ཀླད་པ་ཡར་རྒྱས་བཏང་བ་དང་ལྷན་དུ་ནང་གི་བསམ་བློར་ཡར་རྒྱས་གཏོང་ཐབས་བྱེད་དགོས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འཛམ་གླིང་ནང་ཆོས་ལུགས་འདྲ་མིན་གྱི་རྗེས་འབྲང་པ་ཚོས་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་རང་རང་སོ་སོའི་ཆོས་ལ་ཉམས་ལེན་བྱས་པ་ཡིན་ན་ཆོས་ལུགས་ཚང་མས་མིའི་བསམ་བློར་སྙིང་སྟོབས་སྤེལ་ཐུབ་སྐོར་གསུངས་འདུགཟླ་འདིའི་ཕྱི་ཚེས་༡༨ ཉིན་གྱི་སྔ་དྲོར། ཇམ་མུ་གྲོང་ཁྱེར་ནང་གི་བཞུགས་གནས་གསོལ་མགྲོན་ཁང་དུ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ལ་དྭགས་དང་ཟངས་དཀར་ནས་ཡིན་པའི་མཇལ་བཅར་བ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་གནང་སྐབས། ཁྱེད་ཚོས་ལོ་ངོ་སྟོང་ཕྲག་རིང་ནས་དར་བའི་བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱས་ནས་ཡོང་བ་རེད། ད་ལྟ་དུས་རབས་ ༢༡ པའི་ནང་པ་ཞིག་བྱེད་དགོས་སྟབས་ཁ་འདོན་ཙམ་དང་། ཕྱག་མཆོད་འབུལ་ཙམ་གྱིས་ཆོག་ཤེས་བྱས་ནས་དབང་རྟུལ་དད་པའི་རྗེས་འབྲང་པ་ཞིག་མིན་པར་རིག་པའི་ལམ་ནས་བརྟག་ཤིང་དཔྱད་དེ་ནང་ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་བྱེད་དགོས། དེ་འདྲ་ཡོང་བར་ནང་ཆོས་ལ་ངེས་པར་དུ་སློབ་སྦྱོང་བྱེད་དགོས། དེ་སྔ་བོད་ཀྱི་ལོ་པཎ་དུ་མ་དང་མཁས་གྲུབ་དུ་མས་ལ་དྭགས་དང་ཟངས་དཀར་ས་ཁུལ་སོགས་བརྒྱུད་ནས་རྒྱ་གར་ནང་ཕེབས་པ་རེད། ལྷག་པར་ཕྱིས་སུ་ལོ་ཙྭ་བ་རིན་ཆེན་བཟང་པོའི་སྐུ་དུས་སུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའང་ཐོ་གླིང་རྒྱལ་པོས་གསོལ་འདེབས་ཞུས་པ་ལྟར་ས་ཁུལ་དེ་དག་བརྒྱུད་ནས་རྒྱ་གར་ནས་བོད་དུ་ཕེབས་ཡོད། འཛམ་གླིང་ནང་ཆོས་ལུགས་འདྲ་མིན་གྱི་རྗེས་འབྲང་པ་ཚོས་ཁ་ཞེ་གཉིས་མེད་ཐོག་ནས་རང་རང་སོ་སོའི་ཆོས་ལ་ཉམས་ལེན་བྱས་པ་ཡིན་ན་ཆོས་ལུགས་ཚང་མས་མིའི་བསམ་བློར་སྙིང་སྟོབས་སྤེལ་ཐུབ། དེར་བརྟེན་ངོས་ཀྱིས་ཆོས་ལུགས་ཚང་མར་གུས་བཀུར་ཞུ་བཞིན་ཡོད། ཆོས་ལུགས་མཐུན་སྒྲིལ་ཟེར་བ་ཁ་ཡོད་ལག་ཡོད་ཅིག་ཡིན་པ་ནི་རྒྱ་གར་ལ་དཔེ་མཚོན་བཞག་ཆོག   