སྲིད་སྐྱོང་མཆོག་ནས་ཨ་རིའི་གནད་ཡོད་མི་སྣར་མཇལ་འཕྲད།

བོད་མིའི་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་(Tibetan Policy and Support Act of. 2019)དེར་རྒྱབ་སྐྱོར་ཐོབ་ཆེད་སྲིད་སྐྱོང་མཆོག་ནས་ཨ་རིའི་གྲོས་ཚོགས་ཀྱི་གནད་ཡོད་མི་སྣ་སོགས་ལ་མཇལ་འཕྲད་གནང་བཞིན་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་སུད་སིའི་ནང་ཕྱོགས་ཕེབས་ལེགས་པར་གྲུབ་སྟེ། ཁ་སང་ཞོགས་པར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སིར་བདེ་འབྱོར་བྱུང་ཡོད་པ་དང་།   འདི་ལོའི་ཕྱི་ཟླ་ ༩ པའི་ཚེས་ ༢༤ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་བཏོན་པའི་བོད་མིའི་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་(Tibetan Policy and Support Act of. 2019)དེར་རྒྱབ་སྐྱོར་ཐོབ་ཆེད། ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་གཙོས་པའི་གནད་ཡོད་གཞུང་འབྲེལ་མི་སྣར་མཇལ་འཕྲད་གནང་སྟེ་བོད་དོན་ཞུ་འབོད་གནང་བཞིན་ཡོད་འདུག

ཁ་སང་ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་ཋོམ་ཊི་ལི་སི་ལགས་སུ་མཇལ་འཕྲད་གནང་སྟེ། སྐུ་ཞབས་ཁོང་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་དང་འབྲེལ་བའི་གནད་དོན་ཐད་གསུང་གླེང་གནང་ཡོད་པ་དང་། སྐུ་ཞབས་ཊོམ་ཏི་ལི་སི་ལགས་ངོས་ནས་ཀྱང་རྒྱ་ནག་གི་གནད་དོན་དང་། ལྷག་པར་དུ་ནེ་ཊོ་མནའ་འབྲེལ་ཚོགས་པའི་ནང་རྒྱ་ནག་གི་ཤུགས་རྐྱེན་སླེབ་བཞིན་པའི་ཐད་བློ་འཚབ་ཡོད་སྐོར་གསུངས་འདུག་པ་མ་ཟད། སྲིད་སྐྱོང་མཆོག་ནས་རེ་འབོད་གནང་བ་ལྟར་འདི་ལོར་བཏོན་པའི་བོད་མིའི་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་དེར་རྒྱབ་གཉེར་གནང་རྒྱུའི་ཁས་ལེན་གནང་ཡོད་འདུག

དེ་བཞིན་ཁ་སང་ཉིན་རྒྱབ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ཚོགས་ཆུང་གི་ཉན་ཞིབ་ཚོགས་ཁང་དུ། དེ་གའི་ལས་བྱེད་རྣམས་ལ་བོད་དོན་དང་། ཨ་རིའི་བོད་དོན་རྒྱབ་སྐྱོར་ཁྲིམས་འཆར་གཙོ་བོར་བྱས་པའི་ཤར་ཊུར་ཀི་སི་ཐན་ནང་གི་ཡུ་གུར་བའི་གནས་སྟངས་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད་པ་དང་། དེའི་རྗེས་ཨ་རིའི་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་ལྷན་དུ་ཨ་རིའི་འཛིན་སྐྱོང་གི་ལྷོ་དཀྱིལ་ཨེ་ཤ་ཡའི་ལས་དོན་ཚན་པའི་དྲུང་གཞོན་ལས་རོགས་ཐོ་མ་སི་ཝ་ཇི་དྷ་ (Thomas Vajda)ལགས་དང་། ལོ་ར་སི་ཊོན་ (Laura Stone)ལགས་། དེ་བཞིན་རྒྱ་གར་ལས་དོན་ཚན་པའི་འགན་འཛིན་གྷ་ར་ཧམ་མེ་ཡར་ (Graham Mayer) གྱི་གཙོས་གཞུང་འབྲེལ་མི་སྣ་གཞན་ཁག་ལ་ཐུག་འཕྲད་གནང་ཡོད་འདུགཐེངས་འདིའི་ཉིན་གྲངས་གསུམ་ཙམ་གྱི་གཞུང་འབྲེལ་ཕྱོགས་ཕེབས་སྐབས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བོད་མིའི་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་ཆེད་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ ༨ དང་། གྲོས་ཚོགས་གོང་མའི་ཕྱི་འབྲེལ་ཚོགས་ཆུང་གི་ཚོགས་གཙོ། གཞན་ཡང་ཨ་རིའི་ཕྱི་འབྲེལ་ལས་ཁུངས་ཀྱི་གནད་ཡོད་མི་སྣ་བཅས་ལ་ཡང་ཐུག་འཕྲད་གནང་འཆར་ཡོད་འདུག་ལ། དེ་བཞིན་ཕྱོགས་ཕེབས་དང་བསྟུན་ཨ་རིར་རྟེན་གཞི་བྱས་པའི་ཞིབ་འཇུག་ཚན་པ་ཞིག་གིས་མགྲོན་འབོད་གནང་བ་ལྟར། ཨ་རིའི་མང་ཚོགས་སྐོར་ཞིག་ལ་བོད་དོན་དང་འབྲེལ་བའི་གནད་དོན་ཐད་གཏམ་བཤད་གནང་རྒྱུ་དང་། རྒྱ་རིགས་སྐོར་ཞིག་ལ་བོད་དོན་གཏམ་བཤད་སོགས་གནང་འཆར་ཡོད་འདུག

