མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚན་རིག་དང་ནང་ཆོས་བར་གྱི་འགལ་འབྲེལ། ཚན་པ་གཉིས་པ།

བོད་ཀྱི་དུས་བབ།
༢༠༠༨/༠༧/༠༢
Share on FacebookShare on TwitterShare on EmailShare on Whatsapp

༨. དྲི་བ། དེང་སྐབས་བོད་ནང་གི་ཆོས་ལུགས་ཞིབ་འཇུག་པ་དང་ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པ་བ། དངོས་གཤིས་རིག་པ་བ། སྐྱེ་དངོས་རིག་པ་བ་སོགས་ཀྱིས་ནང་ཆོས་ལས་དངོས་པོའི་གནས་ལུགས་གཏན་ལ་ཕབ་ཚུལ་དང་། གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་སོགས་ལ་དཔྱད་ན། ཤཱཀྱ་ཐུབ་པ་དང་ཀླུ་སྒྲུབ་སོགས་ནི་སེམས་གཙོ་སྨྲ་བ་ལས་དངོས་གཙོ་སྨྲ་བར་ཧ་ཅང་ཐག་ཉེ་བས། ཁོང་ཚོ་དངོས་གཙོ་སྨྲ་བ་ངོ་མ་ཞིག་རེད་ཅེས་གསུང་མཁན་མང་པོ་འདུག་པའི་རྒྱུ་མཚན་ཅི་ཡིན་ནམ།
ལན། སྤྱིར་ང་ཚོས་གྲུབ་མཐའ་བཞི་ལས་བྱེ་བྲག་སྨྲ་བ་དང་མདོ་སྡེ་བ་གཉིས་ལ་དངོས་སྨྲ་བ་ཟེར་མོད། འོན་ཀྱང་། དེང་གི་དབྱིན་ཡིག་ནང་གི་དངོས་གཙོ་སྨྲ་བ་ Materialism ཞེས་པ་དེ་དང་ཐ་དད་རེད། དབྱིན་ཡིག་ནང་གི་ Materialism ཞེས་པའི་དངོས་གཙོ་སྨྲ་བ་དེ་མཐོང་རྒྱུ་ཐོས་རྒྱུ་ཡོད་པ་རྐྱང་བ་ལས་གཞན་རྩ་བ་ནས་ཁས་མི་ལེན་མཁན་ཞིག་ལ་ཟེར་བ་རེད། འོན་ཀྱང་ཤཱཀྱ་ཐུབ་པ་དང་ཀླུ་སྒྲུབ་སོགས་ཀྱིས་དེ་ལྟ་མ་ཡིན་པར། ཐར་བ་དང་ཐམས་ཅད་མཁྱེན་པ། རྟེན་འབྱུང་སྟོང་ཉིད་སོགས་ཁས་ལེན་ཞིང་གསུང་དུ་བསྟན་ཡོད་སྟབས། ཁོང་རྣམ་པར་དངོས་གཙོ་དང་སེམས་གཙོ་གང་ལྟར་ཡང་། དབྱིན་ཡིག་ནང་གི་དངོས་གཙོ་སྨྲ་བ་ Materialism ཞེས་པའི་ཚིག་དེ་སྤྱད་ན་ཅུང་མི་འགྲིག
༩. དྲི་བ།  འཛམ་གླིང་ཚན་རིག་ལོ་རྒྱུས་ཁྲོད་ཀྱི་གློག་རྡུལ་དང་ཚད་རྡུལ། གཞི་རྡུལ་ནུས་པའི་རིག་པ་སྨྲ་བ་སྐད་གྲགས་ཅན། རྟེན་འབྲེལ་རིག་པའི་རྒྱལ་བོ་ཨ་ཡན་སི་ཐན་གྱི་རྡུལ་ཕྲན་ atom གྱི་ལྟ་གྲུབ་དང་། སློབ་དཔོན་དབྱིག་གཉེན་གྱི་རྡུལ་ཕྲན་རིགས་པའི་རྣམ་བཞག་གཉིས་བར་འགལ་འབྲེལ་གྱི་ཆ་གཙོ་བོ་གང་དག་ཡོད་དམ།
