བུད་མེད་གཅིག་གི་རྐང་རྗེས།

འཇིག་རྟེན་ཞི་བདེ་དང་བོད་དོན་ཆེད་རྒྱལ་ཁབ་ ༡༨ ལ་གོམ་བགྲོད་བྱེད་མཁན་བུད་མེད་ཞིག ༧གོང་ས་མཆོག་གི་དམིགས་བསལ་མཇལ་ཁ་ཐོབ་པའི་བུད་མེད་ཅིག་མུ་མཐུད་བོད་དོན་ཆེད་གོམ་བགྲོད་ལ་འགྲོ་བཞིན་ཡོད་པ་རེད།

་་་

གཞོན་ལྷན་གྱི་ཞབས་བརྟན།

ཕྱི་ཚེས་ ༡༠ ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་༧གོང་ས་མཆོག་གི་སྐུ་ཚེའི་ཞབས་པད་བརྟན་པ་དང༌། སྐུའི་འཕྲོད་བསྟེན་གྱི་ཆེད་དུ་ཉིན་གཅིག་ཧྲིལ་བོར་མི་མང་གི་ངོས་ནས་སྨོན་ལམ་ཞིག་འཚོགས་རྒྱུ་རེད།

་་་

བོད་པའི་རྩ་དོན་ངོ་མ་དེ་སངས་རྒྱས་བསྟན་པ་རེད།

རབ་ཏུ་བྱུང་བ་ཚོ་ཆབ་སྲིད་ཀྱི་བྱ་བའི་ནང་མ་ཞུགས་ཟེར་གྱིན་མེད། རབ་བྱུང་བ་ཚོ་མིའི་སྤྱི་ཚོགས་ནང་བསྡད་ཡོད་པ་ཞིག་ཡིན་སྟབས། སྤྱི་ཚོགས་དང་ཆབ་སྲིད་ཀྱི་ལས་དོན་ནང་མཉམ་ཞུགས་བྱ་དགོས་པ་དེ་གལ་ཆེན་པོ་རེད། མཉམ་ཞུགས་བྱེད་སྟངས་དེ་ཆོས་དང་མི་འགལ་བ། འདུལ་བ་དང་མི་འགལ་བ། འཚེ་མེད་ཞི་བའི་ལྟ་གྲུབ་དང་མི་འགལ་བའི་ཐོག་ནས་ལས་འགུལ་ནང་མཉམ་ཞུགས་གནང་ རྒྱུ་གལ་ཆེན་པོ་རེད་ཟེར།

་་་

ཕུལ་བྱུང་དགེ་རྒན་གཉིས།

ཕུལ་དུ་བྱུང་བའི་དགེ་རྒན་གཡུ་ལོ་སྒྲོལ་མ་དང་པདྨ་རྒྱལ་མཚན་གཉིས་ལ་རྒྱ་གར་རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་རག་ཡོད་པ་རེད།

་་་

འོས་ཁོངས་སུ་བཞུཌ་པ།

སྤྱི་ལོ་ ༢༠༠༨ ལོའི་ཡུ་རོབ་གྲོས་ཚོགས་ཀྱི་ས་ཁ་རོ་ཧྥུ་ Sakharov གཟེངས་རྟགས་འབུལ་འོས་པའི་མི་སྣ་ ༨ ཀྱི་མིང་ཐོ་ཁོངས་སུ་༧གོང་ས་མཆོག་ཀྱང་ཡོད་འདུག

་་་

བྷི་ཧར་ལ་རོགས་རམ།

བྷི་ཧར་མངའ་ཁུལ་དུ་ཆུ་ལོག་རྒྱུགས་ཏེ་མི་མང་ས་ཡ་ ༣ ལྷག་ལ་གནོད་འཚེ་བྱུང་ཡོད་པ་མ་ཟད། བལ་ཡུལ་ལྷོ་ཕྱོགས་ས་ཁུལ་གྱི་མི་མང་ཁྲི་ ༦ ལྷག་ལ་སྡོད་གནས་སོགས་ཀྱི་དཀའ་ངལ་འཕྲད་ཀྱིན་ཡོད་པ་རེད།

་་་

གྲྭ་བ་རྣམས་གློད་པ།

སི་ཁྲོན་ཞིང་ཆེན་ནས་ཡིན་པའི་གྲྭ་བ་སྐོར་ཞིག་ཟླ་ ༤ ལྷག་ལ་བཀག་ཉར་བྱས་རྗེས་གློད་གྲོལ་ཐོབ་ཡོད་ཚུལ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ གིས་གནས་ཚུལ་སྤེལ་འདུག

་་་

རྒྱལ་བ་ཀརྨ་པའི་ཆིབས་བསྒྱུར།

རྒྱལ་བ་ཀརྨ་མ་མཆོག་གིས་ཕྱི་ཚེས་ ༨ ཉིན་ནས་ལ་དྭགས་དང་ཧི་མ་ཅལ་མངའ་ཁུལ་གྱི་ནང་བའི་གནས་ཆེན་ཁག་ལ་གཟིགས་སྐོར་དང་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱང་རྒྱུ་ཡིན་པ་རེད།

་་་