མཁས་དབང་ནམ་མཁའི་ནོར་བུ་མཆོག་སྐུ་གྲོངས་མི་འདུག

མཁས་དབང་ནམ་མཁའི་ནོར་བུ་མཆོག་གི་ཞབས་ཞུ་བ་ཞིག་གིས་རིན་པོ་ཆེ་མཆོག་སྙུང་གཞི་མང་པོ་ཞིག་གིས་ཨེ་ཊ་ལི་ཡི་སྨན་ཁང་ཞིག་ཏུ་སྨན་བཅོས་གནང་བཞིན་ཡོད་ཀྱང་གནས་སྟངས་ཁག་པོ་ཆགས་ཡོད་སྐོར་གསུངས་བྱུང་།

འདི་གའི་གསར་ཁང་ནས་མཁས་དབང་ནམ་མཁའི་ནོར་བུ་རིན་པོ་ཆེ་མཆོག་གི་ཞབས་ཞུ་བ་མིག་དམར་ཚེ་རིང་ལགས་སུ་ཐད་ཀར་ཞལ་པར་ཕུལ་ཏེ། རིན་པོ་ཆེ་མཆོག་གི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། རིན་པོ་ཆེ་མཆོག་སྙུང་གཞི་མང་པོ་ཞིག་གིས་ད་ལྟ་ཨེ་ཊ་ལི་ཡི་སྨན་ཁང་ཞིག་ཏུ་བཞུགས་ཡོད་པ་དང་། སྨན་ཁང་ནས་གང་དྲག་དྲག་གནང་བཞིན་ཡོད་ཀྱང་གནས་སྟངས་ཁག་པོ་འདྲ་ཆགས་བསྡད་ཡོད་པ་དང་། ད་ལྟ་རིན་པོ་ཆེ་མཆོག་གི་ནང་མི་སོགས་ཚང་མ་འཛོམས་ནས་སྒུག་བསྡད་ཡོད། ཅེས་གསུངས་བྱུང་།

དེ་རིང་ཞོགས་པར་འདི་གའི་གསར་ཁང་གི་སྤྱི་ཚོགས་དྲ་དེབ་(tibet times )ཐོག་རིན་པོ་ཆེ་མཆོག་གི་སྐུ་པར་བཅས་ཁོང་སྐུ་གྲོངས་ཚར་བའི་གནས་ཚུལ་ཞིག་སྤེལ་བ་དེ་ནོར་འདུག་པས། རིན་པོ་ཆེ་མཆོག་གི་ནང་མི་དང་སློབ་ཚོགས་གཙོ་བོར་གྱུར་བའི་འབྲེལ་བ་ཡོད་མེད་ཡོངས་ལ་དགོངས་སེལ་ཞུ་ཞུ།

པདྨ་མཚོས།

བསྐྱར་བཅོས།: ༢༠༡༨/༠༩/༡༧

Leave a Reply

2 thoughts on “མཁས་དབང་ནམ་མཁའི་ནོར་བུ་མཆོག་སྐུ་གྲོངས་མི་འདུག

  1. ༄༅། གནས་ཚུལ་ཡག་པོ་ཁུངས་དག་མ་ཤེས་གོང་ལ་གང་བྱུང་མ་ཤོད།
    དང་པོ་དངོས་གནས་གང་ཡིན་མིན་ངེས་པར་དཔྱད་པ་བྱེད་དགོས།
    གང་བྱུང་མང་བྱུང་བཤད་ན་རིན་ཐང་མེད་པ་ཆགས་ཀྱི་རེད།

  2. བཀའ་དྲིན་ཆེ་གཏམ་བཟང་རེད། དངོས་ཡོད་བོད་མི་རིགས་ཀྱི་མཁས་དབང་ཞེས་འབོད་ཆོག་ཆོག་ཡིན། གང་ལྟར་ཁོང་སྐུ་ཚེ་བརྟན་ན་འདི་ནོར་བུ་རེད་ཡིན།