མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཁྱགས་རོམ་གྱིས་འགོག་མི་ཐུབ་པའི་རྫུན་གཏམ།

བོད་ཀྱི་དུས་བབ།
༢༠༠༨/༠༧/༠༥
Share on FacebookShare on TwitterShare on EmailShare on Whatsapp

     བོད་མི་མེ་མདས་བསད་པའི་སྐོར་ལ་དཔྱད་པ།
      རྩོམ་པ་པོ།  ཁྲིན་བིས་ཅན།
ཉེ་ཆར་བོད་པ་སྐོར་ཞིག་རྒྱ་གར་ཏུ་བྲོས་བྱོལ་གྱིས་བཙན་བྱོལ་བོད་གཞུང་ལ་སྐྱབས་བཅོལ་ཏུ་ཡོང་བ་དང༌། བྱིས་པ་ཡང་ཚུད་པའི་བོད་པ་དེ་ཚོ་ལོ་ངོ་སྟོང་ཕྲག་རིང་འཁྱགས་རོམ་གྱིས་བསྡམས་པའི་ནང་པ་ལ་བརྒྱུད་སྐབས་བཅིངས་འགྲོལ་དམག་གིས་མེ་མདའ་བརྒྱབ་སྟེ་མི་གཉིས་བསད་པ་རེད། སྡུག་རྩུབ་ཀྱི་བྱ་སྤྱོད་དེ་ཁོང་ཚོ་དང་ཐག་མི་རིང་བའི་རྒྱལ་སྤྱིའི་རི་འཛེགས་མི་སྣ་དྲུག་ཅུ་ཙམ་གྱིས་མཐོང་ཡོད་ལ། ཁོང་ཚོས་རྒྱ་ནག་གི་དམག་མིའི་ཚམ་ཚོམ་ཅི་ཡང་མེད་པར་ས་རུ་་བསྡད་དེ་བོད་པ་དེ་ཚོའི་ཕྱོགས་སུ་མེ་མདའི་ཁ་གཏད་དཻ་ཡང་དུ་བསྐྱར་ཏུ་གངས་ནང་དུ་ཕྱོགས་བཞིར་བྲོས་ཤིང་གྱོན་གོས་ཧྲུལ་རལ་ཅན་གྱི་ཕོ་མོ་དང་བྱིས་པ་ཚོར་མེ་མདའ་བརྒྱབ་པ་དང༌། ཞེད་སྣང་སྐྱེས་བའི་བྱིས་པ་བཅུ་གྲངས་ཙམ་ཞིག་བྱི་མི་ཡིས་ཙི་ཙི་བཟུང་བ་བཞིན་ཁོང་ཚོས་འཇུས་བ་མཐོང་ཡོད་པ་རེད། ཕྱི་ལོ་༢༠༠༨ ལོར་ཨོ་ལིམ་པིཀ་ཚུགས་རྒྱུ་ཡིན་པའི་རྒྱལ་ཁབ་ཀྱིས་འདི་ལྟར་རང་ཉིད་ཀྱི་མི་སེར་ཀླ་ཀློའི་ངང་དམར་གསོད་གཏོང་བཞིན་པ་དེ་རི་འཛེགས་པ་ཚོ་ཡིད་ཆེས་ཀྱི་མེད་པ་རེད། ཡོངས་ཁྱབ་ཀྱི་དམར་གསོད་དོན་རྐྱེན་དེ་རྒྱལ་སྤྱིའི་གསར་ལམ་ཁག་གིས་སྤེལ་བའི་འཛམ་གླིང་ནང་ཧངས་སངས་བ་ཞིག་ཆགས་པ་དང༌། དེ་ནི་རྒྱལ་སྤྱིའི་ཁྲིམས་ནང་མངོན་གསལ་གྱིས་གཏན་འབེས་བྱས་ཡོད་པ་ནི་མཐའ་མཚམས་སྲུང་དམག་གིས་ཁོང་ཚོའི་ཚེ་སྲོག་ལ་ཉེམ་ཁ་འཕྲད་སྐབས་གཞི་ནས་མཐར་ཐུག་གི་ཐབས་ཤེས་ཏེ་མེ་མདའ་བེད་སྤྱད་ཆོག་ཅེས་བཀོད་ཡོད། ཡིན་ན་ཡང་བོད་མི་བྲོས་བྱོལ་བ་དེ་ཚོ་ནི་ལག་ཏུ་ཅི་ཡང་མེད་ལ་ངོ་རྒོལ་གྱི་ནུས་ཤུགས་མེད་པའི་ཉམ་ཐག་པ་རེད།
