བཙུན་མ་ཞིག་གི་སྐད་འབོད།

དཀར་མཛེས་སུ་བཙུན་མ་ཞིག་གིས་སྐད་འབོད་བྱས་པར་བརྟེན་འཇུས་འདུག

་་་

རྒྱ་རིགས་བུད་མེད་རྩོམ་པ་པོ་ཞིག་གི་གཏམ་བརྒྱུད།

བོད་པས་རང་བཙན་བརྩད་ན་འདྲ་ལ། དབུ་མའི་ལམ་བརྩད་ཀྱང་ཆོག མཐའ་མའི་ཐག་གཅོད་ཀྱི་དབང་ཆ་དེ་བོད་མི་རིགས་ལ་ཡོད་པ་ཞིག་ལས་རྒྱ་ནག་གཞུང་དམངས་གཉིས་ཀྱིས་ཐེ་གཏོགས་བྱེད་ཆོག་པ་ཞིག་མ་རེད། བོད་པར་བདེ་སྐྱིད་ཡོད་པའི་ལམ་ཁ་གང་ཞིག་བདམས་ཀྱང༌། ངས་དེ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ཟེར།

་་་

འཛམ་གླིང་སྐད་ཡིག་ཉིན་མོར་བོད་ཀྱི་སྐད་ཡིག་གླེང་བ།

མི་རིགས་ལ་ཞེན་པ་དཀར་ཞིང་སྐད་ཡིག་ལ་དུང་ཞེན་ཟབ་པའི་བོད་རིགས་ན་གཞོན་ཁག་ཅིག་གིས་སྣེ་ཁྲིད་དེ། རྒྱལ་སྤྱིའི་སྐད་ཡིག་ཉིན་མོར་བོད་ཀྱི་སྐད་ཡིག་གི་གནས་བབ་གླེང་བའི་ལྷན་འཛོམས་ཀྱི་བགྲོ་གླེང་ཐོག་མ་བསྡུས་ཏེ། འཛམ་གླིང་གཅིག་གྱུར་དང་སྐད་ཡིག་གཅིག་བསྡུད་ཆེན་མོའི་མཐོ་རླབས་ཁྲོད་ནས་བོད་པའི་སྐད་ཡིག་གི་ལས་དབང་ལ་ཕྱིར་རྟོག་བྱས་ཡོད། 

་་་

དམག་ཁྲིམས་ཕྱིར་འཐེན་བྱེད་རོགས།

བཙན་བྱོལ་བོད་གཞུང་གིས་རྒྱ་ནག་གཞུང་ལ། ཡོངས་བསྒྲགས་མ་བྱས་པའི་དམག་ཁྲིམས་དེ་ཕྱིར་འཐེན་བྱེད་རོགས་ཞེས་ཕྱི་ཚེས་ ༢༡ ཉིན་འབོད་སྐུལ་ཞུས་ཡོད་པ་རེད།

་་་

དམག་ ༤༠༠༠ སླེབས་པ།

ལི་ཐང་ལ་དམག་མི་བཞི་སྟོང་ཡོང་ནས་མི་མང་ཚོགས་འདུ་འཚོགས་དགོས་པའི་བཀའ་བཏང་ཡོད་འདུག

་་་

ཁ་བྲལ་བ་མཐོང་ཚད་ཕམ་པར་རྒྱོབ་ཟེར།

རྒྱ་གཞུང་གིས་བོད་ཀྱི་ས་གནས་སྲིད་གཞུང་དང་། ཉེན་རྟོག་པ། སྤྱི་བདེ་མི་སྣ། དམག་མི་བཅས་ཀྱི་མི་སྣ་བསྡུས་ཏེ། བོད་ནང་དུ་ཏཱ་ལའི་རུ་ཚོགས་ལ་རྒྱབ་སྐྱོར་གྱི་རྟགས་ཙམ་མཐོང་ན་ཕམ་པར་རྒྱོབས་ ཞེས་བཀའ་རྒྱ་བཏང་ཡོད་འདུག

་་་

ལོ་ནག་པོ་དང་དམར་པོའི་རྩོད་གཞི།

རྒྱ་ནག་གིས་ལོ་འདིའི་བོད་ལུགས་ལོ་གསར་ནི་ལོ་ནག་པོ་མ་རེད་དམར་པོ་རེད། ཡིན་ཡང་སྐམ་པོ་རེད་ཟེར།

་་་

ཛ་དྲག་གི་ས་ཁུལ་བཞི།

རྒྱ་ནག་གིས་ད་སྐབས་བོད་ནང་གི་ས་ཁུལ་གཙོ་བོ་བཞི་ལ་དམ་དྲག་བྱེད་ཀྱིན་ཡོད་ལ། དེ་དག་ནི་ལྷ་ས་དང་། བླ་བྲང་། རེབ་གོང་། ལི་ཐང་བཅས་རེད་ཟེར།

་་་