མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

བོད་ཀྱི་དུས་བབ།
༢༠༢༦/༠༧/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།

ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།

དེ་རིང་ཕྱི་ཚེས་ ༢༠ ཉིན་ཨ་རིའི་ནེའུ་ཇར་སི་རུ་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་ཚོགས་དེ་བསྡུས་ཡོད་ཅིང་། ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་ཨར་ཇིན་ཊི་ན་དང་། ཡུ་རོབ་ཀྱི་སི་པེན་རྒྱལ་གཉིས་བར་ཐོག་མའི་དུས་ཡུན་སྐར་མ་ ༩༠ རྩེད་འགྲན་ནང་འདྲ་མཉམ་ཆགས་ནས། ཐེངས་གཉིས་ལ་སྐར་མ་ ༡༥ རེ་ཕྱིར་འགྱངས་བྱས་ཏེ་ཁྱོན་སྐར་མ་ ༡༢༠ རིང་རྟིང་རྩོད་བྱས་མཐར། སི་པེན་གྱིས་སྤོ་ལོ་གཅིག་བླུགས་ནས། འདི་ལོའི་གསེར་གྱི་བུམ་པ་དེ་སི་པེན་གྱིས་བཀྱགས་སོང་།  དེ་ནི་སི་པེན་རྒྱལ་ཁབ་ཀྱིས་ཕྱི་ལོ་༢༠༡༠ རྗེས་གསེར་གྱི་བུམ་པ་བཀྱགས་ཐེངས་དང་པོར་གྱུར།

འདི་ལོའི་རྩེད་འགྲན་ཁྲོད་སི་པེན་གྱི་རུ་དཔོན་རོ་དྷུ་ (Rodri) ལགས་ལ་རྩེད་འགྲན་པ་ཡག་ཤོས་ཀྱི་གསེར་གྱི་སྤོ་ལོའི ( golden ball) བྱ་དགའ་ཐོབ་ཡོད་པ་དང་། དེ་བཞིན་སི་པེན་གྱི་སྒོ་ར་བ་སི་མན་( unai Simon )ལ་གསེར་གྱི་ལག་ཤུབ་ (golden gloves)། དེ་བཞིན་སི་པེན་གྱི་འགོག་སྲུང་རྩེད་འགྲན་པ་ཀ་བྷར་སི( Cubarsi) ལ་ལོ་ཆུང་རྩེད་འགྲན་པ་ཡག་ཤོས་ཀྱི་བྱ་དགའ་ཐོབ་ཡོད་པ་རེད་འདུག

ཧྥི་ཧྥ་རྩེད་འགྲན་ཕྱི་ལོ ༡༩༣༠ ལོར་མགོ་བརྩམས་པ་ནས་བཟུང་ད་བར་གྱི་རྩེད་འགྲན་ཁྲོད། བྷི་རཱ་ཛིལ  (Brazil ) གྱིས་གསེར་གྱི་རྟགས་མ་ཐེངས་ ༥ བཀྱགས་ཡོད་པ་དང་། འཇར་མ་ནི( Germany) དང་( Italy )ཡིས་ཐེངས་ ༤ རེ། ཡུ་རུ་གྷེ་ཡ( Uruguary)དང་ཧྥ་རན་སི་ ༢ རེ། ཨར་ཇིན་ཊི་ན་ཡིས་ཐེངས་ ༣ ཆགས་ཡོད་པ་རེད་ལ། འདི་ལོར་ལོའི་འཛམ་གླིང་རྐང་སྤོལ་རྩེད་འགྲན་དེ་བྱང་ཨ་རི་དང་། ཁེ་ན་ཊ། མེ་སི་ཁོ་(Mexico)བཅས་རྒྱལ་ཁབ་གསུམ་གྱིས་མཉམ་དུ་གོ་སྒྲིག་བྱས་འདུག

