དམག་མི་ ༤༠༠ ལྷག་ཉིང་ཁྲི་རྫོང་དུ་བསླེབས་ནས་དམག་སྦྱོང་བྱེད་ཀྱི་འདུག

བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱ་དམག་ ༤༠༠ ལྷག་ཉིང་ཁྲི་རྫོང་ཐང་དྲི་ཞེས་པར་འབྱོར་ཏེ་ས་གནས་དེར་བདུན་ཕྲག་ ༣ རིང་དམག་སྦྱོང་བྱེད་བཞིན་འདུག

འདི་གའི་གསར་འགོད་པར་བོད་ནང་ནས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན།  ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་རྒྱ་ནག་གཞུང་གིས་དམག་མི་ ༤༠༠ ལྷག་ལྷ་ས་ནས་ཆེད་གཏོང་གིས་ཕྱི་ཚེས་ ༡༩ ཉིན་ཉིང་ཁྲི་རྫོང་ཆབ་ནག་དགོན་དུ་འབྱོར་ཡོད་པ་དང་། དེ་རིང་ནས་ཆབ་ནག་དགོན་ནས་སྤྱི་ལེ་ ༤༠ ཙམ་གྱི་སར་ཡོད་པའི་ཐང་དྲི་ཞེས་པའི་ཐང་དེར་བདུན་ཕྲག་ ༣ རིང་དྲག་རྩལ་སྦྱོང་བརྡར་དང་། མེ་སྒྱོགས་དང་མེ་ཤུགས་འཕུལ་མདེལ་ཆེ་ཆུང་རིགས་སོགས་འཕེན་གཏོང་བྱེད་པར་སྦྱོང་བརྡར་སྤྲོད་ཀྱི་ཡོད་འདུག་ལ། ཐང་དྲི་ཞེས་པའི་དམག་སྦྱོང་ལྟེ་བ་དེ་ཕྱི་ལོ་ ༢༠༡༧ ལོར་གསར་དུ་བརྒྱབས་ཏེ། དེར་ཡོད་དམག་མི་མང་ཆེ་བ་ལྷ་ས་དང་སྙེ་མོ་ནས་ཡོང་བ་ཡིན་འདུག

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༤ ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཁུངས་སུ་རྒྱ་ནག་གཞུང་གིས་སྔར་ལས་དམག་སྦྱོང་གནས་ལྟེ་མང་པོ་ཆེད་འཛུགས་བྱས་ཡོད་པའི་གྲས་ནས་ཆེ་ཤོས་ཤིག་ནི་ཡར་ཐང་དམག་སྒར་ཆགས་ཡོད་པ་དང་། ས་གནས་དེར་ོལོ་རེར་རྒྱ་ནག་ནང་ལོགས་ནས་དམག་མི་ ༧༠༠༠༠ ལྷག་རེ་ཡོང་གི་ཡོད་པ་དང་། ཕྱི་ལོ་༢༠༡༦ ལོ་ནས་གཞིས་ཀ་རྩེ་ཆུ་ཐང་དང་ཏིང་སྐྱེས་རྫོང་གམ་པ་ཐང་ལུང་། རྒྱལ་རྩེ་རྫོང་ཁང་དམར། འབྲུག་གི་ས་མཚམས་ཐག་ཉེ་ལྷོ་བྲག་དང་སེང་གེ་སོགས་གཙོ་བོར་གྱུར་བའི་དམག་སྦྱོང་ལྟེ་གནས་ ༡༢ ཙམ་གསར་འཛུགས་བྱས་ཡོད་འདུག གམ་པ་ཐང་ལུང་ཁང་དམར་ལྷོ་བྲག་སེང་གེ་སོགས་གཙོ་བོར་གྱུར་བའི་དམག་སྦྱོང་ལྟེ་གནས་ ༡༢ ཙམ་གསར་འཛུགས་བྱས་ཡོད་འདུག

རྒྱ་དཀར་ནག་བར་ས་མཚམས་རྩོད་རྙོག་བྱུང་རྗེས་རྒྱ་ནག་གཞུང་གིས་ས་མཚམས་ཁག་དུ་དམག་མི་འབོར་ཆེན་འགྲེམས་འཇོག་བྱེད་ཀྱི་ཡོད་པ་མ་ཟད། ས་མཚམས་ཁུལ་གྱི་འབྲོག་པ་རྣམས་བརྟན་གནས་ཡོང་ཐབས་དང་གྲོང་རྡལ་རྣམས་གྲོང་ཁྱེར་ཅན་དུ་བསྒྱུར་ཆེད། གཞུང་ལམ་དང་གནམ་ཐང་གསར་དུ་བཟོས་པ་དང་། དམག་སྒར་དང་གཏེར་འདོན་ས་ཚིགས་མང་པོ་གསར་འཛུགས་ཀྱིས་ཡོང་འབབ་བཟང་བའི་ལས་སྒོ་སྣ་ཚོགས་བཟོ་ཡི་ཡོད་འདུག

རྒྱ་གཞུང་གིས་ཆེད་འཛུགས་བྱས་པའི་དམག་སྦྱོང་ལྟེ་བ་ཁག་ཏུ་མ་འོངས་པའི་དམག་འཐབ་ཀྱི་འཕེལ་ཚུལ་ལ་དམིགས་ཏེ། གསར་གཏོད་ཀྱི་དམག་དོན་གཡུལ་འགྱེད་རིག་པའི་གཞུང་ལུགས་ལྟར་མཛུབ་འཁྲིད་བྱེད་པ་དང་། མི་མེད་མ་ལག་གི་འཕྲུལ་རིག་གོང་སྤེལ་གཏོང་བར་འཐབ་ཇུས་འཚོལ་བ་དང་། ཞིབ་འཇུག་གི་ལམ་ཕྱོགས་ཚན་རིག་དང་མཐུན་པའི་ངང་འཆར་འགོད་ཀྱིས། ལྟེ་བའི་ལག་རྩལ་དག་རིམ་པས་ས་མཚམས་ཁག་ཏུ་འགག་གཏོར་ཐུབ་པ་བྱེད་དགོས། ཁུག་ལམ་བརྒྱུད་པའི་གོ་སྐབས་སྤྱད་ནས་མདུན་གྱི་རླངས་འཁོར་གྱི་རྗེས་ཟིན་པ་བྱེད་དགོས་ལ། གནད་གཅིག་གིས་ཁྱོན་ཡོངས་སྐུལ་སྤེལ་བྱས་ཏེ་ཁྱོན་ཡོངས་གོང་འཕེལ་ཡོང་བ་བྱ་དགོས་ཞེས་པ་སོགས་ཀྱི་སྦྱར་ཡིག་སྦྱར་བ་དང་། སྐུལ་འདེད་ཀྱི་སློབ་གསོ་སྤེལ་གྱི་ཡོད་འདུག

ལྷོ་ཕྱོགས་གསར་འགོད་པ་དོན་གྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༨/༠༥/༢༢

Leave a Reply

One thought on “དམག་མི་ ༤༠༠ ལྷག་ཉིང་ཁྲི་རྫོང་དུ་བསླེབས་ནས་དམག་སྦྱོང་བྱེད་ཀྱི་འདུག

  1. གཞུང་པ་ཚེ་དབང་བསོད་ནམས་།

    དེ་སྔོན་བོད་རྒྱ་དཀར་ནག་གཉིས་ཀྱིས་བར་དུ་མི་ལོ་སྟོང་ཕྲག་མང་པོ་རང་བཙན་གྱི་རྒྱལ་ཁབ་དུ་གནས་པ་དེ་ཕྱི་ལོ་1959ལོར་རྒྱ་མིའི་བཙན་འོག་ཏུ་བསྡུས་ནས་དེ་སྔའི་ས་མཚམས་ལོ་རྒྱུས་ནག་སྲུབ་དུ་བཏང་ནས་རྒྱ་དཀར་ནག་བར་ས་མཚམས་གསར་བཟོས་དེ་དག་ལ་ཕྱོགས་གཉིས་ངོས་ནས་དམག་སྦྱོངས་དང་དམག་དཔུང་དམག་རྩལ་ངོམ་བཞིན་པ་ནི་འཛམ་གླིང་གི་རང་བཙན་ཡོད་པའི་རྒྱལ་ཁན་ཚང་མའི་ཕྱི་འབྲེལ་རྒྱལ་སྲུངས་ཀྱི་སྲིདཇུས་ཞིག་ཡིན་པ་ལས་ནམ་ཡང་འཇིག་མི་དགོས་པ་དང་གལ་སྲིད་རྒྱ་དཀར་ནག་བར་དྲག་པོའི་གདོང་ཐུག་བྱུང་ཚེ་དེ་ནི་འཛམ་གླིང་དམག་ཆེན་གསུམ་པའི་སྔོན་བརྡ་ཡིན་སྲིད་ལ་དེ་དུས་བོད་མིའི་འཇོན་ན་སྒོ་སྐབས་བཟང་པོ་ཐོབ་སྲིད་པ་བཅས་གང་ཟག་སྒེར་གྱི་བསམ་ཚུལ་དུ་འཇུག་བསྡུ་གི་ཡིན་།