མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཡུས་ཀྲིན་ཧྲན་དར་རྩེ་མདོ་ལ་བསླེབས་འདུག

བོད་ཀྱི་དུས་བབ།
༢༠༡༣/༠༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ཡུས་ཀྲིན་ཧྲན་ཁམས་དར་རྩེ་མདོ་བསླེབས་ཏེ། ཏཱ་ལའི་ཤོག་ཁག་ལ་ཁ་གཏད་གཅོག་དགོས་སྐོར་བསྒྲགས་འདུག

ཟླ་འདིའི་ཕྱི་ཚེས་ ༦ ཉིན་རྒྱ་གཞུང་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ཡུས་ཀྲིན་ཧྲན་དཀར་མཛེས་ས་ཁུལ་དར་རྩེ་མདོ་རྫོང་སློབ་འབྲིང་དང་། རྫོང་ཉེ་འཁོར་གྱི་སྡེ་གྲོང་ཁ་ཤས་ནང་ཕྱིན་ཏེ་གཞི་རིམ་གྲོང་སྡེ་ནང་ཏང་ཡཱོན་དཔུང་ཁག་དང་ཏང་གི་རྩ་འཛུགས་ཡར་རྒྱས་ཐད་ལྟ་སྐོར་བྱས་ཡོད་འདུག

དེ་རིང་ཕྱི་ཚེས་ ༨ ཉིན་རྒྱ་གཞུང་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་།  ཡུས་ཀྲིན་ཧྲན་དཀར་མཛེས་ཁུལ་དུ་ཕྱིན་ཏེ་ས་གནས་ཁུལ་དང་རྫོང་གི་མགོ་ཁྲིད་ཚོ་དང་མཉམ་དུ་ཚོགས་འདུ་བསྐངས་ཏེ།  བོད་ཁུལ་དུ་ཆུ་དང་གློག ལམ། བརྡ་འཕྲིན། རླུང་འཕྲིན་དང་བརྙན་འཕྲིན་བཅས་རྨང་གཞིའི་འཛུགས་སྐྲུན་ཁག་ལྔ་སྲ་བརྟན་གཏོང་དགོས་པ་དང་། བོད་རིགས་གཞོན་སྐྱེས་ཚོ་རྒྱའི་ནང་ལོག་དུ་ལས་ཞུགས་གོ་སྐབས་མང་དུ་སྤྲད་དེ། ཕྱོགས་ཡོངས་ནས་སྤྱི་ཚོགས་བདེ་འཇགས་ཐད་གྲུབ་འབྲས་ལེན་དགོས་པ་མ་ཟད། ཏང་གི་མི་དམངས་ཕྱུག་བསྒྱུར་གྱི་སྲིད་ཇུས་དང་ཁྲིམས་ལུགས་དྲིལ་སྒྲོག་བྱས་ཏེ། མུ་མཐུད་ནས་ཏཱ་ལའི་ཤོག་ཁག་ལ་འཐབ་རྩོད་ཀྱི་ནུས་ཤུགས་ཆེ་རུ་བཏང་སྟེ། སྤྱི་ཚོགས་ལ་ཆབ་སྲིད་ཁོར་ཡུག་ལེགས་པོ་སྐྲུན་དགོས་སྐོར་བརྗོད་ཡོད་འདུག 