རྒྱ་གར་ནང་ལ་མཚོན་ནའང་ཆོས་ལུགས་འདྲ་མིན་འཆམ་མཐུན་ངང་ལོ་ངོ་སྟོང་ཕྲག་རིང་ནས་འཚོ་གནས་ཐུབ་ཡོད། ཇམ་མུ་ཀ་ཤི་མིར་མངའ་སྡེ་འདིའི་ནང་དུའང་ཆོས་ལུགས་མཐུན་སྒྲིལ་རྒྱུན་སྐྱོང་བྱེད་བཞིན་ཡོད་སྟབས་ངོས་ཀྱིས་ལམ་སྲོལ་བཟང་པོ་དེ་མུ་མཐུད་ཁྱེད་ཚོས་རྒྱུན་སྐྱོང་གནང་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད། ཅེས་གསུངས་འདུག

དེའི་རྗེས་ཇམ་མུ་མཐོ་སློབ་ཀྱི་བསླབ་པ་མཐར་སོན་གྱི་མཛད་སྒོའི་ཚོགས་མགོན་དུ་ཕེབས་ཡོ་པ་དང་། མཛད་སྒོའི་ཐོག་མར་མཐོ་སློབ་དེའི་ཉེ་བའི་རིགས་བདག་སྐུ་ཞབས་ཨ་ཤོཀ་ཨེ་མ་ (Prof Ashok Aima) ལགས་ཀྱིས་མཐོ་སློབ་དེ་ངོ་སྤྲོད་གནང་རྗེས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བསླབ་པ་མཐར་སོན་པ་ཚོར་བཀའ་སློབ་གནང་དོན། དེ་རིང་འདིར་ལག་འཁྱེར་ཐོབ་མཁན་གཞོན་སྐྱེས་ཁྱེད་ཚོ་མ་འོངས་རྒྱ་གར་གྱི་སོན་རྩ་ཆགས་ཡོད། ངོས་ཀྱིས་དུས་རབས་ ༢༠ དང་ ༢༡ མི་རབས་ཞེས་དབྱེ་བ་གཉིས་སུ་འབྱེད་བཞིན་ཡོད་ལ། ངོས་རང་ལ་མཚོན་ན་དུས་རབས་ ༢༠ པའི་མི་རབས་ཆགས་ཡོད། ཁྱེད་ཚོ་ནི་དུས་རབས་ ༢༡ པའི་མི་རབས་ཡིན། དུས་རབས་ ༢༠ ལ་མཚོན་ན་འཚེ་བ་དང་དམག་འཁྲུག་གི་དུས་རབས་ཤིག་ཆགས་པ་རེད། དམག་འཁྲུག་དང་འཚེ་བའི་ལས་དེ་དག་ལ་བརྟེན་ནས་གལ་ཏེ་འཛམ་གླིང་ཞི་བདེ་ལྡན་པ་ཞིག་བསྐྲུན་ཐུབ་ཡོད་ཚེ། འཚེ་བའི་ལས་དེ་དག་སྤེལ་བ་དེར་རྒྱུ་མཚན་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཆོག་ཀྱང་དེ་འདྲ་ཕལ་ཆེར་བྱུང་མེད། དུས་རབས་དེའི་ནང་རྡུལ་ཕྲན་མཚོན་ཆ་སོགས་ལ་བརྟེན་ནས་མི་གྲངས་ས་ཡ་གཉིས་བརྒྱའི་ཚེ་སྲོག་ཤོར་ཡོད། ཀུན་སློང་དང་དམིགས་ཡུལ་བཟང་པོ་ཇི་འདྲ་ཞིག་ཡོད་མིན་ལ་མ་ལྟོས་པར་འཚེ་བའི་དྲག་ཤུགས་བེད་སྤྱོད་བྱས་ཟིན་ཕྱིན་མཇུག་འབྲས་ཇི་ཡོང་ཧ་ཅང་ཚོད་དཔག་དཀའ་བ་ཞིག་ཡིན་པ་