༧གོང་ས་མཆོག་བཞུཊ་སྒར་དུ་ཕེབས།

དེ་རིང་ཉིན་གུང་ཆུ་ཚོད་ ༡།༡༠ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་དབུས་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་གི་ཕེབས་བསུའི་ཁྲོད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱིར་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་བཀོད་སོང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ལ་དྭགས་ཁུལ་གྱི་ཟླ་གཅིག་རིང་གི་མཛད་འཕྲིན་རྣམས་ལེགས་པར་གྲུབ་རྗེས་རྒྱལ་ས་ལྡི་ལི་དང་། རྒྱ་གར་ལྷོ་ཕྱོགས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཡོད་པ་དང་། དེ་རིང་ཉིན་གུང་ཆུ་ཚོད་ ༠༡།༡༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པའི་དབུས་བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་གི་ཕེབས་བསུའི་ཁྲོད། གྷ་གྷུལ་གནམ་ཐང་བརྒྱུད་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་བཀོད་སོང་།

སྐུ་སྒེར་དྲ་བའི་མཛད་འཆར་ལྟར་ན། ཕྱི་ཟླ་ ༩ ཚེས་ ༤ ནས་ ༧ བར་ཉིན་བཞིའི་རིང་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཨིན་རྡི་ནེ་ཤིས་ཡ་དང་ཀོ་རི་ཡ། མཱ་ལེ་ཤི་ཡ། སིངྒ་པོར། ཐའེ་ལན་ཊི། ཝེ་ཏི་ནམ་སོགས་ཚུད་པའི་ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བར་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་བའི་འགྲེལ་བ་བུདྡྷ་པཱ་ལི་ཏའི་གསུང་ཆོས་འཕྲོ་སྐྱོང་མཛད་རྒྱུ་དང་། ཟླ་དེའི་ཕྱི་ཚེས་ ༡༢ ཉིན་སུད་སི་མལ་མོ་གྲོང་ཁྱེར་དུ་བདེ་སྐྱིད་ཀྱི་ཐབས་དང་ཞི་བདེ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ། དེ་བཞིན། ཕྱི་ཚེས་ ༡༦ ཉིན་སུད་སིའི་(Stichting Bezoek Zijne Heiligheid Dalai Lama)ཚོགས་པར་དཀའ་རྙོག་ཆེ་བའི་འཛམ་གླིང་ནང་ཅིའི་ཕྱིར་སྙིང་རྗེ་དགོས་གལ་ཆེ་བ་ཡིན་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་བསྐྱང་འཆར་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༨/༡༤

Leave a Reply

5 thoughts on “༧གོང་ས་མཆོག་བཞུཊ་སྒར་དུ་ཕེབས།

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    Dalia lama .com ཟེར་བ་དེ་སྐུ་སྒེར་ལ་གོ་དགོས་པ་
    རེད་དམ་དགའ་ལྡན་ཕོ་བྲང་ལ་གོ་དགོས་པ་རེད་གསལ་བཤད་
    གནང་དང་།