མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་འཛམ་གླིང་རྒྱལ་ཁབ་ ༡༨༠ ནང་གི་སྡུག་ཤོས་བཞི་པ་དེ་ཆགས་འདུག

བོད་ཀྱི་དུས་བབ།
༢༠༡༩/༠༤/༡༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ནང་གི་གསར་འགོད་རང་དབང་གི་གནས་སྟངས་ན་ནིང་ལས་སྡུག་ཏུ་ཕྱིན་ཏེ་རྒྱ་ནག་ཚུད་པའི་རྒྱལ་ཁབ་ ༡༡ འཛམ་གླིང་གི་གསར་འགོད་རང་དབང་ཛ་དྲག་ཆེ་ཤོས་ཀྱི་ཐོ་གཞུང་ནང་བཅུག་འདུག

ཁ་སང་ཕྱི་ཚེས་ ༡༨ ཉིན་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༨ ལོའི་འཛམ་གླིང་གི་རྒྱལ་ཁབ་ ༡༨༠ ཡི་གསར་འགོད་རང་དབང་ཐད་ཞིབ་འཇུག་བྱས་པའི་སྙན་ཐོ་ཞིག་བཏོན་པའི་ནང་། རྒྱ་ནག་ནང་གི་གསར་འགོད་རང་དབང་ནི་སི་རི་ཡ་ལས་ཀྱང་སྡུག་ཏུ་ཕྱིན་ཏེ་སྡུག་ཤོས་ཨང་བཞི་པ་དེ་ཆགས་ཡོད་པ་དང་། འདས་ལོ་ལས་ཀྱང་གསར་འགོད་རང་དབང་སྡུག་ཏུ་ཕྱིན་ཡོད་པ་བསྒྲགས་འདུག

སྙན་ཐོ་དེའི་ནང་ཕྱི་ལོ་ ༢༠༡༨ ལོར་གསར་འགོད་རང་དབང་ཆེ་ཤོས་ཀྱི་རྒྱལ་ཁབ་ནི་ནོར་ཝེ་ཡིན་པ་དང་། དེའི་རྗེས་ཧྥིན་ལན་ཌི་ (Finland) དང་སི་ཝེ་ཌན་ (Sweden) ། དེ་བཞིན་ནེ་ཐར་ལན་ཌི་ (Netherlands) དང་ཌེན་མག་ (Denmark) བཅས་ཡིན་འདུག་ལ། འཛམ་གླིང་གི་གསར་འགོད་རང་དབང་སྡུག་ཤོས་དང་པོ་ཏུར་མེན་སི་ཐན་ (Turkmenistan) ཡིན་པ་དང་། གཉིས་པ་བྱང་ཀོ་རི་ཡ། གསུམ་པ་ཨེ་རི་ཏི་ཡ་ (Eritrea) ། བཞི་པ་རྒྱ་ནག ལྔ་པ་ཝེ་ཐི་ནམ་ (Vietnam)། དྲུག་པ་སུའུ་ཌན་ (Sudan) དང་བདུན་པ་སི་རི་ཡ་ (Syria) བཅས་ཡིན་པ་དང་། རྒྱ་ནག་ཚུད་པའི་རྒྱལ་ཁབ་ ༡༡ འཛམ་གླིང་གི་གསར་འགོད་རང་དབང་ཛ་དྲག་ཆེ་ཤོས་ཀྱི་ཐོ་གཞུང་ནང་བཞག་འདུག

མཐུན་ཚོགས་དེའི་སྙན་ཐོའི་དཔྱད་བརྗོད་ནང་། ནོར་ཝེ་ནི་བསྟུད་མར་ལོ་ ༣ རིང་འཛམ་གླིང་གི་གསར་འགོད་རང་དབང་ཆེ་ཤོས་ཆགས་ཡོད་པ་དང་། ཧྥིན་ལན་ཌི་འདས་ལོ་ལས་རིམ་པ་གཉིས་ཡར་འཕར་ཏེ་རང་དབང་ཆེ་ཤོས་ཨང་ ༢ པ་ཆགས་ཡོད་པ། དེ་བཞིན་ཨ་ཧྥེ་རི་ཀའི་ནང་ཨི་ཐོ་པི་ཡ་ (Ethiopia) ཡི་གསར་འགོད་རང་དབང་གི་ཚད་རིམ་ ༤༠ འཕར་ཏེ་ཨང་ ༡༡༠ ཡིན་པ་དང་། གྷམ་བྷི་ཡ་ (Gambia ) ཚད་རིམ་ ༣༠ འཕར་ཏེ་ཨང་ ༩༢ པ་དེ་ཆགས་ཡོད་ནའང་། གཅིག་སྡུད་རིང་ལུགས་ཀྱི་གཞུང་སྟེ་ཝེ་ནེ་ཛུ་ལ་ (Venezuela) དང་ཨུ་རུ་སུ་སོགས་ཀྱི་གསར་འགོད་རང་དབང་གི་གནས་སྟངས་འདས་ལོ་ལས་སྡུག་དུ་ཕྱིན་པ་མ་ཟད། རྒྱ་ནག་གི་གནས་སྟངས་སྡུག་དུ་ཕྱིན་ཏེ་ཚད་རིམ་གཅིག་མར་ལྷུང་ཡོད་པ་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༦ ཉིན།  རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་རྒྱ་ནག་གི་དྲིལ་བསྒྲགས་རྫུན་མས་འཛམ་གླིང་གི་གསར་འགོད་རང་དབང་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་པའི་སྐོར་ལ་སྙན་ཐོ་ཞིག་བཏོན་ཡོད་པའི་ནང་། འདས་ལོར་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་འཕྲུལ་མི་གསར་འགྱུར་སྙན་སྒྲོན་པ་བཞག་སྟེ། དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ཁག་དབྱིན་ཡིག་ནང་ཁྱབ་བརྡལ་གཏོང་གི་ཡོད་པ་དང་། དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་དུ་རྒྱ་ནག་གིས་མི་ ༩༠ ལྷག་གླས་ཏེ། རྒྱ་ནག་དབུས་བརྙན་འཕྲིན་ཁང་གི་ཡན་ལག་གསར་ཁང་ (CGTN) ཟེར་བ་ཞིག་འཛུགས་རྩིས་བྱས་ཡོད་པར་བརྟེན། པི་ཊར་ཧམ་ཧྥི་རེ་ (Peter Humphrey) ཟེར་བའི་དབྱིན་ཡུལ་གསར་འཕྲིན་སྒྲིག་ལམ་ཉམས་ཞིབ་པ་ཞིག་གིས། རྒྱ་ནག་དབུས་བརྙན་འཕྲིན་ཁང་གིས་ཡུལ་ཁྲིམས་ལས་བརྒལ་བའི་དྲིལ་བསྒྲགས་ཀྱི་ལས་རིགས་སྤེལ་གྱི་ཡོད་པའི་སྐྱོན་བརྗོད་བྱས་རྐྱེན། རྒྱ་ནག་གཞུང་ནས་ཁོང་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་སྤྲད་དེ་ཁྲིམས་གཏུག་བྱས་པ་དང་། རིམ་བཞིན་བཙན་གྱིས་ནོར་འཁྲུལ་ཡིན་པར་ངོས་ལེན་བྱེད་དུ་བཅུག་ཡོད། ཅེས་བཀོད་ཡོད་པ་མ་ཟད། ཡང་སྙན་ཐོ་དེའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ནི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། གསར་འགོད་རང་དབང་། དེ་བཞིན། འཇིག་རྟེན་ཀུན་ཁྱབ་རིན་ཐང་སོགས་ཀྱི་དགྲ་བོ་ཡིན་ཞེས་བརྗོད་ཡོད་པ་རེད།ཡང་སྙན་ཐོ་དེའི་ནང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་གསར་འགྱུར་དང་གནས་ཚུལ། རྒྱ་ནག་གི་མི་སེར་རྣམས་ལ་དྲ་ཐོག་ནས་ལྟ་རྟོག་ནན་མོ་བྱས་པའི་འོག