བཙན་བྱོལ་བོད་གཞུང་གིས་བསྡོམས་རྩིས་ལྟར་ན། ལོ་རེ་བོད་ནས་གངས་རི་བརྒྱུད་བལ་ཡུལ་ས་ཐོག་ཏུ་འཛུལ་བ་དང་དེ་ནས་རྒྱ་གར་གྱི་བཙན་བྱོལ་བོད་གཞུང་གི་བསྟི་གནས་རྡ་རམ་ས་ལར་འབྱོར་མཁན་མི་གྲངས་ཉིས་སྟོང་ལྔ་བརྒྱ་ཙམ་ཡོད་པ་རེད། ཡིན་ན་ཡང་བྲོས་བྱོལ་བ་མི་འབོར་མི་ཉུང་བ་ཞིག་གནམ་གཤིས་ཤིན་ཏུ་སྡུག་པའི་གངས་རི་བརྒྱུད་སྐབས་འདས་གྲོངས་སུ་གྱུར་བ་དང༌། ལམ་ཁ་དེར་རྟག་པར་བྲོས་བྱོལ་བ་ཚོ་དུས་གཏན་དུ་འཁྱགས་ཤི་ཐེབས་པའི་བེམ་པོ་མཐོང་རྒྱུ་ཡོད་པ་དང༌། དེ་ནི་བྲོས་བྱོལ་བ་ཚོ་བཅིངས་འགྲོལ་དམག་གིས་རྗེས་འདེད་དང་མེ་མདའ་ལས་བྱོལ་ཆེད་ཆེས་ཉེན་ཁ་ཆེ་བའི་ལམ་ཁ་དེ་བདམས་དགོས་བ་རེད། དམག་མི་ལ་ཡིབ་ནས་གངས་རི་བརྒལ་རྗེས་ད་དུང་བལ་ཡུལ་ས་ཁུལ་གྱི་རྦབ་རྡོ་གྲིལ་པའི་ས་ཁུལ་ཞིག་བརྒྱུད་དགོས་བ་དང༌། བོད་པ་ཚོའི་དེ་ལ་འཆི་བའི་གྲོང་དུ་འབོད་ལ་ས་ཁུལ་དེར་ཡིད་གཟབ་མེད་པར་རྦབ་རྡོ་ཞིག་མར་འགྲིལ་ཚེ་རྦབ་རྡོ་གཞན་ཚང་མ་འབྲུག་སྒྲ་གྲགས་པ་བཞིན་མར་འགྲིལ་ཡོང་བ་དང༌། བོད་པ་མང་པོ་ཞིག་རྦབ་རྡོའི་འོག་ནས་རྐྱེན་ལམ་དུ་གྱུར་ཡོད། སྟབས་ལེགས་ནས་རྦབ་རྡོའི་ས་ཁུལ་ལས་ཐར་ཏེ་བལ་ཡུལ་ཏུ་སླེབས་ན་ཡང་རང་དབང་ཐོབ་པར་ད་དུང་རྒྱང་ཐག་ཤིན་ཏུ་རིང་བ་དང༌། དེ་ནི་བལ་ཡུལ་སྲིད་གཞུང་ལ་རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲད་དེ་ཁོང་ཚོས་བོད་པ་ཚོ་བརྒྱུད་པའི་ལམ་ཁར་འགག་སྒོ་བཟོས་བ་དང་བྲོས་བྱོལ་ལ་ཡོང་བའི་བོད་མི་འཛིན་བཟུང་བྱས་ཏེ་ཕྱིར་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱེད་ཀྱི་ཡོད། བོད་མི་མང་པོ་ཞིག་འཆི་ལམ་སྙེགས་ཏེ་རྒྱ་དམར་གྱི་སྡེར་འོག་ནས་ཐར་ན་ཡང་བལ་ཡུལ་དམག་མིས་འཛིན་བཟུང་བཙོན་འཇུག་བྱས་པ་དང་མཐར་བོད་དུ་ཕྱིར་བསྐྱལ་གྱི་ཡོད་ལ། རྒྱ་དམར་གྱིས་བྲོས་བྱོལ་བ་ཚོར་ཉེས་ཆད་ཁྲིམས་ཐག་གཅོད་ཀྱི་ཡོད། ང་རང་སྔོན་མ་རྒྱ་གར་རྡ་རམ་ས་ལར་འགྲོ་མྱོང་ལ་བཙན་བྱོལ་ཏུ་ཡོང་བའི་བོད་མི་ཁ་ཤས་ལ་བཅར་འདྲི་བྱས་པ་དང༌། མི་མང་པོ་ཞིག་གིས་གངས་རི་བརྒྱུད་སྐབས་ཕྱིད་སོང་བའི་རྐང་ལག་ང་ལ་བསྟན་པ་དང༌། ཁོང་ཚོ་བྲོས་བྱོལ་དུ་ཡོང་བའི་བརྒྱུད་རིམ་ལ་ཕྱིར་དྲན་སྐབས་དེ་ནི་འཇིགས་སྣང་ཆེ་བའི་རྨི་ལམ་ཞིག་རྨིས་པ་དང་མཚུངས། ངས་ཁོང་ཚོ་ལ་ཅིའི་ཕྱིར་ཉེན་ཁ་ཆེན་པོ་འདི་འདྲ་ཞིག་བརྒྱུད་ནས་བྲོས་བྱོལ་ཏུ་ཡོང་བ་ཡིན་ནམ་ཅེས་དྲིས་བར། སྐབས་དེར་ཁོང་ཚོས་ང་ལ་དགོད་འཛུམ་དང་བཅས་ཏཱ་ལའི་བླ་མ་འཇལ་བའི་ཆེད་དང༌། རང་དབང་གི་ཆེད། སོ་སོའི་རིག་གཞུང་སློབ་སྦྱོང་ཆེད་ཡིན་པར་བརྗོད།