དེ་བཞིན། ཡུས་ཀྲིན་ཧྲན་གྱིས་ལྟ་སྐོར་སྐབས་ས་གནས་བོད་རྒྱུད་ནང་བསྟན་གྱི་བླ་གྲྭ་ཁག་ཅིག་ལ་ཚོགས་འདུ་བསྐངས་ཏེ། རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་དར་སྤེལ་དང་། རྒྱ་ནག་མེས་རྒྱལ་གཅིག་གྱུར་སྟོབས་ལྡན་དུ་གྱུར་ཚེ། ད་གཟོད་བོད་ཁུལ་འཕེལ་རྒྱས་བརྟན་ལྷིང་ཡོང་ཐུབ་ལ། རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ། བོད་རྒྱུད་ནང་བསྟན་ལ་སྔར་བའི་འོད་སྟོང་འབར་བའི་མདུན་ལམ་སྐྲུན་ཐུབ་ཚུལ་བསྒྲགས་ཏེ།  རྒྱ་གཞུང་གིས་དགོན་པར་དོ་དམ་བྱེད་པའི་སྲིད་ཇུས་ལ་གྲྭ་བཙུན་ཚོས་རྒྱབ་སྐོར་བྱེད་དགོས་པ་དང་། སྲིད་གཞུང་གིས་དགོན་པའི་དོ་དམ་ལ་ཤུགས་སྣོན་པ་དང་དུས་མཉམ་དུ།  དགོན་པར་གཞི་རིམ་མཐུན་རྐྱེན་སྦྱར་ཏེ་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་གཉིས་མཉམ་གནས་མཐུན་སྦྱོར་བྱ་དགོས་སྐོར་བརྗོད་ཡོད་པ་རེད།    

དེ་སྔོན་ཡུས་ཀྲིན་ཧྲན་ནི་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཡིན་ལ།  དམར་ཤོག་ཚོགས་ཆེན་ ༡༨ ཐོག་རྒྱ་གཞུང་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་མི་བདུན་གྱི་གྲས་སུ་འདེམས་སྒྲིག་བྱས་ཡོད་ལ། འདི་ལོའི་ཕྱི་ཟླ་ ༣ རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས།  བོད་ཀྱི་ལས་དོན་དང་ཐད་ཀར་འབྲེལ་བ་ཆགས་ཡོད་པའི་རྒྱ་ནག་དབུས་སྲིད་གྲོས་ལྷན་ཚོགས་ཀྱི་མགོ་གཙོའི་འགན་འཁྱེར་རྒྱུ་ཡིན་པ་རེད།

གསར་འགོད་པ། ཚེ་རིང་རྒྱལ

འབྲེལ་ཡོད་གསར་འགྱུར།

བོད་རེབ་གོང་རྫོང་མི་མང་སྲིད་གཞུང་ཟེར་བས་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་བསྡུ་རྒྱུ་ཡིན་པའི་བཀའ་བཏང་། ༢༠༢༣།༠༥།༢༩
Mobile App

རེབ་གོང་གི་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་གཞུང་བཞེས་གཏོང་རྒྱུ་ཡིན་པའི་བཀའ་བཏང་།

ཆུ་ཚོད་ ༡༥ སྔོན་ལ།
༧གོང་ས་མཆོག་དང་ཏུར་ཀིའི་སྲིད་འཛིན་ཨེར་ཌོ་གྷན། པར་དུས་བབ་ཀྱིས་བསྒྲིགས།
༸གོང་ས་མཆོག གསར་འགྱུར།

ཏུར་ཀིའི་སྲིད་འཛིན་ལ་བསྐྱར་དུ་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་འདུག

ཆུ་ཚོད་ ༡༦ སྔོན་ལ།
Representative image. Credit: DH Photo

Read more at: https://www.deccanherald.com/national/east-and-northeast/all-meat-shops-in-sikkim-to-remain-closed-till-june-4-in-view-of-tibetan-festival-1222433.html
Mobile App

ཧི་མ་ལ་ཡའི་རི་རྒྱུད་པ་ཚོས་གཞུང་འབྲེལ་ཐོག་ནས་ས་ག་ཟླ་བའི་རིང་ཤ་ཁང་སྒོ་བརྒྱབ།

ཆུ་ཚོད་ ༡༩ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

༢༠༢༣/༠༥/༢༧
ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སཱི་ཤེས་ཡོན་སློབ་གསོའི་སྐོར་ལ་གསུང་བཤད་གནང་། ༢༠༢༣།༠༥།༢༥ དྲ་བརྙན་གྱི་པར།
Mobile App