ཆོས་ཉིད་རེད། ཅེས་གསུངས་འདུགཡང་གནའ་རབས་དང་དེང་རབས་ཀྱི་ཤེས་ཡོན་སྐོར་ལ་ཁོང་གིས། དེང་དུས་ཤེས་ཡོན་གྱི་ལམ་ལུགས་ནང་གཙོ་བོ་ཕྱི་དངོས་པོའི་མཐུན་རྐྱེན་ཡར་རྒྱས་ཁོ་ནའི་ཐོག་འགྲོ་བཞིན་ཡོད་པ་མ་གཏོགས་མིའི་བཟང་པོའི་རིན་ཐང་དེ་དག་ལ་དེ་ཙམ་དོ་སྣང་བྱེད་ཀྱི་མེད། གནའ་སྔ་མོའི་དུས་སྐབས་སུ་བྱམས་བརྩེ་དང་བཟོད་སྲན། ཆོག་ཤེས་སོགས་བཟང་པོའི་རིན་ཐང་དེ་དག་ཆོས་ལུགས་ཁག་གིས་སློབ་སྟོན་རྒྱུན་འཛིན་བྱེད་སྲོལ་ཡོད། འོན་ཀྱང་ད་ཆ་རིན་ཐང་དེ་དག་དེང་དུས་ཤེས་ཡོན་ལམ་ལུགས་ནང་གཞག་ནས་ཀླད་པ་ཡར་རྒྱས་བཏང་བ་དང་ལྷན་ནང་གི་བསམ་བློར་ཡར་རྒྱས་གཏོང་ཐབས་བྱེད་དགོས། ཞེས་སོགས་གསུངས་འདུག

དེ་རིང་སྔ་དྲོར་ ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དྷི་ལི་བརྒྱུད་ཝྭ་ཎ་བོད་ཀྱི་མཐོ་སློབ་སློབ་གཉེར་ཁང་དུ་ཆིབས་སྒྱུར་གྱིས་རྒྱ་གར་རྒྱལ་ཡོངས་ཀྱི་ཉེ་བའི་རིགས་བདག་དང་རིགས་བདག་ཆེན་མོའི་ལོ་འཁོར་ཚོགས་ཆེན་ཐེངས་ ༩༢ པ་དབུ་འབྱེད་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་གནང་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ནས་སངས་རྒྱས་དཀོན་མཆོག་གིས་བསྡུས།

བསྐྱར་བཅོས།: ༢༠༡༨/༠༣/༡༩

Leave a Reply

One thought on “ཀླད་པ་ཡར་རྒྱས་བཏང་བ་དང་ལྷན་དུ་ནང་གི་བསམ་བློར་ཡར་རྒྱས་གཏོང་ཐབས་བྱེད་དགོས།

  1. ཀླད་པ་ཡར་རྒྱས་བཏང་བ་དང་ལྷན་དུ་ནང་གི་བསམ་བློར་ཡར་རྒྱས་གཏོང་ཐབས་བྱེད་དགོས་ཞེས་སོགས་གསུངས་འདུག
    བོད་པ་མི་མང་དག་ཞིག་གིས་སྐྱབས་མགོན་རིན་པོ་ཆེ་
    བཀའ་སློབ་ཉན་གྱི་ཡོག་རེད་ལ་གསུངས་ཆོས་ཞུ་ཡི་ཡོག་རེད།
    འོན་ཀྱང་དོན་དངོས་སུ་ཕུན་ཚུན་ཕྲག་དོག་དང།ངལ་རྒྱལ།
    ཧོད་རྒྱུགས། རང་དོན་སྒྲུབ་ན་ཆགས་ལུགས་ངན་ན་ངན་ཟེར
    ་བའི་དཔེ་ལྟར་རེད།སོ་སོའི་འདོད་བློ་ཁེངས་དང་མ་ཁེངས་དེ་མ་
    གཏོགས་བོད་རིགས་སྤྱིར་ཡོངས་ལ་དགོངས་པ་རྩ་བ་ནས་བཞེས་ཀྱིས་མི་འདུག
