ཆམ་རིམས་ཀྱི་གནས་ཚུལ་གསར་པ།

ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན་གྱི་དགོང་མོའི་དུས་ཚོད་དགུའི་སྟེང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་དང་ས་ཁུལ་གྱི་ H1N1 རིགས་དང་པོའི་ཆམ་ནད་ཀྱི་གནས་ཚུལ་གསལ་བསྒྲགས་བྱས་འདུག

་་་

བུད་མེད་དྲུག་གི་ཤི་གསོན་ཤེས་ཀྱི་མི་འདུག

རྒྱ་ནག་གི་ས་གནས་དྲག་ཆས་ཉེན་རྟོག་དམག་མིས་བོད་རིགས་བུད་མེད་དྲུག་ལ་མེ་མདའ་བརྒྱབས་ཏེ་རྨས་སྐྱོན་ཕོག་ཡོད་ཀྱང་། བཙན་ཁྲིད་བྱས་འདུག་པས་ད་ལྟ་ཤི་གསོན་གྱི་གནས་ཚུལ་ཤེས་མི་འདུག

་་་

དུས་ངན་སྲུང་གཙི།

གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱིས་ཆིངས་ཡིག་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་དེ་མི་ལོ་ ༥༨ ཧྲིལ་བོ་འཁོར་བའི་དུས་ངན་སྲུང་གཙི་བྱས་ཡོད།

་་་

ཕྱིར་རང་ཡུལ་དུ་ལོག་མ་ཐུབ།

ཕྱིར་རང་ཡུལ་དུ་ལོག་པའི་ལས་འགུལ་ཐེངས་གཉིས་པའི་གོམ་བགྲོད་པ་རྣམས་ཉིན་འགའི་སྔོན་རྒྱ་གར་དང་བོད་ཀྱི་ས་མཚམས་སུམ་མདོའི་ཟམ་པ་ཞིག་བརྒྱུད་དེ་འགྲོ་སྐབས། རྒྱ་གར་མཐའ་སྲུང་དམག་མིས་བཀག་འགོག་བྱས་ཡོད་འདུག་ལ། སང་ཉིན་ཕྱི་ཚེས་ ༢༦ ཉིན་གོམ་བགྲོད་པ་རྣམས་ཕྱིར་བཞུགས་སྒར་ངྷ་རམ་ས་ལར་འབྱོར་རྒྱུ་ཡིན་འདུག

་་་

མཇལ་འཕྲད་གནང་རྒྱུ་མིན་ཟེར།

ནེ་ཌར་ལན་ཌིའི་སྲིད་བློན་གྱིས་༧གོང་ས་མཆོག་འཆར་ཟླའི་ཚེས་མགོར་རྒྱལ་ཁབ་དེར་ ཆིབས་བསྒྱུར་སྐྱོང་སྐབས་མཇལ་འཕྲད་གནང་རྒྱུ་མིན་ཚུལ་བསྒྲགས་ཡོད་འདུག

་་་

རྒྱལ་བ་ཀརྨ་པའི་གསང་བའི་ཐུགས་རེ་འགའ།

ཉེ་བའི་འབྱུང་འགྱུར་གྱི་ནང་ངས་དེང་རབས་ཚན་རིག་ལ་སློབ་གཉེར་བྱ་དགོས་ཀྱི་འདུག ངའི་རེ་བར་གཙུག་ལག་སློབ་གྲྭ་ཞིག་གི་ནང་དུ་དངོས་གཞིའི་སློབ་ཞུགས་བྱ་རྒྱུ་བྱུང་ན་བསམ་ཡོད།

་་་

ལོ་བཅུའི་བཙོན་འཇུག་ཁྲིམས་ཆད།

ལོ་སྔོན་མའི་ཞི་རྒོལ་བ་ཐོག་མིའི་གྲས་ཀྱི་གྲྭ་བ་ཞིག་ལ་མི་ལོ་བཅུའི་རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

་་་

ཚེ་བཙོན་དང་འཛིན་བཟུང་།

བླ་བྲང་དགོན་པའི་གྲྭ་ཚུལ་ཁྲིམས་རྒྱ་མཚོ་ལགས་ལ་ཀན་ལྷོ་ཁུལ་འབྲིང་རིམ་མི་ དམངས་ཁྲིམས་ཁང་གིས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་འདུག་ལ། དེ་བཞིན་སི་ཁྲོན་དཀར་མཛེས་ནས་བུ་སྤུན་གཉིས་འཇུས་འདུག

་་་