རྡ་རམ་ས་ལའི་བཙན་བྱོལ་བོད་གཞུང་དེ་ཕྱུག་པོ་ཞིག་མིན་ལ། གཞུང་ཞབས་ཚོའི་ཟླ་རེ་གསོལ་ཕོགས་ནི་ཨ་སྒོར་བརྒྱ་ཙམ་རེད། ཡིན་ན་ཡང་བྲོས་བྱོལ་ཏུ་ཡོང་བའི་བོད་མི་ཚོའི་འཚོ་བ་དང་སློབ་སྦྱོང་ཐད་བཀོད་སྒྲིག་ལེགས་པོ་བྱེད་ཀྱི་ཡོད་ལ། ལྷག་པར་ཏུ་སློབ་གསོའི་སྟེང་བཙན་བྱོལ་ཁུལ་ཏུ་སློབ་གྲྭ་ཆེན་པོ་ལས་གཞན་པའི་སློབ་གསོ་མ་ལག་བཙུགས་ཡོད་ལ། སློབ་གྲྭར་ཡོད་པའི་སློབ་མ་ཚང་མ་ས་གནས་རང་གི་ཡིན་ན་ཡང་འདྲ་བྲོས་བྱོལ་ཏུ་ཡོང་མཁན་ཡིན་ན་ཡང་ཚང་མའི་སློབ་ཡོན་སྤྲོད་མི་དགོས་བའི་སློབ་གསོའི་ལམ་ལུགས་ལག་བསྟར་བྱེད་ཀྱི་ཡོད། སློབ་མ་ཚོས་སློབ་ཡོན་སྐར་གང་སྤྲོད་མི་དགོས་བ་མ་ཟད་འཚོ་བའི་འགྲོ་གྲོན་ཡང་སྲིད་གཞུང་གིས་གཏོང་གི་ཡོད་ལ། སློབ་མ་ཞིག་གིས་ཟླ་གཅིག་གི་འགྲོ་གྲོན་ནི་སྲིད་གཞུང་གི་རོའུ་པིས་རྒྱ་གར་སྒོརཉིས་སྟོང་འགྲོ་བ་དང༌། གཞན་སློབ་མ་ཚོ་གཞན་པའི་འགྲོ་སོང་གཏོང་སྤྱད་སྒོར་བརྒྱ་གནང་གི་ཡོད། དགེ་རྒན་ཚོའི་གསོལ་ཕོགས་ནི་ཟླ་རེ་རོའུ་པིས་སུམ་སྟོང་བཞི་སྟོང་ཡིན་ལ་དགེ་རྒན་མང་པོ་ཞིག་དང་དམིགས་བསལ་ཕྱི་རྒྱལ་མི་སེར་ཡིན་པའི་དགེ་རྒན་ཚོས་དང་བླངས་ཀྱིས་དཔེ་ཁྲིད་བྱེད་ཀྱི་ཡོད། སྨན་ཡོན་དང་འཕྲོད་བསྟེན་ཐད་བཙན་བྱོལ་སྤྱི་ཚོགས་སུ་སྨན་ཡོན་མི་དགོས་བའི་སྨན་བཅོས་ལམ་ལུགས་ཆ་ཚང་ལག་བསྟར་བྱེད་མེད་མོད། ཡིན་ན་ཡང་འཕྲོད་བསྟེན་ལས་ཁུངས་ཀྱིས་ལོ་ན་དྲུག་ཅུ་རེ་ལྔ་བརྒལ་བའི་རྒན་རྒོན་དང་གསར་ཏུ་བཙན་བྱོལ་ལ་འབྱོར་བའི་བོད་མི་ཚོས་སྨན་ཡོན་སྤྲོད་མི་དགོས་བའི་སྨན་བཅོས་ལོངས་སུ་སྤྱོད་ཆོག་པའི་གཏན་འབེབས་མཛད་ཡོད་ལ། དགེ་འདུན་པ་དང་སློབ་མ་ལ་སྨན་ཡོན་ཕྱེད་ཀ་ལེན་གྱི་ཡོད། བཙན་བྱོལ་སྤྱི་ཚོགས་སུ་སློབ་ཡོན་སྤྲོད་མི་དགོས་བའི་སློབ་གསོ་དང་རྩ་བའི་ཆ་ནས་སྨན་ཡོན་སྤྲོད་མི་དགོས་བའི་སྨན་བཅོས་མ་ལག་ཡོད་པར་བརྟེན་བོད་མི་མང་པོ་ཞིག་གིས་ཅི་ལ་ཡང་མི་འཛེམ་པར་འདིར་བྲོས་བྱོལ་ཏུ་ཡོང་གི་ཡོད་ལ། ཆེས་གཙོ་བོ་ཞིག་ནི་འདིར་རང་དབང་དང་རྦད་དེ་ཞེད་སྣང་མེད་པའི་འཚོ་བ་ཞིག་རོལ་ཐུབ་པ་རེད།
