དྲང་བདེན་ལ་རྒྱབ་སྐྱོར་གྱི་ལས་འགུལ་མུ་མཐུད་རྒྱུ་ཡིན།

བསྐྱར་བཅོས།: ༢༠༡༨/༠༣/༡༦

Leave a Reply

20 thoughts on “དྲང་བདེན་ལ་རྒྱབ་སྐྱོར་གྱི་ལས་འགུལ་མུ་མཐུད་རྒྱུ་ཡིན།

  1. ༄༅། ཞིབ་འཇུག་ཚོགས་ཆུང་བཙུགས་ནས་དགོས་པ་མེད་།
    བརྩི་འཇོག་བྱེད་མཁན་མེད་པ་མ་ཚད་རྙོག་ཁྲ་ཐད་པ་ཆགས་ཀྱི་རེད།་དུས་ཚོད་འཕྲོ་བརླག་རེད།
    ཁྲིམས་ལ་གཏུགས་དགོས་པ་ཡིན། ཁྲིམས་ལ་གཏུགས་རྒྱུའི་བློ་ཁོག་མེད་པ་ཡིན་ན་དྲང་བདེན་ལ་རྒྱབ་སྐྱོར་
    དགོས་བརྗོད་པ་རྙོག་ཁྲ་བཤད་རྒྱུའི་བསམ་བློ་ཡོད་པ་རེད། བཀའ་ཤག་ལ་ངོ་རྒོལ་བྱེད་མཁན་དེ་ཚོ་རང་ཉིད་
    དྲང་པོ་བྱེད་ཀྱི་མེད་པར་་་ད་དུང་དྲང་བདེན་ལ་རྒྱབ་སྐྱོར་དགོས་བརྗོད་པ་ར་བཟི་བའི་སྐད་ཆ་རེད།
    སྤྱི་འཐུས་གྲོས་ཚོགས་ནས་ཞིབ་འཇུག་ཚོགས་ཆུང་གི་ཚོགས་མི་དེ་ཚོ་་བཀའ་ཟུར་དང་སྤྱི་ཟུར་ཚོ་དགོས་རྒྱུ་ཞེས་པ་
    ད་ཡོད་སྤྱི་འཐུས་རྣམས་ཀྱི་ཞ་མོ་དྲི་མ་ཅན་དེ་ཕུད་ཀྱི་འདུག་དེ་དྲང་པོ་མ་རེད།
    ད་ཡོད་སྤྱི་འཐུས་དང་རྣམས་ནས་ཞིབ་འཇུག་ཚོགས་ཆུང་གི་ཚོགས་མི་བྱེད་ན་ཕར་ངོས་ནས་བརྩི་འཇོག་བྱེད་ཀྱི་མ་རེད་
    བསམ་ནས་སྔོན་ཚུད་ནས་བཤད་པ་རེད། དེ་ལ་་་མི་སྤྱང་པོ་་་སྤྱང་ཀི་རེད་ཟེར་བ་དེ་ལྟར་རོ།

  2. ཁྲིམས་ཁང་ལ་འགྲོ་འདོད་མེད་པར་ཞིབ་འཇུག་ཚོགས་ཆུང་དགོས་ཞེས་ཨུ་ཚུགས་གནང་བ་དེ་ཁྱད་མཚར་རེད། ད་ལྟ་ང་ཚོའི་སྤྱི་ཚོགས་འདི་མང་གཙོ་རེད། མང་གཙོ་ནི་ཁྲིམས་ཀྱིས་དབང་བསྒྱུར་བྱེད་པ་ཡིན་གྱི་གང་ཟག་གིས་མིན། ཞིབ་འཇུག་ཚོགས་ཆུང་གི་སྙན་ཐོ་ནི་གང་ཟག་འགའ་རེའི་ཐག་གཅོད་ལས་གྲུབ་པ་ཡིན་གྱི་ཁྲིམས་ཐོགས་ཀྱི་ཐག་གཅོད་མིན། སྲིད་སྐྱོང་བློ་སེང་ནས་ཁྲིམས་ཁང་ལ་འགྲོ་འདོད་གནང་བ་དེ་ཡང་གནད་འགག་འདི་ལ་ཐུག་པ་འདྲ། ངོ་རྒོལ་བ་རྣམས་ཀྱིས་སྲིད་སྐྱོང་བློ་སེང་ནས་ཡུལ་ཁྲིམས་དང་འགལ་སོང་ཞེས་སྐྱོན་བརྗོད་གནང་ཡང་ཁྲིམས་ཁང་ལ་འགྲོ་འདོད་མེད་པ་དེ་དངོས་གནས་ཁྱད་མཚར་ཡ་མཚན་རེད་འདུག མི་མང་ནས་དཔྱད་གཞི་གནང་དུ་རེ་ནས་ཕུལ། བོད་རྒྱལ་ལོ།།

