མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མགོ་ལོག་ཏུ་གྲྭ་པ་ཞིག་རང་ལུས་མེར་བསྲེགས།

བོད་ཀྱི་དུས་བབ།
༢༠༡༢/༡༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཚེས་ ༣ ཉིན་གྱི་བོད་ནང་གི་དགོང་མོའི་ཆུ་ཚོད་ ༧།༤༠ ཡས་མས་སུ་མགོ་ལོག་པདྨ་རྫོང་ནས་གྲྭ་པ་བློ་བཟང་དགེ་འདུན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་ཡོད་འདུག

ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། དོ་དགོང་བོད་ནང་གི་ཆུ་ཚོད་  ༧།༤༠ ཡས་མས་སུ་མགོ་ལོག་པདྨ་རྫོང་སེ་ལེ་ཐང་ཡུལ་ཚོའི་པད་ནག་དགོན་ཀ་དམ་སྤྲོས་བྲལ་གླིང་གི་གྲྭ་པ་རང་ལོ་ ༢༩ ཡིན་པ་བློ་བཟང་དགེ་འདུན་ལགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་ཡོད་འདུག

རྒྱལ་གཅེས་དཔའ་བོ་ཁོང་གིས་རང་ལུས་མེར་བསྲེགས་གནང་སའི་ས་གནས་ནི། མགོ་ལོག་པདྨ་རྫོང་གི་སུམ་མདོར་པདྨ་འདབས་བརྒྱད་ཀྱི་འཇིམ་བརྙན་ཞིག་ཡོད་པ་དེའི་ཡར་འདབས་ཡིན་པ་དང་། ཁོང་གིས་རང་ལུས་མེ་རུ་བསྒྲོན་རྗེས་ལག་གཉིས་ཐལ་མོ་སྦྱར་ཏེ་སྐད་འབོད་བྱེད་བཞིན་མདུན་དུ་གོམས་པ་ ༣༠༠ ཙམ་རྒྱུགས་ཏེ་སར་འགྱེལ་ཡོད་པ་དང་། སྐབས་དེར་ས་གནས་ཉེན་རྟོག་པ་དང་དམག་མི་བསླེབས་ནས་ཁོང་གི་སྐུ་ཕུང་བཙན་འཁྱེར་རྩིས་བྱས་ཡོད་ཀྱང་། ས་གནས་མང་ཚོགས་ཀྱིས་ཁོང་གི་སྐུ་ཕུང་རྒྱ་དམག་ལ་འཁྱེར་མ་བཅུག་པར་རང་དགོན་དུ་གདན་འདྲེན་ཞུ་བཞིན་ཡོད་འདུག  

རྒྱལ་གཅེས་དཔའ་བོ་ཁོང་གི་ཕའི་མིང་ལ་མགོ་ལོག་ལོ་ཁོ་དང་། མའི་མིང་ལ་ས་འགོ་བདེ་དབང་། ཁོང་གི་སྤུན་མཆེད་ཀྱི་མིང་ལ་ཚེ་ཆུང་ཟེར་བ་དང་། རྒྱལ་གཅེས་དཔའ་བོ་ཁོང་ཚང་ལ་ནང་མི་བཅུ་གཅིག་ཡོད་འདུག

ས་གནས་ནས་གནས་ཚུལ་འབྱོར་གསལ་ལྟར་ན། ད་ལྟའི་ཆར་པདྨ་རྫོང་ཡོངས་སུ་ཉེན་རྟོག་པ་དང་དམག་མིས་སྐོར་ཏེ་དམ་དྲག་ཤུགས་ཆེར་བྱེད་བཞིན་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

མཆན། 3

  1. ནོར་བུ། says:
    ལོ་ 14 སྔོན།

    རང་ལུས་མེར་སྒྲོན་ཏེ་ཐལ་མོ་སྦྱར་ནསགོམས་པ་༣༠༠(སུམ་བརྒྱ)ཙམ་རྒྱུགས་ཟེར་བ་དེ་ནོར་བ་ཡིན་གྱི་རེད།
    ཁྱེད་རང་གི་བསམ་བློ་ཐོངས་དང་། ལུས་ལ་མེ་འབར་བཞིན་དུ་གོམས་པ་སུམ་བརྒྱ་རྒྱུགས་ཐུབ་ཀྱི་ཁག་པོ་རེད། ཕལ་ཆེར་གོམས་པ་གསུམ་ཙམ་ཡིན་གྱི་རེད།

    Reply
  2. ཡེ་ཤེས་ཆོས་དབང་། says:
    ལོ་ 14 སྔོན།

    མགོ་ལོག་ལྕག་མོའི་གདུང་རྒྱུད། དཔའ་རྒོད་རྟག་མོའི་གོང་ཡ་ཡིན་། ཟེར་བ་ཞིག་གོ་སྟེ་བདེན་པ་ཡིནངེས་རེད།
    ངས་སྙིང་སྨོན་ལམ་ཁྱེད་ལ་ཡོད། །ལྷ་དང་བླ་མས་ཁྱེད་འདྲེན་ཡོང་། ཨོྃམཎི་པདྨེ་ཧཱུཾ

    Reply
  3. ཤག་སྒང་པ། says:
    ལོ་ 14 སྔོན།

    དཔའ་བོར་ན་མོ།

    འདི་ལྟར་ཡོད་ཚད་བཞག་ནས་མེ་དཔུང་དུ་ཞུགས་པ་ནི་གངས་རིིའི་བདེ་དོན་ཁོ་ནར་བོླས་བཏང་གནང་བ་ཡིན་པས་ཁྱེད་ལ་ཕྱག་འཚལ་གུས་བཏུད་དོ།།

    ཉིན་ཤས་ནས་མེ་རྒོལ་དང་འབྲེལ་བའི་གནས་ཚུལ་མཁོ་སྤྲོད་དུ་དུས་བབ་མགྱོགས་པོར་ཕེབས་པའི་ཚོར་བ་ཞིག་བྱུང་།

    རེད།
    དུས་བབ་ཀྱི་གནས་ཚུལ་ཁུངས་ལྡན་ཡིན་དགོས་ཤིང་དེ་ལ་གཞི་བཅོལ་བྱེད་མཁན་ཡང་ཡོད་པ་ངས་ཤེས།

    གང་ལྟར་ཁྱེད་རང་མགྱོགས་དགོས་ཤིང་ཁྱེད་ལ་འདི་ལྟར་མགྱོགས་པོར་ཕེབས་པའི་ཆ་རྐྱེན་ཡང་ཚང་ནས་ཡོད་པར་མཐོང་།

    ད་ལྟའི་དུས་སྐབས་འདིར་དུས་བབ་ཀྱི་གནས་ཚུལ་ནི་ཚོུད་ཉེར་བཞིར་ཞབས་ཞུ་དགོས་པར་ཚོར།

    ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese