མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལག་གཡོན་པ་རྒྱ་ནག་ལ་བསྲིངས་ཤིང་ལག་གཡས་པ་རྒྱལ་སྤྱིའི་སྤྱི་ཚོགས་ལ་འསྲིངས་ཡོད།

བོད་ཀྱི་དུས་བབ།
༢༠༠༨/༠༧/༠༤
Share on FacebookShare on TwitterShare on EmailShare on Whatsapp

ལག་གཡོན་པ་རྒྱ་ནག་ལ་བསྲིངས་ཤིང་ལག་གཡས་པ་རྒྱལ་སྤྱིའི་སྤྱི་ཚོགས་ལ་འསྲིངས་ཡོད།
འཇར་མན་རླུང་འཕྲིན།
༢༠༠༨ལོའི་ཟླ་༥ཚེས༡༩ཉིན་གྱི་ཞོགས་པར། ཏཱ་ལའི་བླ་མས་འཇར་མན་ཡར་རྒྱས་རོགས་སྐྱོརབློན་ཆེན་ལྕམ་ཧར་ཊར་མ་རི་མཆོག་དང་མཇལ་འཕྲད་གནང་གྲུབ་རྗེས་ཆུ་ཚོད་གཉིས་ཀྱི་རིང་རྒྱ་ནག་གི་གསར་འགོད་པ་ཁག་ཅིག་གིས་མཉམ་འབྲེལ་བཅར་འདྲི་དང་ལེན་གནང་བ་དང༌། འདི་ནི་ཏཱ་ལའི་བླ་མས་འཇར་མན་ནང་རྒྱ་མིའི་གསར་འགོད་པ་ཚོར་ཐུག་འཕྲད་གནང་བ་ཐེངས་དང་པོ་དེ་ཆགས་ཡོད་པ་དང༌། གསར་འགོད་པ་ཚོའི་ཁྲོད་འཇར་མན་ས་གནས་ཀྱི་རྒྱ་ཡིག་སྡེ་ཚན་གཙོས་འཇར་མན་ས་གནས་ཀྱི་རྒྱ་ཡིག་ཚགས་པར་ཁག་གི་གསར་འགོད་པ་ལས་གཞན། ད་དུང་རྒྱ་ནག་གཞུང་འབྲེལ་ཀྲུང་དབྱང་བརྙན་འཕྲིན་ཁང་དང༌།  ཞིན་ཧ་གསར་འགྱུར་ལས་ཁུངས།མི་མང་ཉིན་རེ་ཚགས་པར། རྒྱ་ནག་རྒྱལ་སྤྱིའི་རླུང་འཕྲིན་ཁང༌། ཀང་མེན་ཚགས་པར།  འཛམ་གླིང་དུས་བབ། གྲོང་ཁྱེར་ཧྲང་ཧེ་ཡིས་བིན་ཧེ་ཚགས་པར་བཅས་ཀྱི་འཇར་མན་གནས་སྡོད་གསར་འགོད་པ་ཚོ་ཡོད་ལ། ཨ་ཀྱཱ་རིན་པོ་ཆེ་ཡིས་ཐེངས་འདིའི་བཅར་འདྲི་ཡི་སྐད་བསྒྱུར་གནང་ཡོད་པ་རེད།
དྲི་བ།  བཙན་བྱོལ་བོད་གཞུང་དང་པེ་ཅིན་གཉིས་ཀྱི་བར་གྲོས་མོལ་ཐེངས་བདུན་ལ་གནང་ཡོད་པ་དང༌། ད་ལྟའི་བར་ཡར་རྒྱས་ཅི་ཡང་ཕྱིན་མེད་པའི་རྒྱ་རྐྱེན་ཅི་ཞིག་ཡིན་ནམ། ཐེངས་རྗེས་མའི་གྲོས་མོལ་ལ་ཁྱེད་ཀྱིས་རེ་བ་ཅི་ཞིག་བཟུང་ཡོདདམ།
ལན། ༢༠༠༢ལོ་ནས་བཟུང་ཕྱོགས་གཉིས་ཀྱི་འབྲེལ་བ་བསྐྱར་ཏུ་འགོ་བཙུགས་ཏེ་ད་ལྟའི་འབྲེལ་མོལ་གྱི་སྔོན་དུ། ང་ཚོ་དང་པེ་ཅིན་སྐུ་ཚབ་དབར་འབྲེལ་མོལ་ཐེངས་དྲུག་པ་བྱུང་ཡོད་ལ་དེའི་ཁྲོད་ཀྱི་འབྲེལ་མོལ་ཐེངས་ལྔ་བ་དེ་༢༠༠༧ལོའི་ཕྱི་ཟླ་༢པའི་ནང་བྱུང་བ་དང༌། སྐབས་དེར་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་བློན་ཆེན་གཞོན་པ་ཀྲུའུ་ལྦེ་ཆོན་གྱིས་ཏཱ་ལའི་བླ་མའི་བོད་རང་བཙན་རྩོད་ཀྱི་ཡོད་པ་མ་རེད་ཅེས་གསལ་བོར་བརྗོད་ཡོད་པ་རེད། ཡིན་ན་ཡང་༢༠༠༧ལོའི་ཕྱི་ཟླ ༤བ་དང༥ ནས་འགོ་བཙུགསཏེ་བོད་རང་བཙན་ཁ་བྲལ་སྟོབས་ཤུགས་ལ་སྐྱོན་བརྗོད་ཀྱི་སྐད་ཆ་དྲག་ཏུ་ཕྱིན་པ་དང༌།  ཐེངས་དྲུག་པའི་འབྲེལ་མོལ་སྐབས་གཞུང་འབྲེལ་གྱི་རྣམ་འགྱུར་ཧ་ཅང་འཁྲེགས་པོ་རུ་ཡོད་པ་རེད། ད་ལྟ་རང་མཇུག་རྫོགས་པའི་ཐེངས་བདུན་པའི་འབྲེལ་མོལ་ནི་ཟླ ༣ པའི་ཚེས་༡༤ ཉིན་གྱི་དོན་རྐྱེན་རྒྱབ་ལྗོངས་བྱས་ཡོད་པའི་སྔོན་ཆད་དང་བསྡུར་ན་བྲེལ་འཚུབ་དང་དམིགས་བསལ་ཅན་ཞིག་ཆགས་ཡོད། སྲིད་འཛིན་ཧུའེ་ཅིན་ཐོ་སྐུ་དངོས་ཀྱི་འཚམས་འདྲི་དང་འབྲེལ་མོལ་གྱི་གནས་ཚུལ་ཧ་ཅང་དོ་སྣང་བྱས་པ་དང༌། ཕྱོགས་གཉིས་ཀྱིས་ཕྱི་ཟླ༥པའི་བདུན་ཕྲག་གཉིས་པའི་ནང་འབྲེལ་མོལ་ཐེངས་རྗེས་མ་གནང་རྒྱུའི་དུས་ཆད་བྱས་ཡོད་པ་རེད།འདི་ནི་རྒྱ་ནག་སྲིད་གཞུང་གིས་ཐེངས་དང་པོར་ང་ཚོའི་འབྲེལ་མོལ་སྐོར་ཕྱི་ལ་ཁྱབ་བསྒྲགས་བྱས་པ་དེ་རེད།  མིག་སྔར་དངོས་ཡོད་ཀྱི་གྲུབ་འབྲས་ཤིག་བྱུང་མེད་ནའང་ངའི་བསམ་པར་རྣམ་པའི་སྟེང་ནས་ཇེ་གསལ་དུ་གྱུར་ཡོད་པ་དང༌། མ་འོངས་པར་ཡང་གསལ་བོ་ཆགས་པའི་རེ་བ་ཡོད། ང་ཚོའི་འབྲེལ་མོལ་གྱི་ནང་དོནགཙོ་བོ་ནི་ཇི་ལྟར་བོད་ཁུལ་དུ་མང་གཙོ་དང༌། ཆོས་ལུགས་སྲིད་ཇུས། རྩ་ཁྲིམས་ལག་བསྟར་བྱུ་རྒྱུ་དེ་ཡིན་པ་རེད།
དྲི་བ། ཁྱེད་ཀྱིས་བརྗོད་བཞིན་པའི་བོད་ཁུལ་ཟེར་བ་དེ་གང་སྟོན་གྱི་ཡོད་དམ། འཇར་མན་སྲིད་བློན་ཟུར་བ་ཧྲི་མུས་ཐི་ལང་གིས་ཉེ་ཆར་དུས་རབས་བདུན་རེ་གསར་དེབ་སྟེང་དཔྱད་བརྗོད་ཞིག་སྤེལ་ཏེ་ཁྱེད་ཀྱིས་མཚོ་སྔོན་དང་ཀན་སུའུ། ཡུན་ནན། ཟི་ཁྲོན་བཅས་ཀྱི་བོད་རིགས་འདུས་སྡོད་ས་ཁུལ་ཡོངས་རྫོགས་བོད་ཆེན་པོའི་ས་ཁྲའི་ནང་བཅུག་པ་ནི་ནོར་འཁྲུལ་རེད་ཅེས་སྐྱོན་བརྗོད་ཡོད་པ་རེད། ཁྱེད་ཀྱིས་གནད་དོན་དེའི་ཐད་ནས་འཐབ་ཇུས་རང་བཞིན་གྱི་ཕྱི་སྣུར་རྒྱག་སྲིད་དམ།
