གདོང་རས་གྱོན་པར་ཉེས་ཆད་བཅད།

ཌན་མག་རྒྱལ་ཁབ་ནང་ཁ་ཆེ་བུད་མེད་ཀྱིས་གདོང་རས་གྱོན་མི་ཆོག་པའི་སྒྲིག་ཁྲིམས་གཏན་འབེབ་བྱས་པར་ངོ་རྒོལ་བྱུང་བ་མ་ཟད་གདོང་རས་གྱོན་པའི་ཉེས་ཆད་ཐེངས་དང་པོ་གཅོད་དགོས་བྱུང་།

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་༣ཉིན་གྱི་དགོང་མོར། ཌན་མག་(Denmark)རྒྱལ་ཁབ་རྒྱལ་ས་ཁོ་ཕིན་ཧཱ་ཇིན་(Copenhagen)ནས་སྤྱི་ལེ་ ༢༥ ཙམ་གྱི་སར་ཡོད་པའི་གྲོང་འཁྱེར་ཧོར་ཤོ་ལིམ་(Horsholm)གྱི་ནང་དུ། རང་ལོ་ ༢༨ ཡིན་པའི་ཁ་ཆེ་བུད་མེད་ཅིག་གིས་ཡུལ་དེའི་ནང་གསར་དུ་གཏན་འབེབ་བྱུང་བའི་སྒྲིག་ཁྲིམས་དང་འགལ་ཏེ་གདོང་རས་གྱོན་པར་བརྟེན། ཉེན་རྟོག་པས་བུད་མེད་དེ་སྲང་ལམ་ནས་བཀག་སྟེ་ཨ་སྒོར་ ༡༥༦ གིས་ཉེས་ཆད་ཡོད་འདུག

  ཟླ་འདིའི་ཕྱི་ཚེས་ ༡ ཉིན་གྱི་དགོང་མོར་ཌན་མག་གི་རྒྱལ་སའི་ནང་མི་མང་འདུ་འཛོམས་ཀྱིས་སྒྲིག་ཁྲིམས་དེར་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་གདོང་རས་གྱོན་མི་ཆོག་པའི་སྒྲིག་ཁྲིམས་དེ་ནི་བུད་མེད་ཀྱི་ཐོབ་ཐང་ལ་དབྱེ་འབྱེད་ཀྱིས་ཆེད་དུ་ཕོག་ཐུག་བཏང་བ་ཞིག་ཡིན་སྐོར་སྐྱོན་བརྗོད་བྱས་འདུག

ཌན་མག་གི་ཁ་ཆེའི་བུད་མེད་ཚོས་སྲོལ་རྒྱུན་གྱི་གདོང་རས་གྱོན་མི་ཆོག་པའི་སྒྲིག་ཁྲིམས་དེ་འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༣༡ ཉིན་ཡུལ་དེའི་གྲོས་ཚོགས་ནས་གསར་དུ་གཏན་འབེབ་གནང་ཡོད་པ་དང་། ད་ལྟའི་ཆར་ཡུལ་དེའི་ནང་ཁ་ཆེའི་བུད་མེད་ཉུང་ཉུང་ཡིན་པས། གདོང་རས་གྱོན་མི་ཆོག་པའི་སྒྲིག་ཁྲིམས་གསར་པ་དེས་ཁ་ཆེ་སྐྱབས་བཅོལ་བའི་གྲངས་འབོར་ཚོད་འཛིན་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཆེད་དུ་དམིགས་པ་ཞིག་ཡིན་འདུག

ཁ་ཆེ་བུད་མེད་ཚོས་ཁོ་ཚོའི་གདོང་རས་དེ་ནི་སྲོལ་རྒྱུན་གྱི་རིག་གཞུང་དང་། མི་རིགས་ཀྱི་ངོ་བོ་མཚོན་བྱེད་སོགས་སུ་ངོས་འཛིན་བྱེད་ཀྱི་ཡོད་འདུག ས་བྷེ་ན་ཞེས་པའི་ཁ་ཆེ་བུད་མེད་ཅིག་གིས་ངས་ལོ་གཉིས་ཀྱི་གོང་ནས་གདོང་རས་གྱོན་པའི་མགོ་བཙུགས་པ་ཡིན། དུས་དེ་ནས་ང་ལ་རང་ཉིད་དཀོན་མཆོག་དང་ཧ་ཅང་ཐག་ཉེ་བའི་ཚོར་བ་སླེབ་ཀྱི་འདུག ཅེས་བརྗོད་ཡོད་པ་རེད།