འཕྲུལ་རིག་གསར་པ་ལ་བརྟེན་ནས་རང་ཉིད་སྤྱི་ཚོགས་ཀྱི་མིག་དཔེར་འོས་པའི་མི་སྣ་ཞིག་ཏུ་བསྐྲུན་ཐབས་བྱེད་ཀྱི་ཡོད་ལ། དེ་དང་བསྟུན་ནས་རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ནས་ཕྱིའི་རྒྱལ་ཁབ་ཁག་ཏུ་གོ་ལའི་གནས་ཚུལ་སྒྲིག་ཁྲིམས་གསར་པ་ (New World Media Order) དར་སྤེལ་གཏོང་ཐབས་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གི་གཞུང་འབྲེལ་དང་སྒེར་བའི་གསར་ཁང་ཁག་དམར་ཤོག་གཞུང་གི་ལྟ་རྟོག་ནན་མོའི་འོག་ཡོད་པ་མ་ཟད། རྒྱ་ནག་ནང་གི་ཕྱིའི་གསར་འགོད་པར་ཡུལ་དངོས་སུ་དཀའ་ཁག་ཆེ་ནས་ཆེ་རུ་འཕྲད་ཀྱི་ཡོད་པ། དེ་བཞིན་ད་ལྟ་རྒྱ་ནག་གཞུང་གི་བཀག་ཉར་འོག་ཡོད་པའི་གསར་འགོད་པ་དང་དྲ་ཐོག་ཟིན་བྲིས་བ་མི་གྲངས་ ༦༠ ལྷག་སྲོག་ཉེན་གྱི་ནང་ལྷུང་ཡོད་པ་རེད། ཅེས་སོགས་བཀོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ཧོང་ཀོང་གསར་འགོད་མཐུན་ཚོགས་ཀྱིས་གསར་འགོད་རང་དབང་གི་ལོ་འཁོར་སྙན་ཐོ་ཞིག་བཏོན་ཡོད་པའི་ནང་། དི་ལོར་ལེ་ཚན་དེའི་ནང་ཧོང་ཀོང་གི་རང་དབང་གསར་ཁང་ ༣༠ ནས་ ༤༠ བར་གྱི་གསར་འགོད་པ་ཁྱོན་ ༥༣༥ དང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འཐུས་མི་ ༡༠༠༣ ཙམ་ལ་ཧོང་ཀོང་གི་གསར་འགོད་རང་དབང་ཐོག་བསམ་ཚུལ་བསྡུ་ལེན་བྱེད་སྐབས།   གསར་འགོད་པ་བརྒྱ་ཆ་ ༨༡ གིས་ཧོང་ཀོང་གཞུང་ནས་གསར་འགོད་པ་མི་སྒེར་གྱི་རང་དབང་བཀག་སྡོམ་བྱས་ཏེ། ཧོང་ཀོང་རང་བཙན་དང་འབྲེལ་བའི་གསར་འགྱུར་རིགས་སྤེལ་བར་གནོན་ཤུགས་སྤྲོད་ཀྱི་ཡོད་པ་དང་། མི་མང་གི་གསར་འགོད་རང་དབང་ངོས་འཛིན་གྱི་ཚད་གཞི་བརྒྱ་ཆའི་ ༤༥ ལ་མར་ཆག་སྟེ། ད་བར་གྱི་སྙན་ཐོའི་ནང་གི་ཚད་གཞི་དམའ་ཤོས་དེ་ཆགས་ཡོད་སྐོར་དང་། ཧོང་ཀོང་མི་མང་བརྒྱ་ཆ་ ༧༠ ཙམ་གྱིས་སྐྱོན་བརྗོད་དང་། རྒྱ་ནག་གཞུང་ནི་ཧོང་ཀོང་གི་གསར་འགོད་རང་དབང་རྨང་ནས་གཏོར་མཁན་ཡིན་པའི་ངོས་འཛིན་བྱུང་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

ཆུ་ཚོད་ ༡༨ སྔོན་ལ།
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

ཆུ་ཚོད་ ༢༡ སྔོན་ལ།
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese