རྒྱ་ནག་བརྟན་ལྷིང་ནི་འཇིག་རྟེན་ཞི་བདེའི་གཞི་རྩ་ཡིན།

ད་ལྟའི་ཆབ་སྲིད་དབང་འཛིན་པའི་ལྟ་གྲུབ་དང༌སྲིད་བྱུས། ལས་དོན་བྱེད་ཕྱོགས་བཅས་ལ་འདོད་བློ་མ་ཁེངས་པ་དང་། མོས་མཐུན་མེད་པ། ངོ་རྒོལ་གདོང་ལེན་བྱ་དགོས་སྣ་ཚོགས་ཤིག་སྔར་ཡང་བྱུང་ཡོད་ལ།  ཕྱིས་ཀྱང་ཡོང་སྲིད་མོད། དེ་ལ་བརྟེན་ནས་བོད་རྒྱ་མི་རིགས་གཉིས་བར་མཐུན་འབྲེལ་ཉམས་ཆག་མི་འགྲོ་བ་བྱ་རྒྱུ་ནི་གནད་ཀྱི་དོན་པོ་ཡིན། ཞེས་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་སུད་སིའི་གྲོང་ཁྱེར་ཇི་ནེ་ཝའི་རྒྱལ་སྤྱིའི་བོད་རྒྱ་ལྷན་ཚོགས་སྟེང་གསུངས་ཡོད།

་་་

རྒྱ་བོད་ལྷན་ཚོགས་སྟེང་༧གོང་ས་མཆོག་གི་གསུང་བཤད།

རྒྱལ་སྤྱིའི་འགྲིག་ཆགས་མཐུན་ཚོགས་དང་སུད་བོད་མཛའ་འབྲེལ་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༦ ནས་ ༨ བར་གྱི་ཉིན་གྲངས་གསུམ་རིང་། སུད་སུས་གྲོང་ཁྱེར་ཇི་ནེ་ཝར་འཛམ་གླིང་ཡུལ་གྲུ་ཁག་གི་རྒྱ་བོད་མི་རིགས་གཉིས་བར་གྱི་ལྷན་ཚོགས་༼ རྒྱལ་སྤྱིའི་རྒྱ་བོད་ལྷན་ཚོགས་ ༽ ཞུ་བ་ཞིག་ཚོགས་བཞིན་ཡོད་པའི་སྟེང་། བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་གིས་བསྩལ་བའི་གསུང་བཤད།

་་་

བོད་ཁུལ་གྱི་གནམ་གཤིས།

གོ་ལ་ཧྲིལ་བོའི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་སླ་བའི་ས་ཁུལ་ནི། མདོ་དབུས་མཐོ་སྒང་གི་ས་ཁུལ་ཆགས་ཡོད་འདུག་པ་དང་། ད་ལོའི་སྤྱི་ཟླ་བདུན་པར་འདས་པའི་ལོ་ངོ་ལྔ་བཅུའི་རིང་གི་གནམ་གཤིས་དྲོད་ཚད་ཆེས་མཐོ་བའི་ཚད་ཐིག་ལ་སླེབས་ཡོད་འདུག

་་་

རྗེས་དྲན་རྡོ་རིང་།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་དོན་ལྟར། སྔར་ལོའི་ཞི་རྒོལ་ཁྲོད་འདས་གྲངས་སུ་སོང་བའི་རྒྱལ་གཅེས་དཔའ་བོ་དག་གི་རྗེས་དྲན་རྡོ་རིང་བཞེངས་ཕྱོགས་ཐད། ཐེངས་འདིར་རྒྱ་ཆེའི་མང་ཚོགས་ལ་དགོངས་འཆར་བསྡུ་རྒྱུ་རེད།

་་་

སྟོད་མངའ་རིས་གནམ་ཐང་།

རྒྱ་གཞུང་གིས་སྤྱི་ལོ་ ༢༠༠༦ ལོ་ནས་བོད་ལྗོངས་མངའ་རིས་སྒེར་རྩེ་རྫོང་དུ་གནམ་ཐང་ཆེན་པོ་ཞིག་རྒྱག་གིན་ཡོད་པ་དང་། ད་ཆར་ལས་གཞི་དེའི་རྒྱ་ཆའི་༩༠ ཙམ་གྲུབ་ཡོད་འདུག་ལ། འབྱུང་འགྱུར་ ༢༠༡༠ ལོར་ལས་གཞི་ཡོངས་སུ་འགྲུབ་པར་བྱ་འཆར་ཡོད་འདུག

་་་

བལ་བོད་ཀྱི་གཞི་རིམ་འབྲེལ་བ་འཛུགས་ཕྱོགས།

བལ་ཡུལ་གྱིས་སོ་སོའི་རྒྱལ་པོར་མི་སྐྲག་པར་གཞན་པའི་མི་ལ་སྐྲག་པ་དང་། སོ་སོའི་ཨ་ཕར་མི་བརྩི་བར་ཁྱིམ་མཚེས་ཀྱི་ཨ་ཕར་བརྩི་བའི་སྤྱོད་ངན་དེ་དོར་ནས་ རང་ཚུགས་ཐུབ་པ་ལ་ཁ་ཕྱོགས་རྒྱུ་གལ་ཆེན་པ་རེད་ཟེར།

་་་

བལ་ཡུལ་བོད་དོན་བགྲོ་གླེང་།

ཉེ་ཆར་བལ་ཡུལ་ནང་བོད་དོན་བགྲོ་གླེང་ཚོགས་འདུ་ཞིག་འཚོགས་ཏེ། བལ་ཡུལ་ནའེ་རོ་སློབ་གྲྭ་ཆེན་མོའི་མཁས་དབང་ཨ་ནན་མཆོག་གིས་བལ་ཡུལ་གྱིས་སོ་སོའི་རྒྱལ་པོར་མི་སྐྲག་པར་གཞན་པའི་མགོ་བར་སྐྲག་པ་དང་། སོ་སོའི་ཨ་ཕ་མི་བརྩི་བར་ཁྱིམ་མཚེས་ཨ་ཕར་བརྩི་བའི་སྤྱོད་ངན་དེ་དོར་ནས་རང་ཚུགས་ཐུབ་པ་ལ་ཁ་ཕྱོགས་རྒྱུ་གལ་ཆེན་ཡིན། ཞེས་གསུངས་ཡོད།

་་་

ང་འདིར་རྡབ་གསིག་གཏོང་གི་ཡོང་བ་མིན།

ང་རང་འདིར་ཡོང་རྒྱུ་དེའང་སློབ་སྦྱོར་གསར་པ་རེ་འཐོབ་རྒྱུར་བསམ་ནས་ཡོང་བ་ཡིན་མ་གཏོགས། མི་ལ་རྡབ་གསིག་གཏོང་བའི་ཆེད་དུ་ཡོང་བ་གཏན་ནས་མིན་ཞེས་༧གོང་ས་མཆོག་གིས་གསུངས་ཡོད།

་་་