མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཆིག་སྒྲིལ་ཆེན་མོ །

བོད་ཀྱི་དུས་བབ།
༢༠༠༨/༠༦/༠༤
Share on FacebookShare on TwitterShare on EmailShare on Whatsapp
          མདོ་དབུས་ཁམས་གསུམ་གྱི་བོད་མིའི་དགེ་འདུན་ལ་ཉན་པ །

གཞིས་ལུས་མི་དམངས་ཀྱི་སྐད་འབོད་དང་ བློས་བཏང་འདིས་བཙན་བྱོལ་གཞུང་དམངས་གཉིས་གཞི་གཅིག་ཏུ་བསྡུས་ཤིང་ ། མཆོད་མེ་གཅིག་གི་འོད་ངོགས་དང་འབོད་སྒྲ་གཅིག་གི་ཀི་འོག་ནས་བོད་གངས་ཅན་པའི་བླ་སྲོག་གསོས། འདི་ལྟར་དུས་ཡུན་འཁྱུག་ཙམ་རིང་ལ་མིག་གཉིས་མགོ་རྟིང་སློག་པ་བཞིན་ང་ཚོས་ལོ་རྒྱུས་ཀྱི་ཤོག་ངོས་གསར་བ་ཞིག་བཀླགས །
        བོད་མིའི་ཆིག་སྒྲིལ་ཆེན་མོ་འདི་ནི་ལོ་རྒྱུས་ཀྱི་བདེན་དཔང་དུ་གྱུར་ལ །  གལ་སྲིད་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོན་ངོ་མར་བོད་མི་རིགས་ཀྱི་དགོས་འདུན་དེ་གསལ་བོ་ཞིག་ཤེས་འདོད་ཡོད་ཚེ །  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟ་རྟོག་འོག་ནས་མང་མོས་འོས་བསྡུ་ལྟ་བུ་བྱེད་མི་དགོས་པར ། འདས་པའི་བདུན་ཕྲག་གཅིག་ནས་ད་བར་གྱི་མདོ་དབུས་ཁམས་གསུམ་གྱི་བོད་མི་ཚོའི་དགོས་འདུན་ གྱི་འབོད་སྒྲ་ལས་ཐོས་ཐུབ །  བོད་ས་སྟོད་སྨད་བར་གསུམ་དུ་བོད་མི་རིགས་ཀྱིས་ལས་འགུལ་གྱི་རྣམ་པ་གང་འདྲ་ཞིག་སྤེལ་ནས་འབོད་ཚིག་ཅི་འདྲ་ཞིག་བསྒྲགས་ཀྱང་དོན་དམ་དུ་དགོས་འདུན་གཉིས་གླེང་གི་ཡོད་ལ །  གཅིག་ནི་༧གོང་ས་མཆོག་ཕྱིར་བོད་དུ་ཕེབས་རྒྱུ་དང་ ། གཉིས་པ་ནི །  བོད་རང་བཙན་ཡིན །  ༧གོང་ས་མཆོག་ནི་བོད་མི་རིགས་ཀྱི་ལྷ་སྐལ་ཡིན་པ་དེ་བཞིན་དུ ། བོད་རང་བཙན་ཡང་བོད་མི་ཚོའི་ལྷན་སྐྱེས་ཀྱི་བདག་དབང་ཡིན་སྟབས་མི་རིགས་འདིའི་ངག་ནས་ནམ་ཡང་འབོར་མི་ཐུབ་པར་གྱུར་འདུག །   འབོད་ཚིག་འདི་གཉིས་ནི་མཐར་གཏུགས་ན་བོད་མིའི་རང་དབང་དང་བདག་དབང་གི་གནད་དོན་ཡིན་ལ །  ཉིན་འདི་དག་གི་རིང་བོད་མི་རིགས་ཀྱིས་ཚེ་སྲོག་གི་འགྲོ་གྲོན་གཏོང་དོན་ཡང་འདི་ལ་ཐུག ། 
འདི་ལྟར་གཞི་ལུས་མི་དམངས་ཀྱིས་རང་གི་མངོན་འདོད་ཅི་ཡིན་རྒྱ་ནག་གཙོ་བྱས་པའི་འཛམ་གླིང་མི་དམངས་ལ་བློ་དོགས་སེལ་ཡོད་ལ ། རྒྱལ་སྤྱིའི་སྲིད་དོན་པ་དག་ལའང་བོད་མི་རིགས་ཀྱི་བདག་དབང་འདི་གང་འདོད་དུ་བཙོང་མི་ཆོག་པའི་ཉེན་བརྡ་ བཏང་ཡོད །  གཞིས་ལུས་བོད་མིའི་ཆོད་སེམས་འདིས་ང་ཚོར་ལོ་རྒྱུས་ཀྱི་དྲན་གསོ་དང་མ་འོངས་པར་ཡིད་ཆེས་སྐྲུན་པ་མ་ཟད །   འཛམ་གླིང་གི་ཡང་རྩེ་འདི་ནས་བོད་རྒྱ་གཉིས་མུ་མཐུད་མཉམ་དུ་སྡོད་ཐབས་མེད་པའི་གནས་ལུགས་དེ་འཛམ་གླིང་མི་དམངས་ལ་གསལ་བཤད་བྱས །
ཡིད་ཆེས་ནི་རྒྱལ་ཁའི་རྩ་བ་ཡིན །  བོད་མི་རིགས་ཀྱིས་ཀྱང་རང་སྟེང་ནས་འདི་ལྟར་ཡིད་ཆེས་བརྙེད་པ་མ་ཟད །  བོད་གངས་ཅན་པའི་བུ་བརྒྱུད་ཕན་ཚུན་བར་ལ་ཡིད་ཆེས་བརྙེད །  ཡིད་ཆེས་ནི་ང་ཚོའི་འཐབ་རྩོད་ཀྱི་རྨང་གཞིར་བཏིངས ། འདི་ལྟའི་ཡིད་ཆེས་ཀྱི་དབང་གིས་བོད་མི་ཚོ་གཅིག་གཅིག་གི་ལག་མགོར་འཇུས་ནས་ལངས་ཤིང་ ། ཡིད་ཆེས་ཀྱི་དབང་གིས་བོད་མི་ཚོས་ཕན་ཚུན་གྱི་མིག་ཆུ་ཕྱིས ། 
        ད་ལྟའི་ཆར་བོད་མིའི་འཐབ་རྩོད་འདིའི་སྣེ་ཡི་ཛ་དྲག་ཆེ་ཤོས་ནི །  བོད་མི་རིགས་ཀྱི་ཆོད་སེམས་དང་རྒྱ་ནག་གཞུང་གི་མཁྲེགས་འཛིན་གཉིས་ཕན་ཚུན་གདོང་ཐུག་པ་དེ་ཡིན་ལ ། གནས་སྟངས་འདི་ནི་ད་ཆར་ཕྱི་བཤོལ་དང་གུ་ཡངས་མེད་སའི་ཁོར་ཡུག་ཅིག་ལ་ལྷུང་ཡོད་སྟབས །  ཧི་མ་ལ་ཡའི་རི་རྒྱུད་དང་ཤར་ཨེ་ཤ་ཡའི་རྩྭ་ཐང་འདིའི་སྟེང་དུ་མུན་ནག་གི་ལོ་ཟླ་ཞིག་མགོ་བརྩམས་ཡོད །  ཛ་དྲག་གི་གནས་སྟངས་འདི་སེལ་བ་ལ་ཐབས་ལམ་གཅིག་རང་མ་གཏོགས་མེད་ལ ། དེ་ནི་མཉམ་འབྲེལ་རྒྱལ་ཚོགས་སམ་ཡང་ན ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གཟི་དཔང་གནང་སྟེ་རྒྱ་ནག་གི་དཔོན་རིགས་རྣམས་དང་ ༧གོང་ས་མཆོག་ཞི་མོལ་གྱི་ཅོག་ཙེ་སྒང་ལ་འཁྲིད་ཡོང་སྟེ་དོན་དམ་གྱི་གྲོས་མོལ་གནང་རྒྱུ་དེ་ཡིན །
དེ་ལས་ལྡོག་སྟེ ། ༧གོང་ས་མཆོག་གིས་གཞིས་ལུས་བོད་མི་ཚོར་ངོ་རྒོལ་མཚམས་འཇོག་གི་འབོད་སྐུལ་ཞུ་བའམ ། ཡང་བསྐྱར་ བོད་རྒྱའི་འབྲེལ་བ་བསྐྱར་མཐུད་ཙམ་བྱས་ཏེ་སླར་ཡང་དུས་ཚོད་ནར་འགྱངས་བྱས་ཚེ་བོད་ཀྱི་གནད་དོན་འདི་ཡང་བསྐྱར་ཉུང་མཐར་ཡང་མི་ལོ་ ༥༠ རིང་གླེང་མི་ཐུབ་ལ ། མི་རིགས་འདིའི་དོན་དུ་ཚེ་སྲོག་གི་འགྲོ་གྲོན་བཏང་ཚར་བའི་ཉམ་ཆུང་བོད་མི་དག་གི་དགོས་འདུན་སྟོང་ཟད་དུ་གྱུར་ཏེ ། མཐར་བོད་གངས་ཅན་པ་འདི་རླབས་ཆེ་བའི་རིག་གཞུང་ཞིག་དང་མཉམ་དུ་གཏན་དུ་ནུབ་རྒྱུ་ལས་མ་འདས་སོ །།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist