བོད་དང་རྒྱ་ནག་གི་འདས་པའི་ལོ་ངོ་ ༦༦ དང་འབྱུང་འགྱུར་གྱི་གནས་སྟངས་གླེང་བ།
རའོ་བྷར་ཌི་བྷར་ཎེ་ཌི་(Robert Barnett)བརྩམས།
བློ་བཟང་ཡེ་ཤེས་ཀྱིས་བསྒྱུར།
རྒྱ་ནག་བཅིངས་འགྲོལ་དམག་མི་བོད་ནང་བསླེབས་ཏེ་ལོ་ངོ་ ༦༦ འགྲོ་བཞིན་པ་དང་། བོད་དང་རྒྱ་ནག་བར་བཞག་པའི་མགོ་བཏགས་གྲོས་མཐུན་དེ་ཁ་འཐོར་ཞིག་ཏུ་ཕྱིན་རྗེས། ༧གོང་ས་ཏྰ་ལའི་བླ་མ་མཆོག་དང་བོད་མི་ ༨༠༠༠༠ ལྷག་རྒྱ་གར་ལ་བྲོས་བྱོལ་དུ་གྱར་ཏེ་ད་བར་ལོ་ངོ་ ༥༨ བཞུད་ཟིན།་་་