Author Archives: བོད་ཀྱི་དུས་བབ།

བྱིས་པའི་འཚར་ལོངས་དང་སྤྱི་ཚོགས་སེམས་སྦྱོང་གི་སློབ་གསོ།

“སེམས་དང་ཚེ་སྲོག”ཚོགས་ཐེངས་སོ་གསུམ་པའི་ཉིན་དང་པོ། ཏིན་ཡི་ཧྥུ་དང་ལི་ཅང་ལིན་གྱིས་བརྩམས། ལོ་མ་རྒྱལ་གྱིས་རྒྱ་ཡིག་ནས་བསྒྱུར། ལོ་མང་གི་རིང་ལ་ཏཱ་ལའི་བླ་མ་མཆོག་དང་། ཚན་རིག་པ་གཉིས་བགྲོ་གླེང་གནང་སའི་བརྟན་འཇགས་ཀྱི་གླེང་སྟེགས་ཤིག་ཡོད་པ་ནི། སེམས་དང་ཚེ་སྲོག་གི་བགྲོ་གླེང་ཚོགས་འདུ་དེ་ཡིན། ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན། སེམས་དང་ཚེ་སྲོག་ཚོགས་ཐེངས་སོ་གསུམ་པ་དེ་ངྷ་རམ་ས་ལ་ནས་འཚོགས་འགོ་བརྩམས་ཤིང་། ཁྱོན་ཉིན་གྲངས་ལྔའི་རིང་དུ་འཚོགས་རྒྱུ་རེད། ངེད་གཉིས་ཀྱིས་དེའི་གནས་་་

འཛམ་གླིང་གི་བདེ་སྐྱིད་ཆེས་ལྡན་པའི་རྒྱལ་ཁབ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིབ་འཇུག་སྙན་ཐོ་ལྟར་ན་འཛམ་གླིིིང་གི་བདེ་སྐྱིད་ཆེས་ལྡན་པའི་རྒྱལ་ཁབ་ནིི་ཧྥེན་ལན་ཌི་ཡིན་འདུགམཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་རེ་བཞིན་འཛམ་གླིང་རྒྱལ་ཁབ་ཁག་གི་བདེ་སྐྱིད་ཆེས་ཆེ་ཤོས་དང་སྡུག་ཤོས་ཀྱི་ཞིབ་འཇུག་སྙན་ཐོ་ཞིག་བཏོན་བཞིན་པ་ལྟར། ད་ལོའི་ཞིབ་འཇུག་སྙན་ཐོའི་ནང་སའི་གོ་ལའི་སྟེང་གི་བདེ་སྐྱིད་ཆེས་ལྡན་པའི་ས་ཆ་དེ་ཧྥེན་ལན་ཌི(Finland)ཡིན་པ་དང་གཉིས་པ་ནོར་ཝེ(Norway) གསུམ་པ་ཌན་མག་(Denmark) བཞི་པ་ཨ་སི་ལན་ཌི(Iceland)།  ལྔ་པ་སུད་སི(Switzerland)བཅས་ཡིན་པ་་་

འཇར་མན་སྲིད་བློན་ལགས་སུ་འཚམས་འདྲི་མཛད།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཇར་མན་གྱི་སྲིད་བློན་ལྕམ་ཨེན་ཇི་ལ་མཱར་ཁིལ་ལགས་ལ་བསྐྱར་དུ་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲིའི་གསུང་འཕྲིན་བསྩལ་གནང་ཡོད་འདུག་་་

ཕོ་མཚན་ནག་འཚོང་བ་འཛིན་བཟུང་བྱས།

རྒྱ་མི་ཞིག་གིས་ཨ་ཧྥི་རི་ཁའི་རྩ་ཆེའི་སེམས་ཅན་མང་པོའི་ཕོ་མཚན་ ༥༡༠ འཁུར་ཏེ་རྒྱ་ནག་ལ་འཕུར་རྩིས་བྱེད་སྐབས་འཛིན་བཟུང་བྱས་ཡོད་འདུག་་་

བོད་མི་ཚོས་དམར་ཟས་སྤོང་དགོས་མིན་ཐད་རྩོད་གཞི།

རྩོམ་པ་པོ། ཧོ་ལི་ གེ་ལེ། (Holly Gayley)* སྒྱུར་མཁན། ཡེ་ཤེས་དོན་གྲུབ། བོད་མི་ཚོས་ཤ་ཟ་བ་དང་ནང་ཆོས་ཀྱི་སྙིང་རྗེའི་ལྟ་གྲུབ་དེ་གཉིས་དབར་གྱི་འགལ་ཟླ་ལ་མཐུན་སྒྲིག་ཇི་ལྟར་བྱེད་དམ། དྲི་བ་འདིའི་ཐད་ཉེ་ཆར་ཇོབ་རི་ (Geoffrey) ཡིས་བརྩམས་པའི་<<སྡིག་ཅན་སྲིན་པོའི་ཟས་>> (Food for Sinful Demons) ཞེས་པའི་དེབ་དེའི་ནང་འགྲེལ་བཤད་མི་འདྲ་བ་ཞིག་བརྒྱབས་ཡོད། དེ་ཡང་བོད་ས་མཐོའི་སྟེང་འབྲོག་ལས་དང་། སེམས་ཅན་གྱི་ཤ་སོགས་ཐོན་སྐྱེད་ལ་བརྟེན་ནས་འཚོ་བ་སྐྱེལ་དགོས་པར་བརྟེན། ཤ་ཟ་ན་འོས་མིན་གྱི་གནད་དོན་དེ་བོད་ཡུལ་གྱི་ནང་་་

ཨ་རིའི་ཕྱི་སྲིད་དྲུང་ཆེ་གནས་དབྱུང་བཏང་།

ཨ་རིའི་སྲིད་འཛིན་ཊོམ་ཕུས་ཕྱི་སྲིད་དྲུང་ཆེ་རེག་སི་ཊི་ལར་སོན་དང་ནང་སྲིད་དྲུང་ཆེ་སི་ཊི་ཝི་གྷོལ་ཌི་སི་ཊིན་གཉིས་གནས་དབྱུང་བཏང་ཡོད་འདུག་་་

ཆབ་སྲིད་ལྐོག་ཇུས་ཆེན་མོ་ངོ་མཚར་བའི་རྒྱ་ནག

ཞི་ཅིན་ཕིན་གྱིས་སྣེ་འཁྲིད་པའི་རྒྱ་ནག་དམར་ཤོག་ཚོགས་པ་དྲིལ་བསྒྲགས་ཀྱི་ངོ་མཚར་བའི་རྒྱ་ནག་ཞེས་པའི་དངོས་བཤུས་གློག་བརྙན་དེ་རྒྱ་ནག་གི་གློག་བརྙན་ཁྲོམ་རའི་ནང་གི་བྲིན་ཆེས་ཆེ་བའི་གློག་བརྙན་ཨང་གཉིས་པ་དེ་ཆགས་ཡོད་སྐོར་བསྒྲགས་འདུག་་་