    ཧ་ལས་པ་ཐབས་སྐྱོ་པོ་རེད།དཔེ་ན་བར་ལམ་ཞིག་ལ་སྲིད་སྐྱོང་
    ཕྱོགས་བསྐྱོད་སྐབས་གང་སར་ནས་ངོ་རྒོལ་བྱས་ཡོག་རེད།སྐུ་ཚབ་དོན་གཅོད་ནང་འཛུགས་ཡོང་ནས་ཚིག་ངན་བསྒྲགས་ཡོག་རེད།
    ཚོགས་ཟུར་དོ་དག་རང་ཉིད་ནས་དེ་སྐོར་ལ་མི་དམངས་ལ་དེ་འདྲ་མ་གནང་རོགས། ང་ཕར་འགྲོ་ནས་བཀའ་མོལ་གནང་གི་ཡིན་ཟེར་
    ནས་ཁོང་གི་རྒྱབ་སྐྱོར་བ་དེ་དག་ལ་བཀའ་མོལ་གནང་མ་སོང།
    ཡུན་རིང་ཕྱག་ལས་གནང་མྱོང་མཁན་ཞིག་གི་དེ་འདྲའི་གོ་རྟོག་མེད་པར་ཞིག་ཡིན་རྒྱུ་མ་རེད། མ་གཞིར་ནས་འཕོ་འགྱུར་
    བཏང་བ་མ་གཏོགས་ཕྱིར་འབུད་བཏང་ཡིན་ཟེར་གྱི་མི་འདུག་ག
    ད་འགྲིག་གི་ཡོག་རེད།འཛམ་བུ་གླིང་ལ་བོད་མི་ནང་ནང་ལ་ངོ་རྒོལ་སྐད་འབོད་བསྒྲགས་ཡོད་པར་ཧ་གོ་ཡོག་རེད།
    དེ་ནི་དོན་དངོས་ཐོག་བོད་མི་མང་དག་ཞིག་གིས་སོ་སོའི་མདུན་མ་གཏོགས་རྒྱབ་ལ་བལྟ་མ་ཤེས་པ་ཞིག་དང་སློབ་སྦྱོང་ཡོད་ན་བསམ་བློའི་ཆུ་ཚད་ཧ་ཅང་དམའ་བོ་ཡོད་པ་ཞིག་རེད་འདུག་ག
    ང་རྒྱལ།ཕྲག་དོག
    ཕུན་ཚུན་ཕྱོགས་ཞེན་ཁོ་ན་མ་གཏོགས་གཞན་པ་ག་རེ་ཤེས་ཀྱི་ཡོག་རེད།ཁྲིམས་བཟོ་ལྷན་ཚོགས་ཀྱི་ཁྲིམས་བཟོས་ཡོག་རེད་ལ་།གཞུང་འཛིན་ལག་བསྟར་བྱེད་མཁན་རེད།གྲོས་ཚོགས་ཀྱི་གཞུང་འཛིན་
    སྟངས་འཛིན་བྱ་མཁན་རེད།
    ཡིན་ན་ཡང་སོ་སོའི་འདོད་བློ་མ་ཁེངས་དུས་འགྲེལ་བཤད་ལོག་པ་
    རྒྱག་པ་དང།འདྲ་མ་འདྲ་བྱེད་ཀྱི་ཡོད་པ་རེད།དོན་དངོས་ལ་ཞིབ་
    འཇུག་བྱ་མཁན་ཡོག་མ་རེད།དེ་དག་རྣམས་བོད་མི་ཕྱོགས་ཞེན་རིང་ལུགས་དག་གི་བཟང་སྤྱོད་རེད།ནང་རྒྱུན་ཞལ་ནང་ལ་གོང་ས་མཆོག་ལ་དད་པ་ཡོད་ཟེར་མཁན་གྲལ་རེད།
    དོན་དངོས་ལ་གོང་ས་མཆོག་ཁོང་ཐུགས་ཕམ་ན་དཔེ་གསགས་རེད་བསམ་ནས་དགོངས་པ་བཞེས་མཁན་ཡོག་མ་རེད་།དེ་འདྲའི་ཡིན
    ་དུས་མི་དེ་དག་ཐམས་ཅད་ཁ་ནང་བཤད་པ་དང་ཕྱག་ལས་གནང་
    སྟངས་ཁག་ཁག་རེད།ད་དུས་མུ་མཐུད་ནས་བྱེད་སྟངས་དེ་འདྲའི་ལས་མེད་ན་བོད་མི་རྩ་དོན་ཟེར་བ་དེ་གང་འདྲའི་ཞིག་སྒྲུབ་རྩིས་ཡོད་དོ།