ལན། ངའི་སྔོན་མ་ནས་བོད་ཆེན་པོའི་ས་ཁུལ་ཟེར་ནས་བརྗོད་མྱོང་མེད། རྩ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་རང་སྐྱོང་ལྗོངས་ལས་གཞན། ད་དུང་རང་སྐྱོང་ཁུལ་དང༌། རང་སྐྱོང་རྫོང་ཡོད་པ་རེད། ཉེ་སྔོན་གྱི་རྔམ་སྟོན་དང་དྲག་པོའི་་དོན་རྐྱེན་དེ་ཡང་རང་སྐྱོང་ལྗོངས་ཀྱི་ཕྱི་ལོགས་སུ་མང་པོ་བྱུང་བ་ཡིན་པས།  ས་ཁུལ་འདི་ཚོའི་གནད་དོན་ངེས་པར་ཏུ་ཐག་གཅོད་དགོས་པ་ལས་གསལ་སྟོན་བྱས་ཡོད་མོད། ཡིན་ནའང༌། ང་རང་ས་ཁུལ་འདི་ཚོའི་དང་བླངས་ཀྱི་་མགྲིན་ཚབ་པ་ཞིག་བྱེད་ན་བསམ་ཡོད།  སྔོན་ཆད་༡༩༧༩ལོར་ང་རང་གིས་ཏཱ་ལའི་བླ་མའི་ལམ་ལུགས་དེ་མུ་མཐུད་གནས་དགོས་མིན་ནི་བོད་མི་མང་གིས་ཐག་གཅོད་བྱེད་དགོས་པ་ཡོད་ལ།  ༡༩༩༢་ལོ་ངའི་གནད་དོན་དེ་བསྐྱར་ཏུ་བརྗོད་པ་ཡིན་ལ་སྐབས་དེར་ངས་བོད་ལ་དོན་སྙིང་ལྡན་པའི་རང་སྐྱོང་ངོ་མ་ཞིག་མངོན་དུ་གྱུར་ཚེ་ཏཱ་ལའི་ལམ་ལུགས་རྩིས་མེད་དུ་བཏང་སྟེ་དབང་ཆ་ས་གནས་སྲིད་གཞུང་ལ་སྤྲོད་ཐག་གཅོད་བྱས་ཡོད། རང་སྐྱོང་ནི་ཞིབ་ཚགས་ཆེ་བའི་གནད་དོན་ཞིག་ཡིན་ལ།  ཞིབ་ཚགས་སྒོས་བགྲོ་གླེང་དང་ཞིབ་འཇུག་བྱེད་དགོས་པ་རེད།  མི་འབོར་འདུས་སྡོད་ཆེ་བའི་ས་ཁུལ་ནས་ཉུང་བའི་ས་ཁུལ་ཕྱོགས་སུ་གཞིས་སྤོར་བྱེད་པ་དེ་རྒྱུ་མཚན་ལྡན་མོད་བོད་དེ་དམིགས་གསལ་ཞིག་ཡིན།  ང་རང་གིས་ཀྱང་རྒྱ་བོད་མཐུན་སྒྲིལ་དགོས་པ་བརྗོད་ཀྱི་ཡོད་ལ།  དཔེར་ན་རྒྱ་རིགས་ཀྱི་ཟས་སྣ་ཞིམ་པོ་བོད་རིགས་ལ་ངོ་སྤྲོད་བྱེད་ཆོག་ལ་བོད་རིགས་ཚོས་ཀྱང་རྒྱ་རིགས་ལ་སེམས་ཀྱི་རྒྱགས་ཕྱེ་མཁོ་སྤྲོད་ཐུབ་པ་རེད། མིག་སྔར་ལྷ་ས་རུ་རྒྱ་རིགས་ཁྲི་༢༠དང་བོད་རིགས་ཁྲི་༡༠ཡོད་པ་རེད།  བོད་ནས་རྒྱ་གར་དུ་སློབ་གཉེར་ལ་བསྐྱོད་པའི་གཞོན་སྐྱེས་མི་ཉུང་བ་ཞིག་ཡོད་ལ། ངས་ཁོང་ཚོའི་སྟེང་ནས་བཙན་བྱོལ་བོད་མི་དང་མི་འདྲ་བའི་གཤིས་ཀ་ཞིག་མཐོང་གི་འདུག   དེར་བརྟེན་ངས་བོད་ཀྱི་རིག་གཞུང་ཉམས་བཞིན་ཡོད་པའི་ཚོར་རྟོགས་བྱུང༌། ཡིན་ནའང༌། གསར་འགྱུར་བརྒྱུད་ལམ་ཁག་ཅིག་གིས་ངས་རྒྱ་རིགས་དེ་བོད་ཀྱི་ས་ཁུལ་ནས་གཞིས་སྤོས་ཏེ་འགྲོ་དགོས་པའི་དགོས་འདུན་འདོན་གྱི་ཡོད་པ་རེད་ཅེས་པ་ནམ་ཡང་བརྗོད་མྱོང་མེད།