ལོ་འདི་དག་རིང་རྒྱ་ནག་དམར་ཤོག་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཧ་ཅང་ལེགས་བཅོས་ཡོད་པ་དང་བོད་མི་དམངས་ཀྱི་འཚོ་བ་ཇེ་ཕྱུག་ཏུ་གྱུར་བ། བོད་མི་དམངས་ཀྱིས་རང་དབང་ངང་རང་ཉིད་ཀྱི་ཆོས་ལུགས་ལ་དད་མོས་བྱེད་ཆོག་པ་དང༌། རང་ཉིད་ཀྱི་རིག་གཞུང་ལ་སློབ་སྦྱོང་བྱེད་ཆོག་པ། རང་ཉིད་ཀྱིས་སྲོལ་རྒྱུན་འཚོ་བ་རོལ་སྟངས་ལོངས་སུ་སྤྱོད་ཆོག་པ་དང༌། རྒྱ་གར་བཙན་བྱོལ་སྤྱི་ཚོགས་སུ་བྲོལ་བྱོལ་ཕྱིན་པའི་བོད་མི་ཚང་མ་ནི་ཏཱ་ལའི་ཕྱོགས་ཁག་གིས་བསླུ་བྲིད་ཐེབས་པ་དང༌། ཁོང་ཚོ་མང་པོ་ཞིག་དེར་བྲོས་རྗེས་དེ་ཡི་འཚོ་བ་ནི་བོད་ཀྱི་འཚོ་བ་ལེགས་པོ་དང་གཏན་ནས་བསྡུར་ཐབས་མེད་པ་དང༌། བཙན་བྱོལ་བོད་གཞུང་གི་དཔོན་རིགས་ཀྱི་རུལ་སུངས་འཚོ་བ་མིག་གིས་མཐོང་རྗེས་ཕྱིར་བོད་དུ་ལོག་གི་ཡོད་པ་རེད་ཅེས་རྫུན་གཏམ་བསྒྲགས་བཞིན་ཡོད་པ་རེད། གློག་རྡུལ་ཆ་འཕྲིན་འགོག་ཐབས་བྲལ་བའི་དེ་རིང༌། རྒྱ་གར་གྱི་བཙན་བྱོལ་བོད་མིའི་འཚོ་བ་ཇི་འདྲ་ཡིན་པ་དང༌། བཙན་བྱོལ་སྲིད་གཞུང་གི་དཔོན་རིགས་གཙང་མ་ཡིན་མིན་རྦད་དེ་མགོ་བསྐོར་གཏོང་མི་ཐུབ་ལ། རྒྱ་གར་ཏུ་བྲོས་བྱོལ་ལ་ཡོང་བའི་བོད་མི་རེ་རེ་ཡིས་བཙན་བྱོལ་སྤྱི་ཚོགས་ཀྱི་དངོས་ཡོད་གནས་སྟངས་ཁོང་ཆོའི་བོད་ནང་གི་གཉེན་ཉེ་དང་གྲོགས་པོ་ཚོ་བརྗོད་ངེས་བ་རེད། དེར་བརྟེན་ལོ་ངོ་བཅུ་གྲངས་རིང་བོད་ནས་རྒྱ་གར་རྡ་རམ་ས་ལ་བསྐྱོད་པར་བརྒྱུད་དགོས་བའི་གངས་རིའི་སྟེང་དུ་བྲོས་བྱོལ་གྱི་རྐང་རྗེས་དེ་ནམ་ཡང་མཚམས་ཆད་མ་མྱོང་ལ། མི་ཇི་འདྲ་མང་པོ་ཞིག་བྲོས་བྱོལ་གྱི་ལམ་དུ་འགྱེལ་སོང་ན་ཡང་བོད་མི་ཚོ་ད་དུང་གཅིག་རྗེས་གཉིས་འབྲངས་ཡིན་ལ། ཁོང་ཚོའི་ཁ་བའི་སྟེང་བཀོད་པའི་ཁྲག་གི་རྐང་རྗེས་རེ་རེ་ཡིས་རྒྱ་དམར་དྲག་པོའི་སྲིད་དབང་ལ་འཁོན་ལན་དང་རྒྱ་གཞུང་གི་རྫུན་གཏམ་ཐེར་འདོན་བྱེད་ཀྱི་ཡོད་པ་རེད།
རྒྱ་དམར་གྱིས་བོད་མི་བྲོས་བྱོལ་པའི་སྟེང་མེ་མདའ་བརྒྱབ་པ་ཐེངས་དང་པོ་མིན་ལ་ཆེས་མཐའ་མ་ཡང་མིན། སྔོན་ཆད་གུང་ཁྲན་དམར་པོའི་དབང་བསྒྱུར་ལས་བྲོས་བྱོལ་ཆེད་བྷིར་ལེན་རྩིག་གྱང་བརྒལ་ཏེ་རང་དབང་ལ་ཕྱོགས་པའི་ཤར་འཇར་མན་མི་དམངས་ལ། ཤར་འཇར་མན་གྱི་དམག་མིས་མེ་མདའ་བརྒྱབ་ཏེ་བསད་པ་དང་ད་ལྟ་མེ་མདའ་བརྒྱབ་མཁན་དམག་མི་ཚོ་ལ་ཉེས་ཆད་ཁྲིམས་ཐག་བཅད་ཡོད་པ་རེད། རྒྱང་ཐག་མི་རིང་བའི་མ་འོངས་བར་བོད་པ་བྲོས་བྱོལ་བ་ཚོ་མེ་མདའ་བརྒྱབ་ཏེ་བསད་མཁན་དམག་མི་དེ་དག་ཡང་ནམ་ཞིག་ཤར་འཇར་མན་གྱི་དམག་མི་དང་འདྲ་བར་ཁྲིམས་ཐག་ཉེས་ཆད་གཏོང་བའི་ཡིད་ཆེས་ཡོད།
 ༼ས་དཀར་བཀྲ་ཤིས་ཀྱིས་བོད་བསྒྱུར་བྱས།༽

