིང་ནང་ཤུགས་རྐྱེན་ཆེ་བའི་བུད་མེད་དབུ་འཁྲིད་བཅུ།

  1. གཞུང་པ་ཚེ་དབང་བསོད་ནམས་

    ེེཐབས་དང་ཤེས་རབས་བཟུང་དུ་སྦྲེལ་བ་བཞིན་།
    ཕོ་མོ་བཟུང་འབྲེལ་འཁོར་བའི་བྱ་ལས་འགྲུབ་།
    བུད་མེད་ནུས་སྟོབས་ཕོ་ཡིའི་རྒྱུད་ནས་སྦྱིན་།
    འབྲས་བུ་བདེ་སྟོང་བླ་མེད་གོ་འཕང་ཐོབ་།

  2. རོང་བཟའ་མ།

    ལོ་གསར་ལ་ཁ་ཡི་ཟས་ཙམ་མིན་པར་བསམ་པའི་ཟས་བཅུད་ནོམ་པ་ཞིག་གྲ་སྒྲིག་གནང་བར་ཐུགས་རྗེ་ཆེ། བོད་ཀྱི་དུས་བབ་ཚང་གི་གསར་འགདོ་པ་ཁོང་དང་མགོ་ལས་ཡོངས་ལ་ལོ་གསར་འཙམ་འདྲི་ཞུ། ཁྱེད་ཅག་གིས་དཀའ་ལས་མྱོང་སོང་། ཐུགས་རྗེ་ཆེ། ལོ་གསར་བའི་ནང་ཇི་བསམ་ལྷུན་འགྲུབ་ཡོང་བར་ཤོག རོང་བཟའ་མས་ཨ་རིའི་ནའུ་ཡོག་གྲོང་ནས་གུས་ཕུལ།