དྲི་བ། ཁྱེད་ཀྱིས་བོད་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགསརྩིས་མེད་གཏོང་དགོས་པ་དང༌། རྒྱ་ནག་གི་དམག་དཔུང་ཕྱིར་འཐེན་བྱེད་དེ་རང་སྐྱོང་ཁུལ་འདི་རྒྱལ་སྤྱིའི་ཞི་བདེ་སྒྲིག་འཛུགས་ལ་སྤྲད་དེ་བགྲོ་གླེང་བྱེད་དགོས་པའི་དགོས་འདུན་བཏོན་པ་ཡོད་དམ་མེད།
ལན།  བོད་རང་སྐྱོད་ལྗོངས་ཀྱི་རྒྱལ་སྲུང་དང་ཕྱི་སྲིད་ཀྱི་སྲིད་ཇུས་ཐད་ཀྲུང་དབྱང་སྲིད་གཞུང་གིས་འགན་ཁུར་དགོས་ལ། དེ་ལས་གཞན་རིག་གནས་དང་ཆོས་ལུགས།  ཁོར་ཡུག་གི་ལས་དོན་ཁག་ས་གནས་བོད་པ་ཚོར་སྤྲད་དེ་འཛིན་སྐྱོང་བྱེད་དགོས།  ལམ་ལུགས་གང་ཞིག་ལག་བསྟར་བྱེད་མིན་ནི་ངས་བསམ་པར་བོད་མི་ས་ཡ་དྲུག་ཁྲོད་དུ་བསྐྱར་ཏུ་ཆོས་སྲིད་ཟུང་འབྲེལ་སླར་གསོ་བྱེད་འདོད་ཡོད་མཁན་ནི་གཅིག་ཀྱང་རྙེད་ཀྱི་མ་རེད།  དེང་གི་འཛམ་གླིང་སྟེང་མ་རྩ་རིང་ལུགས་ཀྱིས་སྟོབས་ཤུགས་ངེས་ཅན་བཟུང་ཡོད་མོད། ཡིན་ནའང་ང་རང་ཤར་ཡོ་རོབ་ཁུལ་དུ་འཚམས་འདྲིར་བསྐྱོད་སྐབས་ལྟ་ཚུལ་འདི་འདྲ་ཞིག་བཏོན་མྱོང་སྟེ། མ་རྩ་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལེགས་ཆ་མཉམ་འབྲེལ་བྱེད་ཐུབ་བམ། མིག་སྔར་རྒྱ་ནག་སྐམ་ས་ཆེན་མོ་དེ་མ་རྩ་རིང་ལུགས་སུ་བསྐྱོད་དེ་སྤྱི་ཚོགས་རིང་ལུགས་མཚམས་བཞག་ཡོད་པ་རེད། དེར་བརྟེན་དབུལ་ཕྱུག་གི་བར་ཁྱད་ཆེ་རུ་འགྲོ་བཞིན་པ་རེད། ངའི་སྔོན་ཆད་ཆ་རྐྱེན་སྨིན་པའི་གནས་ཚུལ་འོག་རྒྱ་ནག་དང་རྒྱ་གར་སྲིད་གཞུང་གིས་མོས་མཐུན་བརྒྱུད་ཧི་མ་ལ་ཡའི་་ས་ཁུལ་དུ་དམིགས་གསལ་ཞི་བདེ་བསྟི་གནས་ཤིག་སྐྲུན་རྒྱུ་ནི་བསམ་བློ་གཏོང་ཆོག་པ་ཞིག་རེདཅེས་བརྗོད་མྱོང་མོད།ཡིན་ནའང༌། དེ་ནི་མི་རབས་རྗེས་མ་ཚོས་བསྒྲུབ་དགོས་པའི་བྱ་བ་ཞིག་ཡིན་སྲིད་པ་རེད། 
