སྦྲ་གུར་མང་པོ་ཆུས་ནུབ།

དེང་སང་བོད་ནང་གི་ས་ཁུལ་མང་པོར་ཆར་པ་བསྟུད་མར་བབ་ཀྱི་ཡོད་པ་ལྟར། འདི་གར་ཕ་ཡུལ་ཁྱུང་མཆུ་རྫོང་རྨེ་བ་ནས་ཡིན་པའི་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན།  རྔ་བ་ཁུལ་ཁྱུང་མཆུ་རྫོང་ཁོངས་སུ་ཡུན་རིང་ཆར་པ་ཤུགས་ཆེན་བབ་ཀྱི་ཡོད་པར་བརྟེན། རྐ་ཆུ་རྒྱས་ཏེ་སྦྲ་ཆེན་ཡུལ་ཚོའི་རུ་ཆེན་གཉིས་པའི་སྦྲ་གུར་ཡུལ་སྐོར་ལྟེ་བ་སོགས་སུ་ཆུ་ལོག་རྒྱུག་སྟེ་ཛ་དྲག་གིས་ཅ་དངོས་རྣམས་དབོར་འདྲེན་བྱེད་དགོས་ཁེལ་ཡོད་འདུག ཡིན་ནའང་། ད་ལྟའི་ཆར་མི་ཕྱུག་ལ་ཤི་རྨས་བྱུང་བའི་གནས་ཚུལ་གོ་ཐོས་མི་འདུག་ལ། སྦྲ་གུར་ཡུལ་སྐོར་གྱི་ལྟེ་བ་དེར་ཁྱོན་སྦྲ་གུར་ ༦༠ ལྷག་ཡོད་འདུག དེ་བཞིན་ཁྱུང་མཆུ་རྫོང་གི་ཉེ་འགྲམ་དུ་ཡོད་པའི་མཛོད་དགེ་རྫོང་ཁོངས་སུའང་དྲག་ཆར་འབབ་ཀྱི་ཡོད་པས། རྨེ་ཆུ་རྒྱས་ཏེ་རྫོང་ཐོག་ལ་ཆུ་ལོག་རྒྱུག་ཉེན་ཆེན་པོ་ཡོད་སྐོར་བརྗོད་ཀྱི་འདུག 

མཛོད་དགེ་རྫོང །

བསྐྱར་བཅོས།: ༢༠༡༨/༠༧/༠༩

Leave a Reply

One thought on “སྦྲ་གུར་མང་པོ་ཆུས་ནུབ།

  1. གཞུང་པ་ཚེ་དབང་བསོད་ནམས་་ཉེh

    པར་དེ་ཚོ་མཐོང་དུས་ཕ་ཡུལ་ཡིད་ལ་འཁོར་བྱུང་།
    སྦ་གུར་ནག་པོ་འབྲོག་པའི་སྡོད་ཁང་རེད་།
    རྟ་ནོར་ཕྱུག་གསུམ་འབྲོག་པའི་ཕ་གཞིས་རེད་།
    འབྱུང་བའི་གནོད་འཚེ་ཞིང་འབྲོག་འཚོ་བའི་དགྲ་།
    ཞིང་འབྲོག་འཚོ་བ་འབྱུང་བཞིའི་ལྷ་མོས་སྲུངས་།