ལན། རྡུལ་ཕྲན་གྱི་རྣམ་བཞག་རྒྱས་བ་བྱེ་བྲག་སྨྲ་བའི་སྐབས་སུ་བསྟན་ཡོད། རྡུལ་ཕྲན་ལས་ཆུང་བ་རྡུལ་ཕྲ་རབ་ཟེར་བ་ཞིག་བཤད་ཡོད། རྡུལ་ཕྲ་རབ་དེ་གཟུགས་ཀྱི་ཆུང་མཐའ་ཡིན་སྟབས་དེར་ཆ་བགོས་བྱེད་རྒྱུ་མེད་ཟེར་གྱིན་ཡོད། རྡུལ་ཕྲ་རབ་གཟུགས་ཀྱི་ཆུང་མཐའ་ཡིན་པར་ནང་བའི་གྲུབ་མཐའ་ཚང་མའི་འདོད་ཚུལ་གཅིག་མཚུངས་ཡིན། ནང་ཆོས་ལས་ཕྲ་རྡུལ་ཆུང་བའི་ཚད་གཞི་ནི། རི་བོང་གི་སྤུ་ཉག་གཅིག་གི་རྩེ་མོ་གྲངས་ཉིས་སྟོང་བཞི་བརྒྱ་༢༤༠༠ ཁ་གཤགས་པའི་ཆ་གཅིག་གི་ཚད་ལ་རྡུལ་ཕྲ་རབ་ཟེར་ཞིང་། ཚན་རིག་གིས་ atom གྱི་ཆུང་བའི་ཚད་གཞི། ཤོག་དཀར་ཐར་གཅིག་གི་མཐུག་བརྔམ་གྱི་ནང་དུ་ atom ས་ཡ་གཅིག་ལྷག་ཤོང་ཟེར་གྱིན་ཡོད་སྟབས། དེ་ཤིན་ཏུ་ཕྲ་བའི་དངོས་པོ་ཞིག་རེད། དེར་བརྟེན་ང་ཚོས་ཚན་རིག་ལ་སློབ་སྦྱོང་བྱེད་ཀྱིན་ཡོད་པ་རེད། འོན་ཀྱང་གོང་གི་རྩི་སྟངས་དེ་གྲུབ་མཐའ་འོག་མའི་འདོད་ཚུལ་རེད། གྲུབ་མཐའ་གོང་མ་དབུ་མ་ལྟ་བུར་མཚོན་ན། གཞིི་གྲུབ་ན་ཆ་ཅན་ཡིན་པའི་ཁྱབ། ཆ་མེད་ལ་གཞི་ཅན་མི་སྲིད་པའི་ཕྱིར་ཟེར་བཞིན་ཡོད་པ་རེད།
༡༠. དྲི་བ། ཆོས་ལུགས་པ་དག་གིས་སྤྱི་ཚོགས་ཡར་རྒྱས་ལ་ཆོས་ལུགས་ཀྱིས་འགོག་རྐྱེན་མི་བྱེད་ཟེར་ཀྱང་། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་བའི་ལོ་རྒྱུས་ཀྱི་ཆོས་ཉིད་ལ་ཕྱིར་རྟོག་བྱས་ན། ཆོས་ལུགས་དར་བའི་ལོ་རྒྱུས་ཀྱི་རྒྱུན་ཆེས་རིང་བའི་གནའ་བོའི་རྒྱལ་ཁབ་གྷི་རི་སི་དང་། ཨི་ཇིབ། རོ་མ། ཨ་རབ། དེ་བཞིན་ཧིན་དྷིའི་བཞུར་རྒྱུན་སོགས་སུ་ཚན་རིག་དང་དཔལ་འབྱོར་སོགས་ཕྱོགས་གང་ཅིའི་ཐད་ནས་དེང་སྐབས་རྗེས་ལུས་ཀྱི་རྣམ་པ་ཐོན་འདུག་པའི་རྒྱུ་མཚན་ཅུ་ཡིན་ནམ།
ལན། མི་མང་པོར་དེ་འདྲའི་བསམ་ཚུལ་འཁོར་གྱིན་ཡོད་མོད་ང་དེར་མོས་མཐུན་མེད། གང་ཡིན་ཞེ་ན། ནང་བསམ་བློའི་ཉམས་ལེན་དང་འདོད་ཆུང་ཆོག་ཤེས་སོགས་ཀྱིས་སྤྱི་ཚོགས་ཡར་རྒྱས་ལ་ཤུགས་རྐྱེན་ཕྲན་བུ་ཐེབ་སྲིད་ཀྱང་། རྩ་བའི་ཆ་ནས་ཁོར་ཡུག་དང་ཕྱི་ནང་གི་རྐྱེན་ལ་རག་ལས་ཡོད་པ་མ་གཏོགས། ཆོས་ལུགས་ཀྱིས་འགོག་རྐྱེན་བྱས་པ་མ་རེད། ཡུ་རོབ་དང་ཨ་རི་སོགས་སུ་ཡི་ཤུ་ཆོས་ལུགས་ཤུགས་ཆེན་དར་ཡོད་མོད། དེས་སྤྱི་ཚོགས་ཡར་རྒྱས་ལ་འགོག་རྐྱེན་བྱས་མེད། གོང་དུ་ཁྱོད་ཀྱིས་དྲངས་པའི་རྒྱལ་ཁབ་དེ་དག་སྐྱོ་བོ་ཡིན་པ་བདེན་པ་རེད། དེ་ཚོར་ད་སྔ་ཕྱིའི་དངོས་པོའི་དཔལ་ཡོན་ཡར་རྒྱས་འགྲོ་བའི་ཁོར་ཡུག་ལ་འཕྲད་མེད། བོད་ལྟ་བུར་མཚོན་ན་ད་བར་གཞན་ལ་འབྲེལ་བ་མ་བྱས་པར་ལྷག་པ་ལྟ་བུ་རེད། སྤྱིར་གདོད་མའི་རྒྱལ་ཁབ་དེ་དག་གི་མི་རིགས་ཚོས་ནང་བསམ་བློའི་དཔལ་ཡོན་མ་གཏོགས་ཕྱིའི་དངོས་པོའི་དཔལ་ཡོན་ལ་འབད་བརྩོན་ཡང་གནང་ཡོད་པ་མ་རེད།
༡༡. དྲི་བ། ཨ་རི་དང་ཇར་པན་ལྟ་བུའི་དེང་རབས་སྲིད་འབྱོར་རིག་གསུམ་སྔོན་ཐོན་གྱི་རྒྱལ་ཁབ་ལྟ་བུར་མཚོན་ནའང་སྔོན་མ་ཆོས་ལུགས་དར་ཁྱབ་བྱུང་མྱོང་ཡོད་ཀྱང་། ཚན་རྩལ་རིག་པ་དར་རྗེས་རིམ་གྱིས་ཆོས་ལུགས་ཉམས་གུད་དུ་འགྲོ་མགོ་ཚུགས་ཡོད། དེར་བརྟེན་བོད་དུའང་ཚན་རིག་དང་ཆོས་ལུགས་དཔུང་བ་མཉམ་གཤིབས་ཀྱིས་སྐྱོད་ན་རྒྱལ་ཕམ་འམ་མཇུག་འབྲས་ཅི་ཞིག་འབྱུང་སྲིད་དམ།
ལན། ངར་མཚོན་ན་བོད་པའི་སྤྱི་ཚོགས་དང་། དགོན་སྡེ་ཁག་ནང་ཚན་རིག་སློབ་རྒྱུ་དེ་བོད་པའི་ཤེས་རིག་གི་ལོ་རྒྱུས་ནང་ཤིན་དུ་གལ་འགེངས་ཆེ་བའི་གོམ་བགྲོད་ཅིག་རེད་བསམ་ཡོད། འདོད་ཀྱང་རུང་ལ་མ་འདོད་ཀྱང་རུང་ཆེ་ས་ནས་འཛམ་གླིང་ཡོངས་དང་། ཆུང་ས་ནས་མི་སྒེར་རེ་རེའི་སྟེང་ཚན་རིག་དང་འཕྲུལ་ཆས་ཀྱི་ནུས་པ་མ་སླེབས་ས་ཞིག་ཧ་ལམ་ཡོད་པ་མ་རེད། འོན་ཀྱང་ཚན་རིག་ཡིན་ན་འདྲ་ལ། ཆོས་ལུགས་ཡིན་ནའང་འདྲ་རྒྱུ་མཚན་དང་གནས་ལུགས་ལྡན་པ་ཞིག་རེད་དམ་