དྲི་བ།  དེ་ན་མི་རབས་འདི་ལ་ཁྱེད་ཀྱིས་རྒྱ་ནག་གི་དམག་དཔུང་བོད་ནས་ཕྱིར་འཐེན་དགོས་པ་རེདཅེས་བརྗོད་ཡོད་དམ།
ལན། ངས་སྔོན་ཆད་ནས་སྐད་ཆ་འདི་འདྲ་ཞིག་བརྗོད་མྱོང་མེད་ལ། དེ་ནི་སེམས་ཁྲལ་དོགས་པ་སྐྱེས་མི་དགོས་པ་ཞིག་རེད།
དྲི་བ། ཁྱེད་ཀྱིས་ད་ལྟ་རང་འཇར་མན་གྱི་ཡར་རྒྱས་རོགས་སྐྱོར་བློན་ཆེན་ལ་ཐུག་འཕྲད་གནང་བ་དང༌།  ང་ཚོ་ལ་དེའི་སྐོར་གྱི་གནས་ཚུལ་ཞིག་ངོ་སྤྲོད་བྱེད་ཆོག་གམ།
ལན།   ང་ཚོས་ཕན་ཚུན་གྲོས་མོལ་བྱེད་དགོས་པའི་གལ་ཆེན་རང་བཞིན་སྐོར་གླེང་བ་དང༌།  གནད་དོན་ཅི་ཞིག་ཡིན་རུང་གྲོས་མོལ་བརྒྱུད་དེ་གཞི་ནས་སེལ་ཐུབ་པའི་དགོངས་ཚུལ་གཅིག་མཐུན་ཡིན་པ་དང༌།  ངས་འཇར་མན་བློན་ཆེན་ལ་བོད་ཀྱི་གནད་དོན་འཕལ་རྒྱས་ཀྱི་ད་ལྟའི་་གནས་བབས་དང་དངོས་གཞིའི་འབྲེལ་མོལ་ཐེངས་བདུན་པའི་སྐོར་གྱི་གནས་ཚུལ་ངོ་སྤྲོད་ཞུས་པ་ཡིན།  དེའི་ནང་སྔོནཆད་དང་འབྲེལ་མོལ་ཐེངས་ཁ་ཤས་གནང་བར་ཡར་རྒྱས་ཕྱིན་མ་ཐུབ་པ་ཡང་འདུས་ཡོད།
དྲི་བ།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནོན་ཤུགས་ཀྱིས་བོད་དོན་ཐག་གཅོད་ལ་དོན་ངོ་མའི་ཕན་ཐོགས་ཡོད་དམ། ཡང་ན་དེ་ལས་ལྡོག་གམ།
ལན།  རྒྱ་བོད་དབར་གྱི་འགལ་ཟླ་དེ་ཕྱོགས་གཉིས་གཅིག་པུའི་་སེལ་ཐུབ་པ་ཞིག་རེད།  ཡིན་ནའང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁོང་ཚོའི་སེམས་ཁུར་མཚོན་པའི་ཐོབ་ཐང་ཡོད་པ་རེད།
དྲི་བ།  ཡིན་ན་ཡང་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་བོད་དོན་ཀྱི་གནད་དོན་ཐད་ཐེ་གཏོགས་བྱེད་བཞིན་པ་དེ་ལ་རྒྱ་ནག་མི་མང་གིས་མི་འདོད་པའི་རྣམ་འགྱུར་འཛིན་གྱི་ཡོད་པ་རེད།
ལན། རྒྱལ་སྤྱིའི་སྟེང་ནས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁ་ཤས་ཡོད་པ་དང༌། ང་ལ་ཁོང་ཚོས་མགྲོན་བརྡ་འབྱོར་བ་དང་ཁོ་ཚོའི་ལས་འགུལ་ལ་ཞུགས་པ་ཡིན།  