སཱི་ཤེས་ཡོན་སློབ་གསོ་ནི་ཧ་ཅང་གཏིང་ཟབ་པའི་རིག་པའི་གཞུང་ལུགས་ཤིག་རེད་ཅེས་གསུངས།

༢༠༢༣/༠༥/༢༦
Mobile App

རྒྱ་ནག་གཞུང་གིས་མཐའ་མཚམས་སུ་གྲོང་ཚོ་གསར་པ་ཞིག་འཛུགས་སྐྲུན་བྱེད་བཞིན་འདུག

༢༠༢༣/༠༥/༢༦

མཆན། 2

  1. མི་ཉག་བཙན་པོ says:
    ལོ་ 10 སྔོན།

    དར་མདོོ་རྫོང་ནི་ཁམས་མི་ཉག་གི་ལྕགས་ལ་རྒྱལ་པོའི་རྒྱལ་ས་རེད།
    བོད་རྒྱ་གཉིས་ཀྱི་ས་མཚམས་ཤིག་ལ་ཆགས་ཡོད།དུས་རབས་གཅིག་གི་གོང་ནས་ས་ཆ་དེར་བོད་དང་རྒྱའི་ཚོང་པ་སྟོང་ཕྲག་མང་པོ་མཉམ་འཛོམས་ཀྱིས་ཕན་ཚུན་ཚོང་རྒྱག་སའི་ས་ཆ་གཞི་རེད།སྐབས་དེ་དུས་ནས་རྒྱ་མི་ཇེ་མང་དུ་སོང་ནས་ད་ལྟ་བར་ཇེ་མང་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་ད་ཆར་བོད་པ་ལས་རྒྱ་མི་མང་བ་དང་བོད་སྐད་རྒྱག་མཁན་ལས་རྒྱ་སྐད་རྒྱག་མཁན་མང་བ་ཆགས་ཡོད།
    མི་རྣམས་ཀྱི་འཚོ་བ་སྐྱེལ་སྟངས་དང་སྐད་ཆ་ཤོད་སྟངས་།ཆས་གོས་ལུགས་སྲོལ་ལ་བལྟས་ན་རྒྱའི་གྲོང་འཁྱེར་ཞིག་ཆགས་ཡོད་མོད།སྟབས་ལེགས་པ་ཞིག་ལ་ལོ་༡༠་ཙམ་རིང་ལ་རྫོང་དཔོན་བོད་རིགས་ཤིག་གིས་བོད་པའི་སྲོལ་རྒྱུན་གྱི་ཁང་པ་དང་ལྕགས་རི་ཟམ་པ་སོགས་མང་པོ་སྐྱར་གསོ་དང་གསར་བསྐྲུན་གནང་ཡོད་པས་ད་ཆར་བོད་ལུགས་ཀྱི་གྲོང་འཁྱེར་གཟི་བརྗིད་ལྡན་པ་ཞིག་ཏུ་གྱུར་ཡོད།་ཡིན་ན་ཡང་ཕྱི་ཚུལ་ཙམ་དུ་དེ་འདྲ་རེད།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 10 སྔོན།

    ་་་་་ ཡུས་ཀྲིན་ཧྲན་གྱིས་ལྟ་སྐོར་སྐབས་ས་གནས་བོད་རྒྱུད་ནང་བསྟན་གྱི་བླ་གྲྭ་ཁག་ཅིག་ལ་ཚོགས་འདུ་བསྐངས་ཏེ། རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་དར་སྤེལ་དང་། རྒྱ་ནག་མེས་རྒྱལ་གཅིག་གྱུར་སྟོབས་ལྡན་དུ་གྱུར་ཚེ། ད་གཟོད་བོད་ཁུལ་འཕེལ་རྒྱས་བརྟན་ལྷིང་ཡོང་ཐུབ་ལ། ་་་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist