བུ་མོ་ཞིག་ལ་སྐྱེས་པ་ ༢༠ ལྷག་གིས་བཙན་གཡེམ་བྱས།

རྒྱ་གར་ལྷོ་ཕྱོགས་ཀྱི་བུ་མོ་རང་ལོ་ ༡༢ ཅན་ཞིག་ལ་བདེ་སྲུང་ཉེན་རྟོག་པ་ཚུད་པའི་ཉུང་མཐར་སྐྱེས་པ་ ༢༢ ཀྱིས་འདས་པའི་ཟླ་ ༧ ལྷག་རིང་བསྟུད་མར་བཙན་གཡེམ་བྱས་ཡོད་འདུག

རྒྱ་གར་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་ལྷོ་ཕྱོགས་ཆིན་ནེ་ནས་ཡིན་པའི་རང་ལོ་ ༡༢ ཅན་གྱི་བུ་མོ་ཞིག་ལ་བདེ་སྲུང་ཉེན་རྟོག་པ་ཁག་ཅིག་ཚུད་པའི་ཉུང་མཐར་སྐྱེས་པ་ ༢༢ ལྷག་གིས་གཉིད་སྨན་སྤྲད་དེ་བཙན་གཡེམ་བྱས་ཡོད་པ་མ་ཟད། བཙན་གཡེམ་སྐབས་བརྙན་ཕབ་ལེན་བྱས་ཏེ། གལ་སྲིད་བུ་མོ་དེས་གནས་ཚུལ་ཕྱི་ལ་བཤད་ན་བརྙན་ཐུང་སྤྱི་ཚོགས་བརྒྱུད་ལམ་དུ་གཏོང་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཡོད་འདུག

དེའི་སྐོར་ལ་ཆིན་ནེ་ཉེན་རྟོག་པས་བརྗོད་ན། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ལྡི་ལིར་ཡོད་པའི་བུ་མོ་དེའི་ཨ་ཅག་ཕྱིར་རང་ཁྱིམ་ལ་གུང་གསེང་དུ་བསླེབས་སྐབས། བུ་མོ་དེས་རང་གི་གནས་ཚུལ་རྣམས་ཨ་ཅག་ལ་བཤད་ཡོད་པ་དང་། བཙན་གཡེམ་བྱེད་མཁན་གཙོ་བོ་ནི་བུ་མོ་སྡོད་སའི་ཁང་རྩེག་གི་གློག་སྐས་སྟངས་འཛིན་བྱེད་མཁན་དེ་ཡིན་པ་དང་། འདས་པའི་ཟླ་ ༧ ལྷག་རིང་ཁོས་ཁབ་དང་བཏུང་བྱའི་ནང་གཉིད་སྨན་བླུགས་ཏེ་བུ་མོར་བཙན་གཡེམ་བྱས་ཡོད་པ་མ་ཟད། སྐྱེས་པ་གཞན་འཁྲིད་ཡོང་སྟེ་བཙན་གཡེམ་བྱས་པ་སོགས་ཉུང་མཐར་སྐྱེས་པ་ ༢༢ ཀྱིས་བསྟུད་མར་བུ་མོ་དེར་བཙན་གཡེམ་དང་ཆགས་སྤྱོད་བརྙས་བཅོས་བྱས་ཡོད་འདུག

དོགས་ཡོད་ཉེས་ཅན་ ༢༢ ཀྱི་ནང་ནས་ལོ་ན་ ༥༤  ཡིན་པའི་མུ་རུ་གེ་ཤི་དང་། པ་ལ་ནེ་རང་ལོ་ ༤༠། ཨ་བྷེ་ཤེ་ཁི་རང་ལོ་ ༢༣།སུ་གུ་མ་ར་ལོ་ ༦༠། པྲིཀྴི་ལོ་ ༥༨། ཨུ་མ་ཕ་ཐེ་ལོ་ ༤༢། ར་བེ་ཀུའུ་མཱ་ལོ་ ༦༠། ངྡེ་ནི་རྡ་ཡ་ལན་ལོ་ ༥༠། སི་རེ་ནེ་བ་སན་ལོ་ ༤༥། ར་བྷོ་ལོ་ ༣༦། ཇ་ནེ་ཤི་ལོ་ ༢༣། ར་ཇི་ལོ་ ༣༢། སུར་ཡ་ལོ་ ༢༣། སུའུ་རེ་ཤི་ལོ་ ༣༢། ཇ་ཡ་ར་མན་ལོ་ ༢༦། ར་ཇི་སེ་ཁར་ལོ་ ༤༠། གུའུ་ན་སེ་ཁར་ལོ་ ༥༥ བཅས་དོགས་ཡོད་ཉེས་ཅན་ ༡༨ འཛིན་བཟུང་བྱས་ཡོད་པ་དང་། ཁོ་ཚོ་ཚང་མ་བུ་མོ་འདུག་སའི་ཉེ་འཁོར་གྱི་ཞོར་ལས་བ་སོགས་ཡིན་པས་ཚང་མ་ངོ་རྟགས་ཆོད་ཡོད་ཀྱང་། དོགས་ཡོད་ཉེས་ཅན་ ༤ ཡིས་ནག་ཉེས་ངོས་ལེན་བྱས་མེད་པ་རེད།

སློབ་ཕྲུག་བུ་མོ་དེའི་པ་ལགས་དུས་རྒྱུན་ཕྱི་ལ་ལས་ཀར་ཕྱིན་ཏེ་ནང་དུ་བསྡད་མེད་པ་དང་། ཨ་མ་ལགས་རང་ཁྱིམ་དུ་བསྡད་ཡོད་ཀྱང་བུ་མོ་སློབ་གྲྭ་ནས་ཕྱི་བོ་མ་གཏོགས་ནང་དུ་མ་བསླེབས་ནའང་། མོ་རང་གི་རོགས་པ་ཚོ་དང་མཉམ་དུ་རྩེད་མོར་གཡེང་བསྡད་ཡོད་པ་རེད་བསམས་ནས་དོ་སྣང་བྱས་མེད་འདུག

རྒྱ་གར་གཞུང་འབྲེལ་སྙན་ཐོ་ལྟར་ན། ཕྱི་ལོ་༢༠༡༦ ལོར་རྒྱ་གར་གྱི་ནང་དུ་བཙན་གཡེམ་དོན་རྐྱེན་ ༣༨༩༤༧ དང་། ཕྱི་ལོ་ ༢༠༡༥ ལོའི་བཙན་གཡེམ་གྱི་དོན་རྐྱེན་དང་བསྡུར་ན་ཕྱི་ལོ་ ༢༠༡༦ ལོར་ ༢༡༦༧ འཕར་ཡོད་འདུག་ལ། བཙན་གཡེམ་བྱེད་སའི་བུ་མོ་མང་ཆེ་བ་ལོ་ན་ ༡༢ མན་ཡིན་པ་དང་། བཙན་གཡེམ་གྱི་ཉེས་དོན་གཙོ་བོ་ཁྱིམ་མཚེས་དང་ཁྱིམ་མི། གཉེན་འབྲེལ་དང་རོགས་པ། ལས་རོགས་སོགས་ཀྱི་བར་བྱུང་གི་ཡོད་འདུག

བསོད་ནམས་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༨/༠༧/༡༩

Leave a Reply

One thought on “བུ་མོ་ཞིག་ལ་སྐྱེས་པ་ ༢༠ ལྷག་གིས་བཙན་གཡེམ་བྱས།

  1. གཞུང་པ་ཚེ་དབང་བསོད་ནམས་་ཉེh

    གནས་ཚུལ་འདི་ལ་བལྟས་ན་བུ་མོའི་ཕ་མ་གཉིས་ནས་བུ་
    ཕྲུག་བཟོ་ཐུབ་ཙམ་ལས་ཕྲུ་གུར་བལྟ་སྐྱོང་མ་བྱས་པ་གསལ་
    པོ་རེད་འདུག་ན་ཕ་མ་གཉིས་ལའང་ཉེས་པ་གཏོང་དགོས་པ་
    དང་ཉེས་ཅན་ཚོ་ལ་བྱང་ཀོ་རི་ཡའི་ཁྲིམས་ལྟར་
    མི་མང་འདུ་འཛོམས་
    ཐོག་དམར་གསོད་གཏོང་དགོས་པ་ནི་།
    ཉེས་པའི་བུ་ལ་ཉེས་པ་མ་བཏང་ན་།
    བྱེད་པོ་ཐམས་ཅད་ཉེས་པའི་རྒྱུ་ལ་འགྲོ་།
    ཟེར་བ་ནས་ཤེས་ཐུབ་།