མ་རེད། སྤྱི་ཚོགས་ལ་ཕན་ཐོག་པ་ཞིག་རེད་དམ། གནོད་སྐྱེལ་མཁན་ཞིག་རེད་དེར་བརྟག་དཔྱད་ནན་ཏན་གཏོང་དགོས། ནང་ཆོས་ལ་མཚོན་ན་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་སོགས་ཧ་ཅང་རྒྱུ་མཚན་དང་ལྡན་པ་ཞིག་ཆགས་ཡོད། རྒྱུ་མཚན་དང་ལྡན་པའི་ཆོས་དེ་རྒྱུ་མཚན་དང་ལྡན་པའི་ཐོག་ལ་འགྲོ་ཐུབ་མིན་རྗེས་འཇུག་པ་ཚོར་རག་ལས་ཡོད། རྗེས་འཇུག་པ་ཚོས་སྐོར་བ་སྐོར་བ་དང་། ཕྱག་འཚལ་བ་ལྟ་བུའི་ཕྱི་རོལ་ཟང་ཟིང་གི་ཆོས་ཙམ་ལས་ནང་གི་ཤེས་ཡོན་དང་། བསམ་བློའི་སྦྱོང་བརྡར་གོང་མཐོར་གཏོང་མ་ཐུབ་པ་ཡིན་ན་ཆོས་ལུགས་ཉམས་སྲིད་པ་ཞིག་རེད།
༡༢. དྲི་བ། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གཏམ་བརྒྱུད་གསེར་ཐང་དུ། ངེད་སྟོན་པའི་ཆོས་འདི་ས་ཡན་སིའི་རིག་པ་དང་ལག་སྤྲེལ་ནས་རྒྱུག་ཅིང་། མཐར་གཅིག་ཤོས་ངལ་ན་ད་དུང་ནང་ཆོས་ཕ་རོལ་དུ་མཆོངས་འགྲོ་ནུས་པ་ཡིན་ཞེས་གསུངས་ཡོད་པར་གཞིགས་ན། དགེ་ཆོས་ཀྱིས་སྔ་དར་ནང་ཆོས་དང་ཕྱི་དར་ཚན་རིག་བར་དཔྱད་ཞིབ་བྱས་ཡོད་པ་ཤེས་ནུས་ལ། ཁོང་ནི་བོད་གངས་ཅན་ལྗོངས་སུ་ནང་ཆོས་དང་མཚན་རིག་བར་ཞིབ་འཇིག་བྱེད་མཁན་ཐོག་མ་དེ་ཆགས་ཡོད་སྟབས། ཁོང་གིས་ཞིབ་འཇུག་ཇི་ལྟར་བྱས་ཡོད་པ་དང་། ཞིབ་འཇུག་བྱས་པའི་གྲུབ་དོན་གང་ཞིག་རྙེད་ཡོད་དམ།
ལན། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ནང་ཆོས་དང་ཚན་རིག་བར་ཞིབ་འཇུག་ཇི་ལྟར་བྱས་པ་དང་། དེར་གྲུབ་དོན་གང་ཡོད་ཐད། ངས་གསལ་བོ་ཞིག་ཁྱེད་ལ་ཞུ་ཐུབ་ཀྱིན་མི་འདུག་མོད། ཁོང་ལ་སྐྱེ་སྟོབས་ཀྱི་ཤེས་རབ་དང་སྦྱང་ཐོབ་ཀྱི་ཡོན་ཏན་གཉིས་ཀ་ཡོད་པ། རྒྱུ་མཚན་མེད་པར་གཞན་ལ་བདེན་ཁ་མི་སྟེར་བའི་གཤིས་ཀ་རང་ཆས་སུ་ཡོད་པའི་སྐྱེས་བུ་ཞིག་རེད། ཁོ་ལ་དང་པོ་ནས་ཚན་རིག་སྐོར་ལ་དཔྱད་ཞིབ་ཀྱི་གཤིས་ཀ་ཡོད་པའི་ཁར། སངས་རྒྱས་ཀྱི་གསུང་རབ་ལ་སྦྱང་བ་མི་དམན་པ། ཚན་རིག་མཁས་པར་དངོས་སུ་ཐུག་ཡོད་མེད་གང་ལྟར་ཀྱང་། རྒྱ་གར་དང་སིང་གྷ་ལ་སོགས་སུ་ཕེབས་ཏེ་ཚན་རིག་སྐོར་གྱི་མཐོང་ཐོས་མང་པོ་ཞིག་བྱུང་ཡོད། མི་མང་པོ་ཞིག་གིས་དེང་གི་ནུབ་ཕྱོགས་པའི་ཚན་རིག་སྐོར་ལ་བོད་པ་ཧ་གོ་སྟེ། འགྲེལ་བཤད་རྒྱག་མཁན་དང་པོ་དགེ་འདུན་ཆོས་འཕེལ་རྩི་བཞིན་ཡོད་མོད། ང་དེར་དོགས་པ་ཞིག་འདུག ཁོང་གི་གོང་དུ་ཚན་རིག་སྐོར་ལ་བཤད་མཁན་ཞིག་བྱུང་ཡོད་པ་ཐོས་མྱོང་ཡོད།
༡༣. དྲི་བ། ཨ་ཡན་སི་ཐན་གྱིས་བཤད་པའི་རྟེན་འབྲེལ་གྱི་རྣམ་བཞག་ Relativity ཞེས་པ་དེ། དབྱིན་ཡིག་གི་ཚིག་མཛོད་དག་དང་། དབྱིན་ཡིག་འཛམ་གླིང་ཚིག་མཛོད་ཆེན་མོ་སོགས་སུའང་ཨ་ཡན་སི་ཐན་གྱི་རྟེན་འབྲེལ་རིག་པ་ཞེས་ལབ་འདུག་པས། གོང་གི་ཚིག་དེ་དང་ནང་ཆོས་ལས་གསུང་བའི་རྟེན་འབྲེལ་གྱི་རྣམ་བཞག་གཉིས་ལ་ཁྱད་པར་དང་ཕྲ་རགས་ཡོད་དམ།
ལན། དེ་གཉིས་ཕྱོགས་ཙམ་འདྲ་མོད། འོན་ཀྱང་། ཨ་ཡན་སི་ཐན་གྱི་རྟེན་འབྲེལ་གྱི་རྣམ་བཞག་ནང་དུ་ནང་སེམས་དེ་རྟེན་འབྱུང་ལྟོས་གྲུབ་གང་ཡིན་གྱི་སྐད་ཆ་དེ་ཙམ་མེད། ཁོང་གིས་ General Relativity དང་ Special Relativity གཉིས་གསུང་ཡོད་པའི་ནང་། གཙོ་བོ་ཕྱི་དངོས་པོའི་རྫས་དང་། གློག་སོགས་ནུས་པའི་འགྲོ་སྟངས་རིགས་ལྟོས་གྲུབ་ཡིན་པར་བཤད་ཡོད། ནང་ཆོས་ཀྱི་དབུ་མ་ཐལ་འགྱུར་ལྟ་བུར་རྟེན་འབྲེལ་རིམ་པ་གསུམ་ཙམ་བཤད་ཡོད། དང་པོ། ལྟོས་གྲུབ་རྒྱུ་རྐྱེན་ལ་རྟེན་ནས་བྱུང་བ། དེ་ལས་ཕྲ་རུ་ཕྱིན་ན་ཆ་དང་ཆ་ཤས་ཕན་ཚུན་ལ་བརྟེན་པ། དེ་ལས་ཕྲ་རུ་ཕྱིན་ཚེ་རྟག་མི་རྟག་གི་ཆོས་ཐམས་ཅད་བློས་བཞག་པ་ཡིན་པར་གསུངས་ཡོད་སྟབས། ལྟོས་གྲུབ་རྟེན་འབྱུང་གིས་ཆོས་ཐམས་ཅད་ལ་ཁྱབ་ཡོད།
