མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧན་བོད་ཀྱི་འགལ་བ་ཨེ།

བོད་ཀྱི་དུས་བབ།
༢༠༠༨/༠༦/༡༠
Share on FacebookShare on TwitterShare on EmailShare on Whatsapp

ལོ་འདིར་གཞིས་ལུས་མི་དམངས་ཡར་ལངས་པ་ནས་བཟུང་བོད་ཀྱི་འཐབ་རྩོད་ལ་སེམས་ཁྲལ་གཉིས་དང་རེ་བ་གཅིག་སླེབས་པར་གྱུར ། སེམས་ཁྲལ་དང་པོ་ནི ། བོད་མི་རིགས་ཀྱི་འཐབ་རྩོད་འདི་ཕྱིར་༥༠ང་གྲངས་ཀྱི་ནང་དུ་ལོག་འགྲོ་བ་དང་ །  གཉིས་པ་ནི ། ལོ་༥༠རིང་མཉམ་གཤིབ་བྱས་རྗེས་གཞི་ནས་ཧན་མི་རིགས་དང་བོད་མི་རིགས་ཀྱི་བར་ལ་འགལ་བའི་རྩ་བ་ཟུག་མིན་དེ་ཡིན ། རེ་བ་གཅིག་པུ་ནི ། ད་ཆ་རྒྱ་ནག་གིས་བོད་མི་རིགས་འདི་རྡ་སའི་ལག་ཏུ་ཡོངས་སུ་ཤོར་ཞིང་ ། འདིའི་རྗེས་ནས་པེ་ཅིན་དང་རྡ་ས་གཉིས་ཀྱིས་རྒྱ་ནག་གི་ཧན་མི་རིགས་རྩོད་རྒྱུ་དེ་ཡིན །
བོད་ཀྱི་གནད་དོན་འདི་སེལ་དགོས་པ་ནི་གནས་སྟངས་ཀྱིས་ཐག་བཅད་པ་རེད ། འདི་མུ་མཐུད་ནར་འགྱངས་བྱས་ཚེ་བོད་ཀྱི་གནད་དོན་དེ་གནས་སྐབས་རིང་ལྷག་རུང་ ། འདིའི་རྩོད་གཞི་གལ་ཆེའི་གྲས་མྱུར་ཏུ་རྩ་མེད་དུ་འགྱུར་འགྲོ་སྟབས་བོད་དོན་འཐབ་རྩོད་ཀྱི་ཚེ་སྲོག་ལ་ཚབས་ཆེའི་རྨས་སྐྱོན་ཕོག་འགྲོ་བ་ཡིན ། སྐབས་འདིར་པེ་ཅིན་གྱི་དཔོན་རིགས་ཚོར་བོད་ཀྱི་གནད་དོན་སེལ་རྒྱུའི་འདོད་པ་མེད་ཅིང་ ། རྒྱལ་སྤྱིའི་སྤྱི་ཚོགས་ལ་འདིའི་ཐད་ནུས་པ་དང་ཐབས་ཤེས་ཟད་པའི་སྐབས་འདིར་བོད་མི་རིགས་ཀྱིས་བློ་ཐག་ཆོད་པའི་གོམ་པ་སྤོ་དགོས་པར་ཐུག་ཅིང་ །  རྒྱ་རྒོལ་གྱི་ལས་འགུལ་འདི་བོད་ས་ཁྱོན་ཡོངས་ནས་དུས་གཅིག་ཏུ་སྤེལ་བ་རེད ། ཡིན་ནའང་སེམས་ཁྲལ་གཙོ་བོ་ནི ། འདིའི་བརྒྱུད་རིམ་དང་མཇུག་འབྲས་ནི་ ༥༠ ང་གྲངས་ཀྱི་གནས་སྟངས་དང་གཅིག་མཚུངས་སུ་འགྱུར་བ་དང་ ། རྒྱ་ནག་གིས་ཞི་དྲག་གང་དགོས་ཀྱང་ལག་བསྟར་བྱེད་ངེས་ལ ། སྔོན་དང་མི་འདྲ་བའི་ཁྱད་ཆོས་གཙོ་བོ་ནི་དམར་དམག་རྒྱང་སྐྱོད་ཀྱི་ཆེད་དུ་ད་ཆར་མེ་འཁོར་ལྕགས་ལམ་ཡོད་སྟབས་རྒྱ་ནག་ལ་ལས་སླ་རུ་ཕྱིན་ཡོད ། དྲག་གནོན་གྱི་རྗེས་ནས་རྒྱ་ནག་གིས་གྲལ་རིམ་འཐབ་རྩོད་དང་རིག་གནས་གསར་བརྗེ་ཡང་སྔོན་མ་བཞིན་མགོ་ནས་རྩོམ་པར་འགྱུར་བ་ཡིན ། སེམས་ཁྲལ་གཞན་ཞིག་ནི། ཐ་ན་བོད་མི་རིགས་དང་འདིའི་འཐབ་རྩོད་ཚུན་ཆད་ནག་པོ་བཟོ་ཐབས་དེ་རེད ། ལར་ནས་རྒྱ་ནག་ནི་དམངས་གཙོའི་རྒྱལ་ཁབ་མིན་སྟབས། རྒྱ་ནག་གི་མི་འབོར་ཐེར་འབུམ་གཅིག་ལྷག་འདིས་པེ་ཅིན་གྱི་སྲིད་བྱུས་དང་ཐག་གཅོད་བཅས་ལ་ཕན་གནོད་ཀྱི་ནུས་པ་གང་འདྲ་ཞིག་སླེབས་ཐུབ་མིན་ནི་དྲི་བ་གཞན་ཞིག་ཡིན ། གལ་སྲིད་མི་འབོར་ཐེར་འབུམ་འདིར་ཤུགས་རྐྱེན་ཆེན་པོ་ཞིག་ཡོད་ཚེ །འདིའི་ཁེ་ཕན་པེ་ཅིན་གཅིག་པུར་བདག་པ་མིན་ལ ། བརྒྱུད་ལམ་ཡང་པེ་ཅིན་གཅིག་པུར་ཡོད་པ་མིན ། ང་ཚོས་ཀྱང་རེ་བ་གསར་པ་ཞིག་བཟུང་སྟེ་བོད་དོན་འཐབ་རྩོད་ཀྱི་ཐིག་རིས་འཐེན་བཞིན་འདིའི་ཁྱབ་ཁོངས་རྒྱ་ཆེ་རུ་བཏང་ཆོག
     དེ་ལྟར་ལྷ་སའི་ཡར་ལངས་ཀྱི་རྗེས་ནས་ང་ཚོས་སློབ་སྤྱོང་བྱེད་འོས་པ་ནི་༧གོང་ས་མཆོག་གིས་རྒྱ་ནག་མི་དམངས་ལ་གནང་བའི་གསུང་འཕྲིན་གྱི་དགོངས་དོན་ཡིན ། གསུང་འཕྲིན་འདི་ཡོངསལ་ཁྱབ་ཏུ་བསྩལ་སྟབས་གང་མྱུར་ཅི་མགྱོགས་ཀྱིས་ཡོངས་སུ་ཁྱབ་དགོས་ལ ། ལྷག་པར་དུ་རྒྱ་ནག་ཧན་མི་རིགས་དང་ ། འདིའི་ནང་འཐིམ་བཞིན་པའི་གྲངས་ཉུང་མི་རིགས་གཞན་དག་གིས་ཀྱང་སློབ་སྦྱོང་བྱེད་པར་རིགས ། ད་ལྟ་བོད་དོན་འཐབ་རྩོད་ཀྱི་རིམ་པ་གསར་བ་ཞིག་ལ་སླེབས་མིན་མི་ཤེས་ཀྱང་ ། འདི་ནི་རླབས་ཆེན་གྱི་དབུ་ཁྲིད་ཅིག་གིས་བོད་མི་ས་ཡ་དྲུག་དང་རྒྱ་ནག་ཧན་མི་རིགས་གཙོས་པའི་མི་འབོར་ཐེར་འབུམ་གཅིག་ལྷག་གི་ཕུག་རྒྱང་རིང་པོའི་བདེ་ཐབས་དང་རང་དབང་ལ་འགན་ལེན་གནང་བའི་གསུང་འཕྲིན་ཡིན་སྟབས ། བོད་རྒྱའི་ལོ་རྒྱུས་ཀྱི་ས་ཚིགས་ཁག་ཏུ་གནའ་བོའི་རྡོ་རིང་ལྟ་བུ་རེ་བཞེངས་མི་ཐུབ་ཀྱང་བོད་རྒྱ་གཉིས་ཀྱི་ལོ་རྒྱུས་ཀྱི་ཡིག་ཚང་དུ་ཅི་ནས་ཀྱང་འཁོད་དགོས་པར་འདོད་དོ།།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༩/༡༣
Mobile App

བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྱི་གྲོས་ཆོད་དོན་ཚན་བདུན་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་གནང་། 

༢༠༢༥/༠༩/༡༣
Mobile App

གཏན་འཇགས་ཐབས་ཇུས་ཚོགས་ཆུང་དང་འབྲེལ་བའི་སྐར་རྟགས་ཅན་གྱི་དྲི་བར་ལན་འདེབས་གསལ་བཤད་གནང་།

༢༠༢༥/༠༩/༡༣
Mobile App

བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་དང་རྒྱ་ནག་གི་ཆབ་སྲིད་ལག་ཆ།

༢༠༢༥/༠༩/༡༢
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་དྭང་བླངས་ཞུ་གཏུག་ཚན་པར་འཛམ་གླིང་རྒྱལ་ཁབ་ ༡༩ ནང་ཚོགས་མི་འདུག

༢༠༢༥/༠༩/༡༢
༧གོང་ས་མཆོག གསུང་འཕྲིན།

རྒྱ་གར་གྱི་སྲིད་འཛིན་གཞོན་པ་གསར་པར་འཚམས་འདྲི་མཛད། 

༢༠༢༥/༠༩/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese