བཀའ་བློན་འོས་འདེམས་ཀྱི་གནད་དོན་གཙང་མ་མ་ཆགས་བར་དུ་ངོས་བཞེས་གནང་ཐབས་མེད།

བསྐྱར་བཅོས།: ༢༠༡༩/༠༤/༠༤

Leave a Reply

7 thoughts on “བཀའ་བློན་འོས་འདེམས་ཀྱི་གནད་དོན་གཙང་མ་མ་ཆགས་བར་དུ་ངོས་བཞེས་གནང་ཐབས་མེད།

  1. བཙན་བྱོལ་བོད་མིའི་ཁྲིམས་ལུགས་འགྲོ་སྟངས་མི་ཤེས་པའི་ཁྲིམས་ཞིབ་ཁང་གི་ལས་བྱེད་ཚོ་རྩ་དགོངས་ཞུས་ཤིག ང་ཚོ་ལ་ཁྱེད་ཚོ་ལྟ་བུ་ཞིག་དགོས་པ་མི་འདུག

  2. གཙང་པ་ཨོ་ལོ།

    ཁྲིམས་ཞིབ་ཁང་གི་ལས་བྱེད་དེ་ཚོ་དགོས་སར་ཆད་མི་དགོས་ས་ལྷག་ཟེར་བའི་དཔེ་ལྟར། མི་དགོས་པ་རྐྱང་རྐྱང་ཞིག་བྱེད་གི་འདུག

  3. འབྲོག་མྱི།

    ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་དང་ཁྲིམས་དྲུང་ཚང་མར་ཁྲིམས་ཀྱི་འགྲོ་ལུགས་འགྲོ་སྟངས་ཟབ་སྦྱོང་ཞིག་སྤྲོད་གལ་ཆེ་བར་མཐོང་། གཞན་དེ་ཚོས་མི་དགོས་པར་རྙོག་དྲང་རྐྱང་སློང་ནས་འདུག་གི།

  4. དོན་ཚན་ཉེར་གཉིས་པ། བཀའ་བློན་གྱི་འོས་འདེམས།

    འདེམས་ཐོན་ཐོག་དམ་འབུལ་ཟིན་པའི་སྲིད་སྐྱོང་དེས་རང་གི་བཀའ་ཤག་ལྷན་ཚོགས་སུ་བཀའ་བློན་ཇི་དགོས་མང་མཐའ་བདུན་ལས་མ་བརྒལ་བའི་མི་འགྲོའི་མིང་དང་ལོ་རྒྱུས་བཅའ་ཁྲིམས་དོན་ཚན་ ༢༡ པར་གསལ་བའི་འོས་ཆོས་ཚང་ལུགས་བཅས་སྤྱི་འཐུས་ལྷན་ཚོགས་སུ་གསལ་བཤད་དང་སྦྲགས་འབུལ་རྒྱུ་དང༌། དེའི་ཐོག་སྤྱི་མོས་བྱུང་ན་སྨོས་མེད། མ་བྱུང་ཚེ་སྤྱི་མོས་མ་བྱུང་བའི་འོས་གཞི་སོ་སོའི་ཐོག་༼ངོ་ཡོད་སྤྱི་འཐུས་ཡོངས་རྫོགས་ཀྱིས་གསང་བའི་འོས་ཤོག་འཕངས་ཏེ་འོས་འདེམས་བྱེད་དགོས། ངོ་ཡོད་སྤྱི་འཐུས་ཀྱི་བརྒྱ་ཆ་ལྔ་བཅུ་ལས་མ་ཉུང་བའི་འོས་ཤོག་ཐོབ་ན་བཀའ་བློན་དུ་འོས་ཐོན་གསལ་བསྒྲགས་བྱ་རྒྱུ།༽ གྲོས་ཚོགས་སུ་སྤྱི་མོས་སམ་མང་མོས་ཐོན་པའི་རིགས་ལ་སྲིད་སྐྱོང་གིས་བཀའ་བློན་དུ་བསྐོ་གཞག་བྱ་རྒྱུ། སྲིད་སྐྱོང་གིས་བཏོན་པའི་འོས་གཞི་ཡོངས་རྫོགས་སམ་གང་རུང་ལ་མང་མོས་མ་ཐོབ་ཚེ་འོས་གཞི་གསར་པ་སྲིད་སྐྱོང་གིས་གོང་བཞིན་སྤྱི་འཐུས་ལྷན་ཚོགས་སུ་འབུལ་རྒྱུ།
    ངོ་ཡོད་ཀྱི་གྲངས་ཚད་ནང་ཚོགས་གཙོ་འཚུད་ཀྱི་ཡོད་ན་བརྒྱ་ཆ་ ༤༨།༨༨ རེད་འདུག་གོ