༡༤ .དྲི་བ། རྟེན་འབྱུང་སྟོང་ཉིད་དང་། སྟོང་ཉིད་རྟེན་འབྱུང་གི་གནས་ལུགས་དེ་ཨ་ཡན་སི་ཐན་གཙོས་པའི་ཚན་རིག་པ་དག་གིས་མཚོན་ཆ་དང་སྨན་རྫས། འཕྲུལ་རིགས་སོགས་ཕྱིའི་དངོས་པོའི་དཔལ་ཡོན་གསར་སྐྲུན་བྱ་ཐབས་སུ་སྤྱད་དེ། འཇིག་རྟེན་ཡར་རྒྱས་ཀྱི་མཐུན་རྐྱེན་དུ་སྦྱོར་བཞིན་ཡོད་ན་ཡང་། ཤཱཀྱ་ཐུབ་པ་དང་ཀླུ་སྒྲུབ་ཡབ་སྲས། རྗེ་རིན་པོ་ཆེ་སོགས་ནང་པའི་ཆོས་ལུགས་པ་དག་གིས་མི་རྟག་པ་དང་བདག་མེད། སྡུག་བསྔལ། སྟོང་བ་སོགས་སྒྲུབ་བྱེད་དུ་སྤྱད་དེ་འཇིག་རྟེན་ལས་འདས་པའི་བདེ་བ་ཞིག་འཚོལ་བའི་ཐབས་སུ་བསྟེན་བཞིན་ཡོད་སྟབས། རྒྱུ་མཐུན་པ་ལས་འབྲས་བུ་ཐ་དད་པ་གཉིས་བསྐྱེད་པའི་རྒྱུ་མཚན་ཅི་ཡིན་ནམ།
ལན། ངས་གོང་དུ་བཤད་པ་བཞིན་ཚན་རིག་པ་ཚོས་ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་གཉིས་ལས་ཀུན་རྫོབ་ཀྱི་ཆོས་གཙོ་བོར་འཛིན་བཞིན་ཡོད་ལ། དོན་དམ་བདེན་པ་བཤད་སྐབས་སྟོང་ཉིད་ཀྱི་གནས་ལུགས་སླེབས་ཡོང་གིན་ཡོད་སྟབས། ཁོང་ཚོས་དེའི་ཕྱོགས་ཙམ་རེ་ལས་དཔྱོད་ཐུབ་ཀྱིན་མེད། ཨ་ཡན་སི་ཐན་གྱི་ལྟོས་གྲུབ་རིག་པ་ནི་ཕྱི་རོལ་ཀུན་རྫོབ་ཀྱི་ཆོས་དང་། རྡུལ་ཕྲན་སོགས་ལས་ཅུང་བརྒལ་ཏེ་སྟོང་ཉིད་ཀྱི་ཕྱོགས་ཙམ་དུ་སྐྱོད་བཞིན་ཡོད། འོན་ཀྱང་། ནང་ཆོས་ནང་བཤད་བཞིན་པའི་རྟེན་འབྱུང་དང་སྟོང་ཉིད་ཟེར་བ་དེ་ཚན་རིག་གི་གྲུབ་དོན་ར་བ་ལས་ཆེས་ཆེར་བརྒལ་ཡོད་སྟབས། ནང་ཆོས་ནང་བཤད་བཞིན་པའི་འཇིག་རྟེན་ལས་འདས་པའི་བྱ་དངོས་དེ་དག་ཚན་རིག་པས་དང་ལེན་བྱེད་མ་ཐུབ་པ་རེད་ཅེས་ན་མི་ཆོག་པ་མེད། ང་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་ལ། ནང་པ་སངས་རྒྱས་པས་བཤད་བཞིན་པའི་རྟེན་འབྲེལ་དང་སྟོང་ཉིད་ཟེར་བ་དེ། གཟུགས་ཅན་དང་གཟུགས་མེད། རྟག་པ་དང་མི་རྟག་པ་སོགས་ཡོད་པའི་ཆོས་ཡོད་ཚད་ལ་ཁྱབ་པའི་གནས་ལུགས་ཟབ་མོ་ཞིག་ཡིན།
