གནའ་རྫས་བརྐུས་པའི་ནག་ཉེས་ཕོཊ།

མཚོ་སྔོན་ཞིང་ཆེན་ནང་ཡོད་པའི་ཐང་རྒྱལ་རབས་སྐབས་ཀྱི་བང་སོའི་གནའ་རྫས་བརྐུས་པའི་དོགས་གཞིའི་འོག་མི་ ༢༦ འཛིན་བཟུང་བྱས་ཡོད་འདུག

ཁ་སང་ཕྱི་ཚེས་༡༩ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ནུབ་བྱང་མཚམས་སུ་ཡོད་པའི་དར་གོས་ཚོང་ལམ་གྱི་ཐང་རྒྱལ་རབས་སྐབས་ཀྱི་དྷུ་ལན་བང་སོ་(Dulan Tombs) བསྔོགས་ཏེ། གསེར་དངུལ་གྱི་རྒྱན་ཆ་སོགས་ཚུད་པའི་གནའ་རྫས་ ༦༥༠ ཙམ་རྐུ་འཁྱེར་བྱས་པའི་དོགས་གཞིའི་འོག མི་ ༢༦ འཛིན་བཟུང་བྱས་ཏེ་འདྲི་རྩད་བྱེད་བཞིན་ཡོད་འདུག

གནས་ཚུལ་དེའི་སྐོར་ལ་རྒྱ་ནག་མི་མང་བདེ་སྲུང་ལྷན་ཁང་ཟེར་བ་ཞིག་གིས་གིས་གནའ་རྫས་དེ་དག་ནི་དུས་རབས་བདུན་པའི་རྒྱལ་པོའི་བང་སོར་བཞག་པའི་རིན་པོ་ཆེ་རྐྱང་རྐྱང་ཡིན་པ་དང་། ཇག་རྐུན་གྱིས་ཨ་སྒོར་ས་ཡ་ ༡༡ བྱས་ནས་བཙོང་ཐབས་བྱས་ཡོད་སྐོར་བསྒྲགས་འདུག

ཕྱི་ལོ་༡༩༨༢ ནས་བཟུང་བང་སོ་དེ་དག་གི་ནང་ནས་གསེར་དངུལ་དང་དར་གོས་ལི་མ་སོགས་གནའ་རྫས་ ༢༠༠༠ ལྷག་རྙེད་ཡོད་པ་དང་། ཆེད་མཁས་པས་གནའ་རྫས་དེ་དག་ཁྲོད་ཀྱི་མང་པོ་ཞིག་གིས་ཕྱི་ལོ་༦༡༨ ནས་༩༠༧ ལོའི་ཐང་རྒྱལ་རབས་སྐབས་ཀྱི་ཤར་ནུབ་རིག་གཞུང་བརྗེ་རེས་མཚོན་ཐུབ་སྐོར་བརྗོད་འདུག་ལ། རྒྱ་ནག་གཞུང་ཕྱོགས་ནས་གནའ་བོའི་ཤུལ་རྫས་ལ་སྲུང་སྐྱོབ་ལེགས་པོ་ཡོང་ཆེད་ལྟ་ཞིབ་ནན་པོ་བྱས་ཏེ་གནའ་རྫས་རྐུ་མཁན་ཚོ་མུ་མཐུད་འཛིན་བཟུང་བཀག་ཉར་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

བསོད་ནམས་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༨/༠༨/༢༠

Leave a Reply