འབྲེལ་ཡོད་གསར་འགྱུར།

Front Slider

བོད་ཀྱི་བདེ་རྩ་ཚོགས་པའི་སྤྱི་ཚོགས་ཞབས་ཞུ།

༢༠༢༥/༡༡/༡༥
Mobile App

བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ། 

༢༠༢༥/༡༡/༡༥
Mobile App

༧གོང་ས་མཆོག་ནས་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཏེ་ལོ་ངོ་ ༧༥ འཁོར་བའི་དུས་དྲན་གྱི་འགྲེམས་སྟོན།

༢༠༢༥/༡༡/༡༤
1,500-year-old Yongqing Temple in China hit by massive fire  on 12th November 2025.
Mobile App

མི་ལོ་ ༡༥༠༠ ལྷག་གི་ལོ་རྒྱུས་ལྡན་པའི་ནང་པའི་ལྷ་ཁང་ཞིག་མེས་འཚིགས། 

༢༠༢༥/༡༡/༡༤
Japan & China Exchange Barbs Over The Taiwan Conflict | Sanae Takaichi | N18G
Mobile App

ཉི་ཧོང་དང་རྒྱ་ནག་བར་རྩོད་རྙོག་བྱུང་།

༢༠༢༥/༡༡/༡༤
India operationalised its new Nyoma airbase close to the frontier with China
Mobile App

ལ་དྭགས་སུ་མཁའ་དམག་གི་རྟེན་གཞི་འཛུགས་སྐྲུན་བྱས།

༢༠༢༥/༡༡/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese