མཉན་ཡོད་དུ་ཟླ་གསུམ་གྱི་དབྱར་གནས་དབུ་འཛུགས་གནང་། 

འབྲི་གུང་༧སྐྱབས་མགོན་མཆོག་གི་མཐུན་འགྱུར་གོ་སྒྲིག་འོག་གནས་ཆེན་མཉན་ཡོད་དུ་ཟླ་གསུམ་རིང་གནས་བརྟན་སྡེ་པའི་དགེ་སློང་༡༠༨ ལྷན་བཞུགས་ཀྱི་དབྱར་གནས་དེ་རིང་ནས་དབུ་འཛུགས་གནང་།
 ༧སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༧སྐྱབས་མགོན་མཆོག་གི་དགོངས་གཞི་དང་མཐུན་འགྱུར་གོ་སྒྲིག་འོག ཁ་སང་བོད་ཟླ་བ་ལྔ་པའི་ཚེས་༡༥ དང་། ཕྱི་ཟླ་༧ པའི་ཚེས་༡༦ ཉིན་ནས་བཟུང་ཟླ་བ་གསུམ་རིང་། སྟོོན་པ་སངས་རྒྱས་བཅོམ་ལྡན་འདས་ཐེངས་༢༥ དབྱར་གནས་ལ་བཞུགས་པ་དང་། ཆོ་འཕྲུལ་བསྟན་པ་སོགས་ཀྱི་མཛད་པ་དུ་མ་བསྐྱངས་པའི་གནས་ཆེན་ཁྱད་པར་ཅན་མཉན་ཡོད་དུ། འབར་མ་དང་ཤི་རི་ལང་ཀ་སོགས་ནས་ཆེད་དུ་གདན་འདྲེན་ཞུས་པའི་གནས་བརྟན་སྡེ་པའི་དགེ་སློང་༡༠༨ ལྷན་བཞུགས་ཀྱི་དབྱར་གནས་དམ་ཆོས་འདུལ་བའི་ཕྱག་ལེན་ལྟར་དབུ་འཛུགས་གནང་། 
དེ་རིང་ཞོགས་པ་༧འབྲི་གུང་༧སྐྱབས་མགོན་མཆོག་དབུ་བཞུགས་ཐོག་དབྱར་གནས་ཀྱི་དངོས་གཞི་དབུ་འབྱེད་རྟེན་འབྲེལ་མཛད་སྒོ་ཚོགས་ཡོད་པ་དང་། ། མཛད་སྒོའི་ཐོག་མར་དབྱར་གནས་གོ་སྒྲིག་ཚོགས་པའི་ཚོགས་མི་མཁས་དབང་དབང་ཕྱུག་རྡོ་རྗེ་ལགས་ནས་འཚམས་འདྲི་དང་འབྲེལ་ངོ་སྤྲོད་གསུང་བཤད་གནང་། དེ་ནས་དབྱར་གནས་ཀྱི་བར་མའི་གནས་བརྟན་ཆེན་པོ་པར་མོ་ཁ་མཆོག་དང་། ཤི་རི་ལང་ཀ་དང་འབར་མ་བཅས་ཀྱི་བགྲེས་སོང་དགེ་སློང་ཁ་ཤས་ནས་དམ་ཆོས་འདུལ་བ་དང་འབྲེལ་བའི་གསུང་བཤད་གནང་སྟེ། འབྲི་གུང་༧སྐྱབས་མགོན་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ད་ལན་གནས་ཁྱད་པར་ཅན་འདིར་དབྱར་གནས་ཚོགས་ཐུབ་པ་བྱུང་བར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས། 
དེའི་རྗེས་འབྲི་གུང་༧སྐྱབས་མགོན་མཆོག་གིས་མཉན་ཡོད་ཀྱི་གནས་ཆེན་འདི་བཞིན་རང་ཅག་ནང་པ་ཡོངས་ལ་གལ་ཆེ་ཡིན་སྐོར་དང་། མཉན་ཡོད་ནང་པའི་ལྟེ་གནས་གཙུག་ལག་ཁང་འདི་ཉིད་གསར་བཞེངས་གནང་བའི་དམིགས་ཡུལ་སོགས་དང་འབྲེལ་བའི་གསུང་བཤད་གནང་། མཇུག་ཏུ་དགེ་འདུན་པ་རྣམ་པས་བསྔོ་བ་སྨོན་ལམ་གྱི་ཞལ་འདོན་སྐྱོར་ནས་དབུ་འབྱེད་མཛད་སྒོ་ལེགས་པར་གྲུབ་ཡོད་པ་དང་། ད་རེས་འབྲི་གུང་༧སྐྱབས་མགོན་མཆོག་གི་ཐུགས་བསྐྱེད་ལ་བརྟེན་ནས་མཉན་ཡོད་ཀྱི་གནས་ཆེན་འདིར་ལོ་ངོ་གཉིས་སྟོང་ལྷག་ཙམ་གྱི་རྗེས་ལ་དབྱར་གནས་ཚོགས་ཐུབ་པ་འདི་ནི་ནང་པ་སངས་རྒྱས་པའི་ལོ་རྒྱུས་ནང་ཤིན་ཏུ་གནད་གལ་ཆེ་བ་ཞིག་ཆགས་ཡོད་འདུག 
དབྱར་གནས་གོ་སྒྲིག་ཚོགས་པའི་ཚོགས་མི་མཁན་པོ་དཀོན་མཆོག་རང་གྲོལ་ལགས་ནས་གནས་ཚུལ་མཁོ་གཏོང་གནང་།

བསྐྱར་བཅོས།: ༢༠༡༩/༠༧/༡༧

Leave a Reply

3 thoughts on “མཉན་ཡོད་དུ་ཟླ་གསུམ་གྱི་དབྱར་གནས་དབུ་འཛུགས་གནང་། 

  1. མ་འོངས་སྲིད་སྐྱོང་ལ་རྒྱའི་གནམ་ལྕགས་མདུང་།

    བོད་མིའི་རྡོག་རྩ་ཆིག་བསྒྲིལ་གྱི་ནུས་པ་མཉམ་གསོ་མཉམ་སྤུངས་བྱེད་དགོས། མ་འོངས་སྲིད་སྐྱོང་ལ་རྒྱའི་གནམ་ལྕགས་མདུང་ནས། Candidate for SIKYONG-2021
    Tibetan president 2021
    Lagye Namchak Dong = Loyal sky metal spear, Raising the Tibetan and Panchen Lama issue and 7 points in 2018/04/30

  2. འདི་ནི་རང་ཅག་ཀུན་གྱི་ཐུགས་ལ་འཛིན་དགོས་པ་དང་རྗེས་སུ་ཡི་རངས་བྱེད་འོས་པ་ཞིག་ལས་མ་འདས་པར་ཡོད་པས་ད་དམ་པ་ཁོང་གི་འགན་ཁུར་ནས་འདི་ལྟ་བུའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་དབྱར་གནས་ཐེངས་ཉེར་ལྔ་གནང་སའི་གནས་ཁྱད་པར་ཅན་འདི་ནས་འདི་ལྟ་བུ་གནང་ཐུགས་བསྐལ་བཟང་པོ་རེད།