ཝང་ཆི་ཧྲན་སྲིད་འཛིན་གཞོན་པར་བདམས།

རྒན་ཡོལ་དུ་ཕྱིན་པའི་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་མགོ་འཁྲིད་ཟུར་པ་ཝང་ཆི་ཧྲན་རྒྱ་ནག་གི་སྲིད་འཛིན་གཞོན་པར་བདམས་ཡོད་འདུགདེ་རིང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་གི་ཚོགས་ཆེན་གཉིས་ཀྱི་ཐོག་འཐུས་མི་གཅིག་ཕུད་པའི་འཐུས་མི་ ༢༩༦༩ ཡིས་འོས་བླུགས་ཏེ། དེ་སྔོན་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༩ པའི་སྟེང་རྒན་ཡོལ་དུ་ཕྱིན་པའི་རྒྱ་ནག་དམར་ཤོག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དང་། དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་མགོ་འཁྲིད་ཟུར་པ་ཝང་ཆི་ཧྲན་རྒྱ་ནག་གི་སྲིད་འཛིན་གཞོན་པར་བདམས་ཡོད་འདུག

རྒྱལ་སྤྱིའི་སྲིད་དོན་དཔྱད་བརྗོད་པ་ཚོས་ཝང་ཆི་ཧྲན་བསྐྱར་དུ་རྒྱ་ནག་གི་སྲིད་སྟེགས་སུ་ཡོང་དགོས་དོན་ནི། ཝང་ཆི་ཧྲན་ནི་ཞི་ཅིན་ཕིན་གྱི་སྲིད་དབང་འཐབ་འཛིང་གི་ལག་པ་གཡས་པ་ཡིན་པ་མ་ཟད། ཨ་རིའི་གཙོའི་རྒྱལ་སྤྱིའི་སྟེང་ལ་འབྲེལ་བ་ཡག་པོ་ཡོད་པ་དང་། ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་དམག་འཁྲུག་གི་དཀའ་ངལ་སེལ་བར་མེད་ཐབས་མེད་པ་ཞིག་ཆགས་ཡོད་སྐོར་སོགས་བརྗོད་ཀྱི་ཡོད་པ་རེད།

ཝང་ཆི་ཧྲན་འདས་ལོའི་ཕྱི་ཟླ་ ༩ པའི་ནང་རྒྱ་ནག་དམར་ཤོག་ཚོགས་པའིི་ཚོགས་ཆེན་ཐེངས་ ༡༩ པའི་སྟེང་རྒས་ཡོལ་གྱི་རྣམ་པའི་ཐོག་ནས་སྲིད་སྟེགས་ནས་ཕབ་ཡོད་ན་ཡང་། ཟླ་སྔོན་མའི་ནང་རྒྱ་ནག་ཧུའུ་ནན་ཞིང་ཆེན་ནས་འཐུས་མི་གྲངས་༡༡༨ བདམས་ཐོན་བྱུང་བའི་མིང་ཐོ་ཕྱིར་བསྒྲགས་བྱས་པའི་ནང་ཝང་ཆི་ཧྲན་ཚུད་ཡོད་པ་དང་། པེ་ཅིན་གྱི་རང་མིང་བསྐོངས་བའི་གནད་ཡོད་མི་སྣ་ཁག་ཅིག་གིས་ནེའུ་ཡོག་དུས་བབ་ཀྱི་གསར་འགོད་པར། འདི་ལོའི་ཕྱི་ཟླ་ ༣ པའི་ནང་འཚོགས་འཆར་ཡོད་པའི་རྒྱ་ནག་རྒྱལ་ཡོངས་དམངས་ཆེན་ཚོགས་འདུའི་སྟེང་ཝང་ཆི་ཧྲན་རྒྱ་ནག་གི་སྲིད་བློན་གཞོན་པར་བསྐོ་བཞག་བྱེད་སྲིད་སྐོར་བརྗོད་ཡོད་པ་རེད།

མི་རིང་བར་ཁོང་རྒྱ་ནག་གི་མཐོ་རིམ་དཔོན་རིགས་མཐོ་གྲས་ཀྱི་ཁོངས་སུ་སྲིད་འཛིན་གཞོན་པའི་མིང་ཐོག་ནས་ཞུགས་རྒྱུ་ཡིན་པ་མ་ཟད་། ཞི་ཡི་མགོ་ཁྲིད་པའི་ཕྱི་འབྲེལ་སྲིད་ཇུས་ཀྱི་ལས་དོན་ཚོགས་འདུ་ལ་ཞུགས་རྒྱུ་ཡིན་ན་ཡང་། རྒྱལ་སྤྱིའི་སྟེང་ཝང་བསྐྱར་དུ་རྒྱ་ནག་གི་སྲིད་སྟེགས་སུ་སླེབས་པ་ཡག་རྟགས་གང་ཞིག་ཡིན་མིན་སོགས་ཀྱི་གླེང་སློང་ཤུགས་ཆེར་བྱེད་ཀྱི་ཡོད་པ་དང་། ཁོང་བསྐྱར་དུ་སླེབས་པ་དེ་རྒྱ་ནག་དམར་ཤོག་ཚོགས་པའི་ནང་འཁྲུག་ཆེན་པོ་ཞིག་བསླངས་འགོ་ཚུགས་པ་ཡིན་ཚུལ་བརྗོད་མཁན་ཡང་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༣/༡༧

Leave a Reply

One thought on “ཝང་ཆི་ཧྲན་སྲིད་འཛིན་གཞོན་པར་བདམས།

  1. གཞུང་པ་ཚེ་དབང་བསོད་ནམས་།

    གྲལ་རིམ་དམངས་གཙོ་གཅིག་བསྡུད་ཀྱིས་ལྟ་སྒྲུབ་དང་མཐུན་པའི་ཐོག་ནས་ཝང་ཆི་ཧྲན་སྲིད་འཛིན་གཞོན་པ་ལ་བསྐོ་བཞག་བྱས་པ་འདིའི་རྒྱ་ནག་གི་མཐོ་རིམ་མི་སྣའི་འཕྲོད་ཕྱོགས་གཏོགས་དང་འགོ་འདྲེན་གྱི་རྣོ་ངར་དེ་སྔ་ལས་མང་དུ་ཕྱིན་ཡོད་པ་གསལ་པོ་མ་རེད་དམ་།