  3. ༄༅། འཕྲིན་ལས་སྐལ་བཟང་མ་ཟེར། འཕྲིན་ལས་དཀྲུགས་ཤིང་ཟེར།
    ཁྱེད་ཚོ་བཀའ་ཤག་ལ་ངོ་རྒོལ་བྱེད་རྒྱུའི་སྤོབས་པ་ཡོད་ན།
    ད་ཕྱི་ནང་ཁྲིམས་་ལ་གཏུགས།་དང་ཁྲིྱམ་གླ་ཆེན་པོ་ཡིན་གྱ་མ་རེད།
    ཨ་སྒོར་འབུམ་གཅིག་གཉིས་ཡིན་གྱི་རེད།
    ད་འཁྲབ་ན་ཐང་འཁྲབ་དགོས། གྲོང་གསེབ་ནང་ལ་འཁྲབ་ན་ཆོ་གང་ཡང་མེད་པ་རེད།
    དཔའ་ངོམས་ན་ཁྲིམས་གཏུགས་ལ་ངོམས་།
    དྲང་མི་དྲང་ཁྲིམས་ནས་བཅད།
    བདེན་མི་བདེན་ཁྲིམས་དཔོན་གྱི་དཔྱད།

    1. ངག་དབང་བྱང་ཆུབ། སྡོད་གནས་སུད་སི།

      བཙན་བྱོལ་བོད་གཞུང་གཞིས་བྱེས་གཉིས་ཀྱི་བློ་འགེལ་ས་དེ་རེད། དེའི་སྙིང་པོ་དེ་༧གོང་ས་མཆོགས་ནས་མ་འོང་སྔོན་གཟིགས་ཀྱི་བཅའ་
      ཁྲིམ་རིན་པོ་བཀའ་བརྩོམས་མཛད་པ་དེ་ཨ་ཏིག་ནང་གི་ཡང་ཏིག་རེད། དེ་ལ་བསམ་བློ་རྩ་བ་ནས་མ་བཏང་ཕར་གཡུག་ནས་དྲང་བདེན་ལ་རྒྱབས་སྐྱོར་ཡིན་ཟེར་བ་དེ་དཀར་ནག་གོ་ལྡོག་གི་སྐད་ཆ་བཤད་པ་དེ་རང་། བཙན་བྱོལ་སྤྱི་ཚོགས་གཏོར་བྱེད་མ་རེ་དམ། ཡིག་ཆ་བཅའ་ཁྲིམ་རིན་པོ་ཆེ་དང་། ༧གོང་ས་མཆོག་ནས་ལམ་སྟོན་གནང་བའི་དབུ་ཁྲིད་བཀའ་སྤྱི་གཉིས་ནས་མ་འགྲིགས་པའི་ཞིབ་འཇུག་ཚོགས་ཆུང་ཞིག སྔོན་་མེད་ལམ་ལུགས་གསར་བཟོ་བྱས་པ་ཡིན་ན། ཞིབ་འཇུགས་ཚོགས་ཆུང་དེས་ནས་ཁོང་ཚོའི་འདོད་པ་མ་ཁེང་ན་དེའི་སྟེང་ཡང་ཞིབ་འཇུགས་ཚོགས་ཆུང་ཞིག་འཛུགས་དགོས་ཆག་སྲིད། ལས་དོན་འདིའི་རིག་ལ་སྙོན་འཛུགས་བྱེད་མཁན་དེ་བཙན་བྱོལ་བོད་མིའི་སྒྲིགས་གཏོར་མཁན་ངོ་མ་དེ་རེད་བསམ་ལགས་པའི་བསམ་ཚུལ་དུ་ཕུལ།།