བོད་དོན་དྲིལ་བསྒྲཊ་སྐོར་སྐྱོད་མགོ་བཙུཊ།

སྦེལ་ཀོབ་བོད་མིའི་གཞིས་ཆགས་ནས་བོད་དོན་དྲིལ་བསྒྲགས་ཀྱི་སྐོར་སྐྱོད་ལས་འགུལ་ཞིག་མགོ་འཛུགས་བྱས་ཏེ་ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་གྲོང་ཁྱེར་ཆིན་ནེ་ནས་གསུམ་བཅུའི་དུས་དྲན་སྲུང་གཙི་ཞུ་རྒྱུ་ཡིན་འདུག

དེ་རིང་ཞོགས་པའི་ཆུ་ཚོད་ ༩ ཡས་མས་སུ། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག སྦེལ་ཀོབ་ནས་གྲོང་ཁྱེར་ཆིན་ནེ་(Chenni)བར་དབུ་མའི་ལམ་གྱི་ཐོག་ནས་བོད་དོན་བདེན་མཐའ་གསལ་ཆེད་སྐོར་སྐྱོད་ཀྱི་དྲིལ་བསྒྲགས་ལས་འགུལ་ཞིག་མགོ་འཛུགས་གནང་ཡོད་པ་དང་། ཞོགས་པར་ལུགས་བསམ་གཞིས་གྲོང་དང་པོའི་བྱང་ཆུབ་མཆོད་རྟེན་མདུན་ཐང་དུ་བསང་གསོལ་ཞལ་འདོན་དང་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་ཕུལ་རྗེས་ལམ་དུ་ཆས་ཡོད་པ་དང་། ཐེངས་འདིའི་སྦག་སྦག་སྐོར་སྐྱོད་ནང་མི་ ༧ ཡོད་འདུག

ལས་འགུལ་འདི་དེ་རིང་ནས་མགོ་འཛུགས་ཀྱིས་ཟླ་འདིའི་ཕྱི་ཚེས་ ༡༠ སྟེ། བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོར་ཏ་མིལ་ན་ཏུའུ་ཡི་རྒྱལ་ས་ཆིན་ནེ་གྲོང་ཁྱེར་དུ་འབྱོར་རྒྱུ་ཡིན་པ་དང་། ཉིན་དེའི་ཞོགས་པ་ཆུ་ཚོད་ ༩ པའི་ཐོག་མ་རྡ་ར་སིའི་སློབ་ཕྲུག་ཚོགས་པ་དང་མཉམ་དུ་གསར་འགོད་གསལ་བསྒྲགས་ཤིག་སྐོང་ཚོགས་གནང་སྟེ། གསུམ་བཅུའི་དུས་དྲན་ཐེངས་ ༥༩ སྲུང་གཙི་ཞུ་རྒྱུ་དང་། དགོང་མོར་མ་རྡ་ར་སའི་སློབ་ཕྲུག་དང་མཉམ་དུ་ཞི་བའི་མར་མེའི་གོམ་འགྲོད་ཅིག་གནང་རྒྱུ་ཡིན་པ་མ་ཟད། ཆིན་ནེ་ཡི་རྫོང་དཔོན་མཆོག་ལ་བོད་དོན་ཞུ་སྙན་འབུལ་འཆར་ཡོད་འདུག

རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༨/༠༣/༠༨

Leave a Reply