༡༥. དྲི་བ། དུས་འཁོར་རྩ་བརྒྱུད་སོགས་ཀྱི་ཕྱིའི་སྣོད་ཀྱི་འཇིག་རྟེན་ཆགས་རིམ་ལྟར་ན། སའི་དཀྱིལ་འཁོར་གྱི་ཕྱི་མཐའ་གཅིག་ནས་ཕྱི་མཐའ་ཆིག་ཤོས་བར་དཔག་ཚད་འབུམ་གཅིག་ ༡༠༠༠༠༠ ཡོད་པར་གསུང་ལ། ཚན་རིག་གི་རྩི་སྟངས་ལྟར་ན་སའི་གོ་ལའི་བྱང་མཐའ་ནས་ལྷོ་མཐའི་བར་སྤྱི་ལེ་ཆིག་ཁྲི་ཉིས་སྟོང་བདུན་བརྒྱ་ལྔ་བཅུ་ང་དྲུག་ ༡༢༧༥༦ ཡིན་པར་ཐག་གིས་བཅད་ཡོད། དུས་འཁོར་ནང་གི་དཔག་ཚད་གཅིག་དང་ཚན་རིག་ནང་གི་སྤྱི་ལེ་བརྒྱད་ཚད་མཉམ་ཡིན་ཟེར་བས་ན། སའི་གོ་ལའི་ཚད་གཞིའི་ཐད་དུས་འཁོར་དང་ཚན་རིག་གཉིས་བར་ཁྱད་པར་ཆེན་པོ་དེ་ཙམ་ཤོར་བའི་རྒྱུ་མཚན་ཅི་ཡིན་ནམ།
ལན། དྲང་མོར་བཤད་ན་དེའི་སྐོར་ངས་གསལ་བོ་དང་ཆ་ཚང་བ་ཞིག་ཤེས་ཀྱིན་མེད་མོད། སྤྱིར་མཛོད་ནས་བཤད་པ་དང་མངོན་པ་ནས་བཤད་པ་གཉིས་མི་མཐུན་ལ། དེ་བཞིན་དུས་འཁོར་གཅིག་པུར་ཡང་འགྲེལ་བཤད་མི་འདྲ་བ་རིགས་ཁ་ཤས་ཡོད། གལ་ཆེ་ཤོས་ང་ཚོས་དཔྱད་ཞིབ་བྱས་ཏེ། ཚན་རིག་གི་རྩིས་གཞིའི་ཚད་རྒྱག་སྟངས་དེ་དང་། ནང་ཆོས་ཀྱི་རྩིས་གཞིའི་ཚད་རྒྱག་སྟངས་དེ་གཉིས་ཀྱི་རྩ་བའི་ཚད་རྒྱག་སྟངས་ལ་ཁྱད་པར་ཡོད་མེད་དེ་ཐག་གིས་གཅོད་དགོས། ནང་ཆོས་ལས་བཤད་པ་དེ་དག་གི་དམིགས་ཡུལ་གྱི་ཐད་ནས་ཀྱང་ཅུང་མི་འདྲ། མཛོད་ཀྱི་ནང་དུ་ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས་ཟེར་བ་དང་། དུས་འཁོར་ནང་སྔགས་ཉམས་ལེན་བྱེད་སྐབས། ཕྱིའི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གཉིས་ཆགས་ཚུལ་ཕན་ཚུན་འདྲ་བར་སྦྱར་ཡོད་པ་རེད། དེ་ལྟར་གདུལ་བྱ་སོ་སོའི་དགོས་པ་མི་འདྲ་བའི་རྐྱེན་གྱིས་བཤད་སྟངས་ཡང་མ་འདྲ་བ་མིན་ནམ་སྙམ།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

ཆུ་ཚོད་ ༡༢ སྔོན་ལ།
ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

༢༠༢༦/༠༣/༠༩
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

༢༠༢༦/༠༣/༠༩
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

༢༠༢༦/༠༣/༠༩
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese