ཨ་རིའི་གཞུང་ཚབ་ཆེན་མོས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

དེ་རིང་སྔ་དྲོའི་ཆུ་ཚོད་ ༨ པ་ཡོལ་ཙམ་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གནས་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་ཁེན་ནེ་ཐི་ཇཱ་སི་ཊིར་( Kenneth Juster )ལགས་ཀྱིས། བཞུགས་སྒར་ཕོ་བྲང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇའ་བཅར་ཞུས་ཏེ། ཞི་བདེ་གོང་སྤེལ་གཏོང་ཕྱོགས་སོགས་གནད་དོན་མང་པོའི་ཐོག་བཀའ་མོལ་གནང་ཡོད་པ་དང་། མཇལ་ཁ་ཞུས་རྗེས་གསར་འགོད་པ་ཚོར་ཁོང་གིས། ང་རང་ཧ་ཅང་སེམས་འགུལ་ཐེབས་བྱུང་། ངའི་རེ་བར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཨ་རིར་ཆིབས་བསྒྱུར་བསྐྱང་ཐུབ་པ་ཡིན་ན་ཧ་ཅང་ཡག་པོ་འདུག་ཅེས་གསུངས་ཡོད་པ་དང་། མ་འོངས་པར་༧གོང་ས་མཆོག་ཨ་རིར་ཆིབས་བསྒྱུར་བཀའ་དྲིན་བསྐྱང་ཚེ་སྲིད་འཛིན་ཊོམ་ཕུ་ལགས་ནས་མཇལ་འཕྲད་གནང་རེ་ཡོད་མེད་བཀའ་འདྲི་ཞུས་པར་དེ་ལ་གཟིགས་རྒྱུ་ཡིན་སྐོར་གསུངས་འདུག

སྐུ་པར་རྣམས་རྒྱལ་བའི་ཕོ་བྲང་ནས་མཐུན་འགྱུར་གནང་།

བསྐྱར་བཅོས།: ༢༠༡༨/༠༥/༠༤

Leave a Reply

One thought on “ཨ་རིའི་གཞུང་ཚབ་ཆེན་མོས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།