གྲགས་ཆེ་བའི་རྐང་རྩེད་སྤོ་ལོའི་འགྲན་ཚོགས་དེ་ནི་ཕྱི་ལོ་ ༡༩༣༠ ལོར་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་ཡུ་གྷེ་རུ་ ( Uruguay ) རུ་ཐོག་མའི་ས་བོན་འབུས། དེ་ནས་བཟུང་ལོ་བཞི་རེའི་མཚམས་སུ་ལོ་ལྟར་རྩེད་འགྲན་དེ་བསྡུ་འཆར་ཡོད་ཀྱང་། འཛམ་གླིང་དམག་ཆེན་གཉིས་པའི་རྐྱེན་གྱིས་ཕྱི་ལོ་ ༡༩༤༢ དང་ ༡༩༤༦ གཉིས་སུ་རྩེད་འགྲན་བསྡུས་མེད་ཀྱང་། ཕྱི་ལོ ༡༩༥༠ ལོར་ལྷོ་མེ་རི་ཁའི་བྷི་རཱ་ཛིལ ( Brazil ) གྱིས་རྩེད་འགྲན་གོ་སྒྲིག་བྱས་རྗེས། ད་བར་ལོ་བཞི་རེའི་མཚམས་སུ་གཅིག་ཀྱང་མ་ཆད་པར་ལུ་གུ་རྒྱུད་དུ་བསྡུས་ཡོད་དེ། ཡུ་རོབ་ཀྱི་རྒྱལ་ཁབ་ཧྥ་རན་སི  ( France ) དང་འཇར་མི་ནི་(Germany ) ཨི་ཊ་ལི (Italy ) བཅས་ཀྱིས་ཐེངས་གཉིས་རེར་རྩེད་འགྲན་གོ་སྒྲིག་བྱས་འདུག  དེ་བཞིན་སི་པེན( Spain ) དང་དབྱིན་ཡུལ། ཨར་ཇིན་ཊི་ན་( Argentina )  སོགས་ཀྱིས་ཐེངས་གཅིག་རེར་གོ་སྒྲིག་བྱས་འདུག ལྷག་པར་དུ་ཕྱི་ལོ་ ༢༠༠༢ ལོའི་རྩེད་འགྲན་དེ་ཉི་ཧོང་དང་ལྷོ་ཀོ་རི་ཡར་འཚོགས་ཡོད་ཅིང་། དེ་ནི་ཨེ་ཤ་ཡའི་ནང་དུ་རྒྱལ་སྤྱིའི་སྐྱེས་པའི་རྐང་སྤོལ་འགྲན་ཚོགས་བསྡུ་ཐེངས་དང་པོར་གྱུར་ཡོད་འདུག་ལ། ཕྱི་ལོ་ ༢༠༢༢ རྩེད་འགྲན་ཐེངས་ ༢༢ པ་དེ་ཨེ་ཤ་ཡའི་ཁོ་ཊར་རྒྱལ་ཁབ་ཏུ་འཚོགས་ཡོད་ཅིང་། དེ་ནི་ཨེ་ཤ་ཡའི་ནང་བསྡུ་ཐེངས་གཉིས་པ་དེ་ཆགས་ཡོད་པ་རེད་འདུག་ལ། ཧྥི་ཧྥ་རྐང་སྤོལ་རྩེད་འགྲན་ནི་གོ་ལ་ཡོངས་ཀྱི་རྐང་སྤོལ་རྩེད་འགྲན་གྱི་སྡིངས་ཆ་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། 