ད་ལྟའི་ཆར་ཧྥ་རན་སི་དང་བྷེལ་ཇམ། འཇར་མན། ཨོ་སི་ཊོ་ལི་ཡ་སོགས་རྒྱལ་ཁབ་ཁག་ཅིག་ནས་ཀྱང་ཁ་ཆེ་བུད་མེད་ཀྱིས་གདོང་རས་གྱོན་མི་ཆོག་པ་བཟོས་ཡོད་འདུག་ལ། ཕྱི་ལོ་༢༠༡༧ ལོར་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་བུད་མེད་ཚོས་གདོང་རས་གྱོན་མི་ཆོག་པ་བཟོས་པར་བརྟེན། ཡུ་གུར་གྱི་ས་གནས་ཁག་ཅིག་ཏུ་ཟིང་འཁྲུག་བྱུང་སྟེ་མི་མང་པོས་ཚེ་སྲོག་ཤོར་ཡོད་པ་དང་། བཀག་སྡོམ་དེར་ངོ་རྒོལ་ཆེད་ཡུ་གུར་གྱི་བུད་མེད་ལོ་གཞོན་མང་པོས་ཀྱང་གདོང་རས་གྱོན་པའི་མགོ་བཙུགས་ཏེ། གདོང་རས་གྱོན་པའི་བུད་མེད་ཀྱི་གྲངས་འབོར་མང་དུ་ཕྱིན་ཡོད་པ་དང་སྦྲགས། བཀག་སྡོམ་སྲིད་བྱུས་དེ་མི་རིགས་དབྱེ་འབྱེད་ཀྱི་བྱ་སྤྱོད་ཅིག་ཡིན་པའི་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་འདུག

བསོད་ནམས་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༨/༠༨/༠༤

Leave a Reply

3 thoughts on “གདོང་རས་གྱོན་པར་ཉེས་ཆད་བཅད།

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    འཛམ་གླིང་འདིའི་ནང་མི་རིགས་འདྲ་མིན་མང་པོ་ཡོད་པ་དང་མི་རིགས་སོ་སོར་
    ཕ་མེས་ནས་རྒྱུད་པའི་སྐད་ཡིག་དང་རིག་གཞུང་ཆས་གོས་སོགས་མི་འདྲ་བ་མང་
    པོ་ཡོད་པ་དེ་དག་ཕྱིའི་གནོན་ཤུགས་འོག་ནས་ནམ་ཡང་རྩ་མེད་བཟོ་མི་ཉན་པ་ནི་
    འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་ཡོངས་ཁྱབ་གསལ་བསྒྲགས་གནང་བའི་
    གཞི་རིམ་འགྲོ་བ་མིའི་ཐོབ་ཐང་གི་ཆ་ཤས་ཤིག་ཡིན་པའི་ངོས་འཛིན་ཡང་ཞུ་གི་ཡོད་།

  2. གང་ལྟར་འཇིགས་སྐུལ་རིང་ལུགས་འབྱུང་ས་ཁ་ཆེའི་ནང་ཡིན་པས་།རྒྱལ་ཁབ་ཞིག་གི་མི་དམངས་ཀྱི་བདེ་འཇགས་ཆེད་དེ་འདྲའི་བྱེད་འོས་པ་ཞིག་རེད།

  3. སྲས་སྐུ་ངོ་།

    གདོང་རས་གྱོན་པའི་ཁ་ཆེ་ཡི་བུད་མེད་ཚོ་ངོ་མ་མཛེས་མ་འདུག དེ་ཚོ་མཐོང་ན་ངའི་བུ་ཆུང་ལངས་ཀྱི་འདུག གདོང་རས་གྱོན་པའི་བུད་མེད་ཚོའི་མཛེས་ཉམས་དང་འཛུམ་མདངས་སོགས་གཞན་གྱི་མིག་གིས་ལོངས་སྤྱོད་བྱེད་ཡུལ་ཡིན་པས་གཞན་གྱི་མཐོང་ཆོག་པའི་རང་དབང་རྩིས་མེད་བཏང་མ་རེད་དམ། འདུག

    ཁ་ཆེ་བུད་མེད་ཚོས་རང་ཉིད་ཀྱི་གདོང་པ་སྙིང་རྗེ་བོ་དེ་གཞན་ལ་ཅི་ཕྱིར་སྟོན་འདོད་མེད་པ་རེད། གདོང་རུས་གྱོན་པ་ལུགས་སྲོལ་ནི་ཁ་ཆེ་ཆོས་དཔོན་ཨ་ལཱ་ཡི་ངན་ཇུས་ཁོ་ན་ཡིན། ཁ་ཆེའི་ཆོས་དཔེ་ནང་དུ་བུད་མེད་ཀྱི་ལུས་ཕུང་ནི་མུ་ཏིག་ཡིན་པས་དེའི་འོད་སྣང་གཞན་ལ་འཕྲོ་སྟོན་བྱེད་མི་སྙམ་པ་དང་དེ་ལྟར་བྱེད་ཚེ་རྐུན་ཇག་གིས་བྱེད་སྲིད་པས། གདོང་རས་ནག་པོ་གྱོན་པ་དང་རས་ནག་གྱོན་ན་འོད་སྣང་གཞན་ལ་མི་འཕྲོ་བའི་དགེ་མཚན་ཡོད་པར་བཤད།