མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གྲོས་ཚོགས་ནས་ངོ་དེབ་སྦྱིན་བདག་ལ་འདྲི་ཞིབ་བྱས།

བོད་ཀྱི་དུས་བབ།
༢༠༡༨/༠༤/༡༢
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་ཚོགས་དྲ་ལམ་ངོ་དེབ་ནས་མི་ས་ཡ་མང་པོའི་གསང་བ་ཕྱི་ལ་ཤོར་བར་བརྟེན་ངོ་དེབ་ཀྱི་སྤྱིན་བདག་མཱར་ཁི་ཛོ་ཁིར་བྷག་དགོངས་སེལ་ཞུས་པ་དང་སྦྲགས་མ་འོངས་པར་བདེ་འཇགས་ཤུགས་སྣོན་ཆེད་ལས་མི་ཁྲི་གཉིས་ལེན་རྒྱུ་ཡིན་ལུགས་བཤད།

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་མང་པོ་ཞིག་གིས་ངོ་དེབ་ཀྱི་སྤྱིན་བདག་སྐུ་ཞབས་མྰར་ཁི་ཛོ་ཁྰར་བྷག་(Mark Zuckerberg )ལགས་སུ། ངོ་དེབ་ཀྱིས་མི་སྒེར་གྱི་གསང་བའི་གནས་ཚུལ་ལ་བདག་ཉར་དང་། ཨ་རིའི་འོས་བསྡུ་དང་རྒྱལ་སྤྱིའི་ཆབ་སྲིད་ཚོགས་སྡེ་ཁག་ལ་གསང་བ་དོ་དམ་ཇི་ལྟར་བྱེད་ཀྱི་ཡོད་པའི་སྐོར་ལ་འདྲི་ཞིབ་བྱས་ཡོད་པ་རེད།

གནད་དོན་དེ་ནི་ཉེ་སྔོན་དབྱིན་ཇིའི་ཁམས་ཟམ་གཙུག་ལག་སློབ་གཉེར་ཁང་གི་རྒྱལ་སྤྱིའི་ཆབ་སྲིད་ཚན་རིག་ཞིབ་འཇུག་ཐབས་ཇུས་ཁང་ཚད་ཡོད་ཁང་པའི་ཚོགས་པ་ཞིག་གིས། སྤྱི་ཚོགས་དྲ་རྒྱའི་རེའུ་མིག་བསྡུ་ཉར་གྱི་མཉེན་ཆས་ཤིག་བརྒྱུད་ནས་ངོ་དེབ་བེད་སྤྱོད་བྱེད་མཁན་ས་ཡ་མང་པོའི་མི་སྒེར་གྱི་གནས་ཚུལ་བསྡུ་རུབ་གྱིས། ཕྱི་ལོ་༢༠༡༦ ལོའི་ཨ་རིའི་འོས་སྡུའི་སྐབས་སྲིད་འཛིན་ཊོོམ་ཕུ་ལ་སྤྲད་པའི་གནད་དོན་གྱིས་ཡིན་པ་དང་། གནད་དོན་དེ་དང་འབྲེལ་ནས་རྒྱལ་སྤྱིའི་རྒྱལ་ཁབ་མང་པོའི་ངོ་དེབ་བེད་སྤྱོད་བྱེད་མཁན་ས་ཡ་མང་པོའི་མི་སྒེར་གྱི་གནས་ཚུལ་ཕྱི་ལ་གྱར་ཏེ་གནོད་པ་བསྐྱལ་ཡོད་པ་དང་། ངོ་དེབ་ཀྱིས་ཨ་རི་དང་ཨུ་རུ་སུ་གཙོའི་རྒྱལ་སྤྱིའི་རྒྱལ་ཁབ་མང་པོའི་ཆབ་སྲིད་གནད་དོན་ལ་ཐེ་གཏོགས་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་ནས་གཙོ་བོ་ངོ་དེབ་ཀྱི་སྤྱིན་བདག་ལ་འདྲི་རྩད་ཉན་ཞིབ་སྐབས། ངོ་དེབ་ཁ་བྱང་དང་སྒེར་པའི་འཕྲིན་ཡིག་དང་འདྲ་པར་རྣམས་ངོ་དེབ་ཏུ་བཀོད་པ་གཞན་གྱིས་རྐུ་འཁྱེར་མི་ཐུབ་པ་དང་། མིའི་མིང་དང་གསང་ཡིག་བརྐུས་ནས་མི་གཞན་གྱི་ངོ་དེབ་ནང་དུ་འཛུལ་ནས་གནས་ཚུལ་ལོག་པ་དང་རྫུན་མ་སྤེལ་གྱི་ཡོད་པ་འགོག་ཐབས་ཇི་ལྟར་བྱེད་ཀྱི་ཡོད་མེད་དང་། ངོ་དེབ་ནང་དུ་མི་རིགས་དང་ཆོས་ལུགས་ལ་དབྱེ་འབྱེད། མི་རིགས་དང་ཆོས་ལུགས་ལ་མཐོང་ཆུང་དང་མཚན་སྨད། མི་རིགས་དང་ཆོས་ལུགས་གང་ཞིག་ལ་དམིགས་སུ་བཀར་ནས་སྡང་ཟུག་བྱེད་ཀྱི་ཡོད་པ་རྣམས་འགོག་ཐུབ་ཀྱི་ཡོད་མེད་དང་། ངོ་དེབ་བརྒྱུད་ནས་འཇིགས་སྐུལ་རིང་ལུགས་ཀྱི་དྲིལ་བསྒྲགས་དང་འཁྱོག་བརྗོད་བྱེད་ཀྱི་ཡོད་པ། སྐྱེ་བོ་འགའ་ཞིག་གིས་བསམ་བཞིན་ངོ་དེབ་བརྒྱུད་ནས་སྤྱི་ཚོགས་ལ་ཟིང་འཁྲུག་སློང་དགོས་པའི་ངན་སྐུལ་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་སོགས་འགོག་ཐུབ་ཀྱི་ཡོད་མེད་པ་དང་། ངོ་དེབ་ནང་དུ་མི་གསོད་ཁྲག་སྦྱོར་དང་འཁྲིག་སྦྱོར། བཙན་གཡེམ་སོགས་གྱི་བརྙན་རིས་འགྲེམ་སྤེལ་བྱེད་ཀྱི་ཡོད་པ་འགོག་གི་ཡོད་མེད་སོགས་ཀྱི་ཐད་ལ་འདྲི་རྩད་བྱས་ཡོད་པ་རེད།

འདྲི་རྩད་ཉན་ཞིབ་སྐབས་ངོ་དེབ་སྦྱིན་བདག་སྐུ་ཞབས་མྰར་ཁི་ཛོ་ཁྰར་བྷར་གྷི་ཡིས། ང་ཚོས་ཁམས་ཟམ་གཙུག་ལག་སློབ་གཉེར་ཁང་གི་ཞིབ་འཇུག་མཁན་ཚོར་ངོ་དེབ་བཀོལ་སྤྱོད་པའི་དྲ་ཚུགས་ཀྱི་ཁ་བྱང་སྤྲད་པ་ནོར་འཁྲུལ་ཡིན་པ་དང་། ཨུ་རུ་སུའི་གཞུང་ལ་འབྲེལ་བ་ཡོད་པའི་སྒྲིག་འཛུགས་ཁག་གིས་ངོ་དེབ་ཀྱི་གླེང་སྟེགས་བརྒྱུད་ནས་ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས་ཐེ་གཏོགས་བྱེད་ཐུབ་ཡོད་པ་ང་ཚོས་ངོ་དེབ་གླེང་སྟེགས་ལ་སྟངས་འཛིན་ནན་པོ་ཞིག་བྱ་ཐུབ་མེད་པའི་ནོར་འཁྲུལ་རེད། ང་ཚོས་ངོས་ནས་མི་ཚོས(data privacy)མ་ལག་སྤྱད་དེ་གཞན་ལ་གནོད་སྐྱེལ་རྒྱུ་ཡིན་པའི་དོ་སྣང་ཅི་ཡང་བྱུང་མ་སོང་། ཞེས་བརྗོད་འདུག

ཡང་ཁོས། ང་ཚོའི་ངོས་ནས་མི་སྒེར་དང་ཚོགས་སྡེ་ཁག་གི་གནས་ཚུལ་གང་ཡང་གཞན་ལ་བསམ་ནས་སྤྲད་པ་དེ་འདྲ་མེད། ང་ཚོའི་ངོས་ནས་མུ་མཐུད་ངོ་དེབ་བཀོལ་སྤྱོད་པ་ཚོའི་མི་སྒེར་གྱི་ཡིག་ཆའི་བདེ་འཇགས་ལ་དོ་སྣང་སྔར་ལས་ཤུགས་ཆེར་གཏོང་གཏོང་གི་ཡིན་ལ། ངོ་དེབ་བཀོལ་སྤྱོད་མཁན་མི་ངོ་མ་དེ་སུ་ཡིན་མིན་ངོ་ཐག་ཡག་པོ་གཅོད་རྒྱུ་དང་ཆབ་སྲིད་ཀྱི་ཐབས་ཇུས་ཉམས་ཞིབ་ཁང་ཁག་ལ་ངོ་དེབ་བཀོལ་སྤྱོད་པའི་ཁ་བྱང་མི་སྤྲོད་པ། མི་སྒེར་གྱི་ལོ་རྒྱུས་དང་འདྲ་པར། རྩོམ་ཡིག་དང་འཕྲིན་ཡིག་སོགས་གཞན་གྱིས་རྐུ་འཁྱེར་མི་ཐུབ་པའི་སྲུང་སྐྱོབ་དམ་པོ་བྱ་རྒྱུ་དང་། ངོ་དེབ་བཟོ་ཚོང་ཁང་གིས་ལས་བྱེད་གསར་པ་ཁྲི་ཚོ་གཉིས་གླས་ནས་འཛམ་གླིང་གི་སྐད་ཡིག་མ་འདྲ་བ་དེ་དག་གིས་ངོ་དེབ་བརྒྱུད་ནས་ཅི་ཞིག་གླེང་སློང་བྱེད་ཀྱི་ཡོད་མེད་སོགས་ལ་རྟོག་ཞིབ་གཟབ་ནན་བྱ་འཆར་ཡོད། ཅེས་བརྗོད་ཡོད་འདུག

ཁམས་ཟམ་གྱི་གནད་དོན་དེའི་རྒྱལ་སྤྱིའི་རྒྱལ་ཁབ་མང་པོའི་མི་གྲངས་ས་ཡ་༨༧་ལྷག་གི་མི་སྒེར་གསང་བ་ཕྱི་ལ་ཤོར་བའི་གནོད་སྐྱོན་བཟོས་ཡོད་པ་དང་། མང་ཆེ་བ་ཨ་རིའི་ནང་དུ་ཡོོོད་པ་དང་། རྒྱ་གར་དང་ཨོ་སི་ཊོ་ལི་ཡ་ཁ་ན་ཌ་སོགས་ལས་མི་དུང་ཕྱུར་མང་པོར་གནོད་བསྐྱལ་ཡོད་འདུག གནད་དོན་དེ་ནི་ཉེན་ཚབ་ཧ་ཅང་ཆེ་བའི་གནས་ཚུལ་ཞིག་ཡིན་པས་ངོ་དེབ་སྦྱིན་བདག་སྐུ་ཞབས་མྰར་ཁི་ཛོ་ཁྰར་བྷག་ལགས་སུ་མུ་མཐུད་འདྲི་ཞིབ་བྱེད་རྒྱུ་ཡིན་འདུག

ཨ་རིའི་གྲོས་ཚོགས་ངོས་ནས་ངོ་དེབ་སྦྱིན་བདག་གིས་འདྲི་ཞིབ་ལ་དང་ལེན་བྱས་པར་བསྔགས་བརྗོད་བྱེད་ཀྱི་ཡོད་འདུག གནད་དོན་དེས་སྤྱི་ཚོགས་དྲ་རྒྱ་བེད་སྤྱོད་མཁན་ཚོའི་གསང་རྒྱའི་གནས་ཚུལ་སྲུང་སྐྱོབ་ལ་གལ་ཆེའི་ཕན་ཐོགས་དང་ལྷག་པར་དུ་ཨ་རིའི་མི་མང་ཡོངས་ཀྱིས་སྤྱི་ཚོགས་དྲ་ལམ་ཀྱི་མི་སྒེར་གནས་ཚུལ་ལ་གནད་དོན་ག་རེ་བྱུང་གི་ཡོད་ངེས་རྟོགས་ཡོང་བར་ཕན་ཐོགས་གལ་ཆེན་ཞིག་བྱེད་ཐུབ་པས། དེ་རིང་ཨ་རིའི་མི་སེར་གཙོས་འཛམ་གླིང་གི་མི་མང་པོ་ཞིག་གིས་འདྲི་ཞིབ་གནད་དོན་འདིར་ལྟ་ཉན་བྱེད་ཀྱི་ཡོད་པས་སྐུ་ཉིད་ཀྱིས་ང་ཚོ་དང་མཉམ་དུ་ཞུགས་པར་དེར་བསྔགས་བརྗོད་ཡོད་སྐོར་བརྗོད་འདུག

ཨ་རིའི་གྲོས་ཚོགས་ངོས་ནས་སྤྱི་ཚོགས་དྲ་རྒྱའི་གསང་རྒྱའི་གནད་དོན་དང་འབྲེལ་ནས་གྷོ་གྷུལ་འཚོལ་བཤེར་དྲ་རྒྱ་དང་ཊི་ཊིར་སྤྱི་ཚོགས་དྲ་རྒྱའི་སྦྱིན་བདག་གཉིས་ལ་ངོ་དེབ་དང་གཅིག་མཚུངས་ཀྱིས་འདྲི་ཞིབ་བྱེད་རྒྱུ་ཡིན་པར་འབོད་འགུག་བྱས་ཡོད་ན་ཡང་དང་ལེན་བྱས་ཡོད་མི་འདུག སྤྱི་ཚོགས་དྲ་རྒྱ་དེ་གཉིས་ལ་ངོ་དེབ་བཞིན་དེ་སྔོན་མི་སྒེར་གསང་བའི་གནད་དོན་དོན་ཕྱི་ལ་ཤོར་བའི་གནས་ཚུལ་དེ་ཙམ་བྱུང་མེད་ན་ཡང་། སྤྱི་ཚོགས་དྲ་རྒྱ་དེ་དག་གིས་མི་སྒེར་གྱི་གསང་བ་ཇི་ལྟར་སྲུང་སྐྱོབ་དང་ཉར་ཚགས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཤེས་རྟོགས་ཆེད་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༦ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese