སང་ཉིན་རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་མགོ་འཛུཊ་རྒྱུ་རེད།

སང་ཉིན་ཕྱི་ཚེས་ ༣༡ ཉིན་ནས་ཕྱི་ཟླ་ ༤ ཚེས་ ༡༠ བར་༧རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་སྡུར་ཐེངས་ ༢༤ པ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་ནང་འཚོགས་རྒྱུ་ཡིན་འདུག

འདི་གར་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། སང་ཉིན་ཕྱི་ཚེས་ ༣༡ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བདེ་སླར་གཞིས་ཆགས་ནང་དུ། ༧རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་སྡུར་ཐེངས་ ༢༤ པ་མགོ་འཛུགས་གནང་རྒྱུ་ཡིན་པ་དང་། ཐེངས་འདིའི་འགྲན་སྡུར་ནང་རྒྱ་གར་དང་བལ་ཡུལ། ཁེ་ན་ཌ་བཅས་ནས་ཁྱོན་རྩེད་འགྲན་རུ་ཁག་ ༡༩ ཡིས་ཐོ་འགོད་དེབ་སྐྱེལ་བྱས་ཡོད་པ་དང་། འགྲན་སྡུར་སྐབས་(League Cum knock out System)ཡི་འགྲོ་ལུགས་ལྟར་རུ་ཁག་རེར་ཉུང་མཐར་ཐེངས་གཉིས་རེར་འགྲན་སྡུར་བྱེད་པའི་གོ་སྐབས་ཡོད་འདུག

རྩེད་འགྲན་ཚགས་ཚུད་ཡོང་སླད་བདེ་སླར་ས་གནས་མགོ་འཛིན་ལྷག་པ་ཚེ་རིང་ལགས་ཀྱི་སྣེ་འཁྲིད་འགན་འཁུར་འོག་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་ཞིག་བཙུགས་ཡོད་པ་དང་། ཚོགས་ཆུང་འདིའི་ནང་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་འཛིན་སྐྱོང་གི་ཚོགས་མི་རྣམ་པ་དང་། བདེ་སླར་མཉམ་འབྲེལ། བདེ་སླར་རྩེད་རིགས་ཚོགས་ཆུང་གི་ཚོགས་མི། གཞིས་གྲོང་ཁག་གི་མགོ་དཔོན། གཞན་ཡང་སྦེལ་ཀོབ་བདེ་སླར་བོད་མིའི་གཞིས་ཆགས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་བཅས་ཡོད་འདུག

བསྐྱར་བཅོས།: ༢༠༡༨/༠༣/༣༠

Leave a Reply

One thought on “སང་ཉིན་རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་མགོ་འཛུཊ་རྒྱུ་རེད།

  1. གཞུང་པ་ཚེ་དབང་བསོད་ནམས་།

    གལ་ཆེ་ཤོས་འཆམ་མཐུན་དང་དྲང་བདེན་གྱི་ཐོག་ནས་རྩེད་མོ་རྩེད་དགོས་པ་དང་ཉིན་གྲངས་བཅུའི་ནང་ཆར་པ་མ་བབས་པ་ཤོག་ཚང་མས་སྨོན་ལམ་འདེབས་དགོས་པ་ནི་རྩེད་ཐང་གསར་པ་ལ་སོང་ཆར་པ་བབས་ན་རྩེད་མོ་བྲོ་བ་མེད་པ་ནི་སྔ་ལོ་ཀོ་ལི་གྷལ་གྱི་ཉམས་མྱོངས་ནས་ཤེས་ཐུབ་།