ངའི་ནམ་རྒྱུན་ལག་གཡོན་པ་རྒྱ་ནག་སྲིད་གཞུང་ལ་འོས་ཚོད་ཤིང་ལག་གཡས་པ་རྒྱལ་སྤྱིའི་སྤྱི་ཚོགས་ལ་བསྲིངས་ཡོད་ཅེས་བརྗོད་བཞིན་ཡོད། ད་ལྟའི་ངའི་ལག་གཡོན་པ་སྟོང་བ་ཡིན་ལ་ལག་གཡས་པ་རྒྱབ་སྐྱོར་དང་འབོད་སྐུལ་ཐོབ་ཡོདཔས་ང་རང་གིས་ཐུགས་རྗེ་ཆེ་ཞུ་ཡི་ཡོད། གལ་སྲིད་ང་ཡིས་ལག་གཡོན་པར་འདོད་བློ་ཁེངས་པའི་ལན་ཞིག་རག་ཚེ་ངའི་ལག་གཡས་པ་ཕྱིར་བསྡུས་ཏེ། ཐུགས་རྗེ་ཆེ།  བདེ་མོ་ཅེས་བརྗོད་ཆོག  
དྲི་བ། ཁྱེད་རང་འཇར་མན་ནང་མཚམས་འདྲི་སྐབས་འཇར་མན་ས་ཁུལ་ཐེངས་དང་པོ་ཤུགས་ལྡན་གྲྭ་བ་ཚོས་སྐད་འབོད་ཀྱི་ལས་འགུལ་སྤེལ་བ་དང༌།  ཁོང་ཚོའི་ཁྱེད་ཀྱིས་དད་མོས་རང་དབང་ལ་བཀག་འགོག་ཁྱེད་ཀྱི་ཡོད་པ་རེདཅེས་ངོ་རྒོལ་བྱས་པ་དེ་ཅི་ཞིག་ཡིན་ནམ།
ལན།  ཤུགས་ལྡན་ལ་ལོ་ངོ་༣༧༠ཡི་ལོ་རྒྱུས་ཡོད་པ་དང༌། རྒྱལ་དབང་སྐུ་ཕྲེང་ལྔ་བའི་སྔོན་ནས་ཤུགས་ལྡན་གྱི་གནད་དོན་སྐོར་བྱུང་ཡོད་ལ། རྒྱལ་མཆོག་ལྔ་བ་ནི་ཏཱ་ལའི་སྐུ་ཕྲེང་ན་རིམ་ཁྲོད་ཤུགས་ལྡན་ལ་མཁྱེན་རྟོགས་གཏིང་ཟབ་ཡོད་མཁན་ཞིག་ཡིན་པ་དང༌། ཤུགས་ལྡན་ནི་བོད་བརྒྱུད་ནང་བསྟན་ཁྲོད་སྔོན་ལས་ལོག་པའི་དམ་སྲིད་ཞིག་ཡིན་ལ།  སྨོན་ལམ་ལོག་པའི་རྒྱུ་མཚན་ནི་བྱ་བ་ངན་པ་ལ་སྨོན་འདུན་བྱེད་བཞིན་པ་ལ་ཟེར། ངས་སྔོན་མ་ཤུགས་ལྡན་བསྟེན་གྱི་ཡོད་ལ། རྒྱུ་མཚན་ནི་ངའི་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་ཡིས་ཤུགས་ལྡན་བསྟེན་གྱི་ཡོད་པ་རེད། ལོ་རབས་ལྔ་བཅུ་ནས་མགོ་བཙུགས་ཏེ་༧༢ དང་༧༣ལོ་དབར་ངའི་ཤུགས་ལྡན་བསྟེན་པ་ཡིན། རྒྱལ་དབང་ལྔ་བ་དང་རྒྱལ་དབང་བཅུ་གསུམ་པའི་བཀག་འགོག་་གནང་ཡོད་པར་ངས་དོ་སྣང་མ་བྱས་པ་རེད།  དེ་ནི་ངའི་བཟོས་པའི་ནོར་འཁྲུལ་ཞིགཡིན་ལ། ནོར་འཁྲུལ་བཟོས་པའི་རྒྱུ་རྐྱེན་དེ་རང་ཉིད་ཡིན་པ་རེད། རྗེས་སུ་དགའ་ལྡན་བྱང་རྩེ་གྲྭ་ཚང་ལ་དོན་དག་བྱུང་བ་དང་ང་ཚོས་མོ་རྩིས་ཁྲོད་དེ་ནི་ཤུགས་ལྡན་བསྟེན་གསོལ་བྱས་པའི་ཉེས་པ་ཤེས་རྟོགས་བྱུང༌། ཁྱད་མཚར་བ་ཞིག་ནི་རྒྱ་ནག་སྲིད་གཞུང་གིས་ཤུགས་ལྡན་ལ་རྒྱབ་སྐྱོར་བྱེད་བཞིན་པ་དང༌། འབྲེལ་མོལ་ཐེངས་དྲུག་པའི་སྐབས་ཁོང་ཚོས་དོན་ཚན་གསར་པ་ཞིག་བཏོན་པ་ནི་ང་ཚོས་ཤུགས་ལྡན་ལ་གཉའ་གནོན་བྱེད་ཀྱི་ཡོད་ཚུལ་བརྗོད། ཡིན་ནའང༌།  ངས་གྲྭ་བ་ཚོས་ཤུགས་ལྡན་བསྟེན་གསོལ་བྱེད་པར་བཀག་འགོག་བྱས་མེད།  ངས་གལ་སྲིད་ཤུགས་ལྡན་བསྟེན་ཚེ་ཡག་པོ་མེད་པ་རེད་ཅེས་བརྗོད་པ་ཡིན།  ཉེ་ཆར་རྒྱ་གར་ལྷོ་ཕྱོགས་ཀྱི་གསུང་ཆོས་སྐབས་གནད་དོན་འདིའི་ཐདརྩོད་གླེང་ཐད་ང་ཚོའི་འོས་ཤོག་འཕེན་པའི་ཐབས་ལམ་བརྒྱུད་ཐག་གཅོད་བྱས་པ་དང༌། འོས་འཕེན་གྱི་མཇུག་འབྲས་ནི་མི་ཁྲི་༡ལས་ཕལ་ཆེར་༩༥༠༠ཡིས་ཤུགས་ལྡན་བསྟེན་གསོལ་མི་བྱེད་པ་དང༌། མི་གྲངས་༥༠༠ ཡིས་བསྟེན་གསོལ་བྱེད་རྒྱུ་ཡིན་པ་རེད། དེར་བརྟེན་དགོན་པའི་ནང་སྒྲིག་ཁྲིམས་་འདི་གཏན་ལ་ཕབ། ཡིན་ནའང༌། ཤུགས་ལྡན་བསྟེན་མཁན་ཚོར་སྨྲ་བརྗོད་རང་དབང་ཡོད་ལ། དེ་རིང་ཁོང་ཚོར་འདིར་སྐད་འབོད་བྱེད་དུ་ཡོང་བར་ངའི་དགའ་བསུ་ཞུ་ཡི་ཡོད།  
དྲི་བ།  གལ་སྲིད་རྒྱ་ནག་ཕྱོགས་ནས་མགྲོན་ཤོག་འབྱོར་བ་ཡིན་ཚེ་ཁྱེད་རང་པེ་ཅིན་ཨོ་ལིམ་པིག་རྩེད་འགྲན་ལ་ཞུགས་རྒྱུ་ཡིན་ནམ།
ལན།  ཨོ་ལིམ་པིག་དཔལ་འབར་སྒྲོན་པའི་སྐབས་ངས་བོད་པའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བྱེད་ཡོད་ལ། འདི་ནི་མི་འབོར་དུང་ཕྱིར་༡༣ཅན་གྱི་རྒྱལ་ཁབ་ཆེཔ་པོ་ཞིག་གཟི་བརྗིད་སྐྱེ་དགོས་པའི་དོན་དག་ཅིག་ཡིན་པའི་རྒྱུ་མཚན་གྱིས་ཡིན།  དཔལ་འབར་ལོན་ཏོན་དང་ཕེ་རི་སི་ནང་བརྒྱུད་སྐབས་དོན་དག་བྱུང་རྗེས་ངས་ཆེད་དུ་ཧྥ་རན་སིའི་སི་ཀོའི་བོད་རིགས་ཚོགས་པའི་འགན་ཁུར་མི་སྣ་ལ་གཏོར་བརླག་གི་ལས་འགུལ་མི་སྤེལ་བའི་འབོད་སྐུལ་བྱས་པ་ཡིན་ལ། ཤུགས་ལྡན་གྱི་གནད་དོན་དང་འདྲ་བར་ཁ་ཤས་ཀྱིས་ངའི་ཁ་ལ་ཉན་པ་དང་ཁ་ཤས་ཀྱིས་ཉན་གྱི་མེད་པ་རེད།  གཞན་ངས་གཞོན་ནུ་ཚོགས་པའི་བོད་དུ་བསྐྱོད་པའི་གོམ་བགྲོད་ལས་འགུལ་མི་སྤེལ་བའི་རེ་བ་ཞུས་པ་ཡིན་མོད་དོན་ཕན་བྱུང་མ་སོང༌། པེ་ཅིན་ཨོ་ལིམ་པིག་སྐོར་ལ་ང་ཚོའི་གྲོས་མོལ་བྱེད་ཀྱི་ཡོད་ལ་གལ་སྲིད་ཕྱོགས་གང་ཐད་ནས་ཡར་རྒྱས་ཕྱིན་ཚེ་ང་རང་འགྲོ་འདོད་ཤིན་ཏུ་ཆེ།
དྲི་བ། གལ་སྲིད་ཉིན་ཞིག་ཁྱེད་རང་རྒྱ་ནག་ཏུ་ཕྱིར་ལོག་ཐུབ་ཚེ་ཁྱེད་ཀྱིས་ལས་གནས་ཇི་འདྲ་ཞིག་ཁུར་གྱི་ཡིན་ནམ།
ལན། ང་བཙན་བྱོལ་ཁྲོད་ཕྱེད་བགྲེས་ཡོལ་གྱི་གནས་སྟངས་འོག་ཡོད་ལ། རྗེས་སུ་ལས་གནས་ཅི་ཡང་ཁུར་འདོད་མེད།  གལ་སྲིད་ད་དུང་ང་ལ་དད་པ་བྱེད་མཁན་ཡོད་ན་ང་རང་བླ་སྦྲུལ་ཞིག་ཏུ་བརྩི་རོགས་གནོངས། ངའི་རེ་འདོད་ཆེ་ཤོས་ནི་ཕྱོགས་བཞི་མཚམས་བརྒྱད་ལ་གཟིགས་སྐོར་དུ་འགྲོ་རྒྱུ

འབྲེལ་ཡོད་གསར་འགྱུར།

Front Slider

དབྱར་དུས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཟབ་ཁྲིད་ཀྱི་སློབ་ཕྲུག་ཁག་ཅིག་ལ་བཅར་འདྲི་ཞུས།

ཆུ་ཚོད་ ༣ སྔོན་ལ།
Gareth Ward walks through waiting media as arrives at the Darlinghurst Courthouse in Sydney, Wednesday, July 30, 2025. (Dan Himbrechts/AAP Image via AP)
Mobile App

གྲོས་ཚོགས་འཐུས་མི་ཞིག་གི་བཙན་གཡེམ་གྱི་ནག་ཉེས་ལྷང་ལ་བུད།

ཆུ་ཚོད་ ༢༢ སྔོན་ལ།
Front Slider

ཨིན་ཊི་ཡ་ན་སྐུ་འབུམ་བྱམས་བརྩེ་གླིང་དུ་དབྱར་ཁའི་སྨོན་ལམ་འཚོག་བཞིན་པ།

༢༠༢༥/༠༨/༠༨
་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མན་སྤར་ཕན་བདེ་གླིང་དུ་འཚམས་གཟིགས་གནང་། ༢༠༢༥།༠༨།༠༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་བོད་མི་རྩ་མེད་གཏོང་ཐུབ་མེད་ཀྱང་བོད་སྐད་ཡིག་རྩ་མེད་གཏོང་བཞིན་འདུག

༢༠༢༥/༠༨/༠༧
Some books and Arts of the late professor David Jackson. Photo: edited by tibettimes
Mobile App

ཨ་རིའི་བོད་རིག་པའི་མཁས་པ་ཞིག་འདས་གྲོངས་སུ་གྱུར།

༢༠༢༥/༠༨/༠༦
རྒྱ་ནག་སི་ཁྲོན་ཅིང་ཡུག་གྲོང་ཁྱེར་སྲིད་གཞུང་གི་མདུན་དུ་མི་སྟོང་ཕྲག་གིས་ངོ་རྒོལ་བྱས། ༢༠༢༥།༠༨།༠༤-༠༥ དྲ་ལམ་གྱི་པར།
Mobile App

རྒྱ་ནག་ནང་མི་མང་གིས་ངོ་རྒོལ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༥/༠༨/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese