གསར་འགོད་མཐུན་ཚོཊ་ཀྱི་རྒྱུན་ལས་འཕོ་འགྱུར་བྱུང་།

བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་སྐབས་དགུ་པའི་རྒྱུན་ལས་བཞི་གསར་དུ་བདམས་ཐོན་བྱུང་སྟེ་རྒྱུན་ལས་གསར་རྙིང་བར་རྩིས་ལེན་རྩིས་སྤྲོད་གནང་།
བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་རྒྱུན་ལས་རྣམས་ལོ་གཉིས་རེའི་མཚམས་སུ་འཕོ་འགྱུར་འགྲོ་བཞིན་ཡོད་ཀྱང་། སྐབས་ ༨  པའི་རྒྱུན་ལས་ཚོས་སྒེར་གྱི་ལས་དོན་ཆེད་ལས་གནས་ནས་དགོངས་པ་ཞུས་པར་བརྟེན། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༤  ཉིན་གྱི་ཕྱི་དྲོར་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། བོད་ཀྱི་གསར་འགོད་པ་རྣམས་ལྷན་འཛོམས་ཐོག བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་སྐབས་ ༩ པའི་རྒྱུན་ལས་འོས་བསྡུ་གནང་བ་བརྒྱུད།  ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་ལྷ་མོ་ལགས་དང་། བོད་ཀྱི་བང་ཆེན་གསར་ཁང་གི་རྩོམ་སྒྲིག་པ་ཆོས་ཉིད་འོད་ཟེར་ལགས། ཕ་ཡུལ་གསར་འགོད་པ་བསྟན་འཛིན་དར་པོ་ལགས།  བོད་ཀྱི་དུས་བབ་གསར་ཁང་གི་གསར་འགོད་པ་སངས་རྒྱས་དཀོན་མཆོག་ལགས་བཅས་བདམས་ཐོན་བྱུང་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༢༧ ཉིན་གྱི་ཕྱི་དྲོར་མཐུན་ཚོགས་ཀྱི་རྒྱུན་ལས་གསར་རྙིང་བར་རྩིས་ལེན་རྩིས་སྤྲོད་གནང་ཡོད་པ་རེད།

གསར་དུ་བདམས་ཐོན་བྱུང་བའི་རྒྱུན་ལས་ནང་ཁུལ་དུ་གོ་བསྡུར་བྱས་པ་བརྒྱུད་བཀྲ་ཤིས་ལྷ་མོ་ལགས་ཚོགས་གཙོ་དང་ཆོས་ཉིད་འོད་ཟེར་ལགས་ཚོགས་གཞོན། དར་པོ་ལགས་རྩིས་པ། སངས་རྒྱས་དཀོན་མཆོག་ལགས་དངུལ་གཉེར་དུ་བསྐོས་ཡོད་པ་རེད།

བོད་ཀྱི་གསར་འགོད་མཐུན་ཚོགས་ཕྱི་ལོ་ ༡༩༩༧ ལོར་བཞུགས་སྒར་དྷ་རམ་ས་ལར་ཆེད་འཛུགས་གནང་ཡོད་པ་དང་། ཚོགས་པ་འདི་ནི་རྒྱ་གར་གཞུང་ལ་དེབ་བསྐྱེལ་བྱས་ཡོད་པའི་ཚོགས་པ་ཞིག་ཡིན་པ་མ་ཟད། ད་ལྟའི་ཆར་མཐུན་ཚོགས་ཀྱི་ཁོངས་གཏོགས་བཙན་བྱོལ་ནང་གི་གསར་ཁང་ཁག་བདུན་ནས་ཁྱོན་བོད་པའི་གསར་འགོད་པ་ ༢༦ ཚོགས་ཁོངས་སུ་ཞུགས་ཡོད་པ་རེད།

རྒྱུན་ལས་གསར་པའི་འབྲེལ་གཏུག་ཁ་པར། ༩༨༨༢༣༤༥༢༠༥། ༩༨༨༢༥༡༦༥༧༡།

གློག་འཕྲིན་ཁ་བྱང་།[email protected]

བསྐྱར་བཅོས།: ༢༠༡༨/༠༦/༢༩

Leave a Reply

One thought on “གསར་འགོད་མཐུན་ཚོཊ་ཀྱི་རྒྱུན་ལས་འཕོ་འགྱུར་བྱུང་།