གསར་འགོད་པ་པ་སངས་ཚེ་རིང་གིས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་སོགས་ལས་བཏུས།

བསྐྱར་བཅོས།: ༢༠༡༩/༡༡/༢༠

Leave a Reply

2 thoughts on “སྲིད་སྐྱོང་མཆོག་ནས་ཨ་རིའི་གནད་ཡོད་མི་སྣར་མཇལ་འཕྲད།

  1. ཡང་ བློ་བཟང་སེང་གེ་ཡིས་ ལྔ་དང་ལྔ་བཅུ་དེ་འགྱུར་ཚར་འདུག་ག ཁ་སང་སྔོན་མ་ ལྔ་དང་ལྔ་བཅུ་དེ་ རྒྱ་གར་ནང་ཡུན་རིང་གནས་དགོས་བྱུང་ན། ད་ ད་ཆ་ སིཝཱིས་ Swiss ལ་ ལྔ་དང་ལྔ་བཅུ་དེ་ སྲིད་སྐྱོང་གིས་ལོ་ཚད་གང་ལ་ཕྱིན་སོང་ང་། དང་པོ་ ལྔ་དང་ལྔ་བཅུ་དེ་ ལམ་ལྷོང་བྱུང་ན་ ཅོ་གིས་ ཨུ་རུ་སུས་ Putin པུ་ཊིན་དང་། རྒྱ་དམར་གྱི་ Xi Chin Fin ཞི་ཅིན་ ཕིན་བྱེད། ད་ བཅའ་ཁྲིམ་དོན་ཚན་ 20 པ་གི་ མཐར་པ་བཏང་ས་མ་རེད་ བསམ་མ་རེད་པ་ ? 😂 😂 😂 བཅའ་ཁྲིམ་དོན་ཚན་ 20 པ་དེ་ ལྷོད་ལྷོད་བྱེད་བཤད་ཀྱི་ཡིན། 😂 😂 😂 ད་ ངོས་ཀྱི་སེམས་ལ་ དང་པོ་ ལྔ་དང་ལྔ་བཅུ་དེ་ ལམ་འགྲོ་བྱུང་ན་ ༧གོང་ས་མཆོག་རྒྱ་གར་ལ་ཚོང་གིས་གཏའ་མ་བཞག བོད་དེ་རྒྱ་མི་ལ་བཙོང་། 😂 😂 😂 ༧གོང་ས་མཆོག་བོད་དུ་གདན་ཞུ། བོད་རྒྱ་གྲོས་མོལ། ཨོཾ་ཨཿ ཧཱུཾ། རང་ཉིད་རང་ཁ་རང་གསོ་དངོས་ནས་ཆགས་གྲབ་འདུག་ག ལྔ་དང་ལྔ་བཅུ་དེ་ དབུ་མའི་ལམ་གྱི་ཁ་གཏད། ད་དུང་ ཕྱི་རྒྱལ་ནས་བོད་པ་གཞོན་སྐྱེད་མང་པོ་ཞིག་ མགོ་སྐོར་བསླུ་བྲིད་ཀྱི་ Brainwash ལྔ་དང་ལྔ་བཅུ་ཡིས་དམག་མི་བཟོ་ཐབས་གནང་གི་འདུག་ག དངོས་ནས་སྲིད་སྐྱོང་ཇོན་པོ་འདུག 😂 😂 😂 གུས་ནས་དབུ་མས་ལམ་ལས་ལྷག་པ་མ་མཐོང་ངོ། ༧གོང་ས་མཆོག་སྐུ་ཚེ་བརྟན་པ་དང་། དབུ་མའི་ལམ་རྒྱལ་ལོ། རྒྱལ་ལོ།

  2. ༄། དུས་བབས་ཚང་གི་སྲིད་སྐྱོང་གི་མཚན་བཀོད་པའི་གསར་འགྱུར་ཉིན་མོའི་སྐར་མ་ཞིག་དེ་རིང་ཐོན་འདུག མོ་པ་རྣམས་ཀྱི་མོ་ཞིག་རྒྱོབ། རྩིས་པ་རྣམས་ཀྱི་རྩིས་ཞིག་བསྐོར། ལྷ་པ་རྣམས་ཀྱི་ལྷ་ཞིག་བབས། ཨ་མཆོད་རྣམས་ཀྱི་བསངས་ཞིག་ཐོང་། ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ ། །