ཕྱི་ལོ ༢༠༢༢ ལོར་ཁོ་ཊར་དུ་འཚོགས་པའི་རྩེད་འགྲན་ཁྲོད། རྩེད་རིགས་དབྱེ་ཞིབ་པ་མང་པོ་ཞིག་གིས། ཐོག་མའི་རྩེད་འགྲན་གྱི་རིམ་པ་དང་།   རྩེད་འགྲན་པ་རྣམས་ཀྱི་ནུས་རྩལ་དང་དྲག་འདེམས་ཀྱི་རིམ་པ། རུ་ཁག་གི་སྤྱི་ཡོངས་ཀྱི་རྩེད་འགྲན་པ་རྣམས་ལ་གཞིགས་ནས།  ལོ་དེའི་རྒྱལ་སྤྱིའི་ཧྥི་ཧྥ་གསེར་གྱི་རྟགས་མ་དེ། ཧྥ་རན་སི་ ( France )དང་། བྷི་རཱ་ཛིལ  (Brazil ) འཇར་མ་ནི( Germany) སི་པེན (Spain) ཨར་ཇིན་ཊི་ན( Argentina) དབྱིན་ཡུལ་གང་རུང་ཞིག་ལ་འཐོབ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་། མཐར་རྣོ་ངར་ལྡན་པའི་རྩེད་འགྲན་གྱི་ཁྲོད་ནས་ཨར་ཇིན་ཊི་ནས་འཛམ་གླིང་རྐང་སྤོལ་གྱི་གསེར་གྱི་བུམ་པ་དེ་བཀྱགས་ཡོད་ཅིང་། ད་ལོའང་རྩེད་རིགས་དབྱེ་ཞིབ་རྣམས་ཀྱིས་དབྱེ་ཞིབ་དང་ཚོད་དཔག་མང་དག་ཅིག་བྱས་ཡོད་ཀྱང་། མཐར་སི་པེན་རྒྱལ་ཁབ་ཀྱིས་གསེར་བུམ་བཀྱགས་ནས་འཛམ་གླིང་ཡོངས་སུ་སྐད་གྲགས་བཞག་སོང་།

ཧྥི་ཧྥ་རྩེད་འགྲན་ཕྱི་ལོ ༡༩༣༠ ལོར་མགོ་བརྩམས་པ་ནས་བཟུང་ད་བར་གྱི་རྩེད་འགྲན་ནང་། བྷི་རཱ་ཛིལ  (Brazil ) གྱིས་གསེར་གྱི་རྟགས་མ་ཐེངས་ ༥ བཀྱགས་ཡོད་པ་དང་། འཇར་མ་ནི( Germany) དང་( Italy ) ཡིས་ཐེངས་ ༤ རེ། ཨར་ཇན་ཊི་ན་ཐེངས་ ༣ ། ཡུ་རུ་གྷེ་ཡ( Uruguary) ཧྥ་རན་སི་གཉིས་ཀྱིས་ཐེངས་ ༢  རེར་བཀྱགས་ཡོད་འདུག 

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
Mobile App

བལ་གཞུང་གིས་བཀག་སྡོམ་བྱས་པའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་བདུན་པ་དྲ་ལམ་དུ་འཚོགས་འདུག

ཆུ་ཚོད་ ༡༨ སྔོན་ལ།
མ་རྩོམ་ཐོག་འཁོད་པའི་རྩོམ་པ་པོའི་པར།
Mobile App

ཞི་ཅིན་ཕིང་གི་དུས་སྐབས་ཀྱི་བོད་ནང་གི་གཉའ་གནོན་ནི་མུན་ནག་གི་ས་མཚམས་ཤིག་ཡིན།

ཆུ་ཚོད་ ༢༠ སྔོན་ལ།
TT
Mobile App

རྒྱ་ནག་གཞུང་གིས་བདེ་ཆེན་རྫོང་དེ་ས་གནས་གཞན་ལ་གནས་སྤོ་བཞིན་འདུག

༢༠༢༦/༠༨/༢༨
ཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཀྱི་ཚོགས་འདུ་ཐེངས་ ༨ པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༨
Mobile App

བཙན་བྱོལ་བོད་མིའི་འཕྲོད་བསྟེན་སློབ་སྟོན་ཚོགས་ཆུང་གསར་འཛུགས་གནང་།

༢༠༢༦/༠༨/༢༨
Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་བྱེད་གལ་ཆེ་སྐོར་གསུངས།

༢༠༢༦/༠༨/༢༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

༢༠༢༦/༠༨/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese